དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

“མཚོ་སྔོན་ནས་ཧོ་ནན་བར་གྱི་ཐད་རྒྱུག”ལས་གྲྭའི་ལེ་ལག་ཚང་བའི་གློག་ཁུངས་འཛུགས་སྐྲུན་བརྟན་པོའི་ངང་བྱེད་བཞིན་པ།

སྤེལ་དུས 2020-06-28 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
འདི་ནི་རྨ་ཆུའི་ཆུ་གློག་གི་ཆན་ཝ་ཁྲི་130ཡི་རླུང་ཤུགས་གློག་གཏོང་རྣམ་གྲངས་ཀྱི་ཟུར་ཞིག་ཡིན་པ། 
         མཚོ་སྔོན་ནས་ཧོ་ནན་བར་གྱི་ཆན་ཧྥུའུ་±800ཡི་ཆེས་གློག་ཆེན་གྱི་ཐད་རྒྱུག་གློག་གཏོང་ལས་གྲྭ(གཤམ་ལ“མཚོ་སྔོན་ནས་ཧོ་ནན་བར་གྱི་ཐད་རྒྱུག”ལས་གྲྭ་ཞེས་བསྡུ་རྒྱུ)ནི་འཛམ་གླིང་ཐོག་གི་ཆེད་མངགས་ནུས་ཁུངས་གཙང་མ་ཕྱི་འདྲེན་འཛུགས་སྐྲུན་གྱི་ཆེས་གློག་ཆེན་གྱི་སྐུད་ལམ་ཨང་དང་པོ་དེ་ཡིན་པ་རེད། མིག་སྔར་རྣམ་གྲངས་དེའི་ལེ་ལག་ཚང་བའི་གློག་ཁུངས་འཛུགས་སྐྲུན་བརྟན་པོའི་ངང་བྱེད་བཞིན་ཡོད་པ་དང་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་ཁོངས་གཏོགས་ཀྱི་རྨ་ཆུའི་ཆུ་གློག་ཀུང་སིའི་ཆན་ཝ་ཁྲི་220ཡི་ཀོང་ཕུའུ་གློག་གཏོང་རྣམ་གྲངས་དང་ཆན་ཝ་ཁྲི་130ཡི་རླུང་ཤུགས་གློག་གཏོང་རྣམ་གྲངས་ཀྱི་ལས་ཡུལ་དངོས་སུ་ཨར་ལས་མི་སྣས་ཛ་དྲག་ངང་ལས་ལ་བྲེལ་ཏེ“མཚོ་སྔོན་ནས་ཧོ་ནན་བར་གྱི་ཐད་རྒྱུག”ལས་གྲྭའི་ལེ་ལག་ཚང་བའི་གློག་ཁུངས་རྣམ་གྲངས་བདེ་བླག་ངང་སྤྱོད་ཐུབ་པ་བྱས་ཡོད། 
རྩོམ་སྒྲིག་པ། སངས་སྐྱབས།