དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

དབུལ་ཐར་ནི་གོམ་པ་དང་པོ་ཡིན།འཚོ་བ་སྐྱིད་པོ་རྗེས་ན་ཡོད།

སྤེལ་དུས 2020-06-28 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ།
         ཟླ6པའི་ཚེས16ཉིན་གྱི་སྔ་དྲོར། ཆར་བ་ཟམ་ཟིམ་འབབ་པའི་ཁྲོད་ལམ་འགྲམ་གྱི་ལམ་བྱང་དེད་དེ་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་རྫོང་ཝུའུ་ཧྲི་གྲོང་རྡལ་པན་ཡན་སྡེ་བར་སྐྱོད་དུས། ཞིང་སྡེ་གསར་པའི་འཚོ་བའི་རྣམ་པ་སྟུག་པོ་དེ་དངོས་གནས་ཅི་དགར་རོལ་མྱོང་བྱེད་ཐུབ།
         པན་ཡན་སྡེ་བ་ནི་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་རྫོང་གི་ཤར་ལྷོའི་མཚམས་སུ་ཡོད་ལ།ཕྱོགས་གང་ཐད་ནས་མི་རིགས་རིག་གནས་དང་སྲོལ་རྒྱུན་རིག་གནས་ཀྱི་མཁའ་དབུགས་ཧ་ཅང་སྟུག་པའི་ཧོར་རིགས་རྐྱང་རྐྱང་གི་སྡེ་བ་ཞིག་ཀྱང་རེད།
         སྤྱིར་པན་ཡན་ཞེས་པ་ཧོར་སྐད་དུ་འབྱོར་ཕྱུག་དང་བདེ་སྐྱིད་ཀྱི་དོན་ཡིན་མོད།ཡིན་ཡང་སྡེ་བ་འདི་གའི་མི་རྣམས་ཀྱིས་ལོ་ངོ་དུ་མའི་རིང་ལ་ས་བབ་ཀྱི་ཆ་རྐྱེན་མི་ལེགས་པ་དང་རང་བྱུང་གི་ཁོར་ཡུག་བཙོག་པ།རྒྱུན་དུ་ཐན་སྐྱོན་ལ་འཕྲད་པ།ཐོན་སྐྱེད་མི་ལེགས་པ་སོགས་ཀྱི་དབང་གིས་ཐེབས་ཆག་གི་འཚོ་བ་རོལ་བ་ལས་བདེ་སྐྱིད་ཀྱི་འཚོ་བ་ཞེས་པ་དེ་ནི་མིང་ཙམ་དུ་ཟད་ལ།དབུལ་ཕོངས་ཀྱི་རྩ་བ་ཟབ་པའི་རྣམ་པ་དེའང་བསྒྱུར་ཐབས་བྲལ་བ་རེད།
         ཉེ་བའི་ལོ་འགའི་རིང་ལ།ཏང་ཀྲུང་དབྱང་གི་གནད་ཁེལ་དབུལ་སྐྱོར་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་དང་ས་གནས་མང་ཚོགས་ཀྱིས་འབད་པ་ལྷུར་ལེན་བྱས་པ་བརྒྱུད། པན་ཡན་སྡེ་བ་དེ་སྔོན་གྱི་རི་ཁུལ་ནས་གཞོང་ཐང་ལ་སྤར་བས། ད་ལྟའི་པན་ཡན་སྡེ་གསར་དུ“ཕྱིར་བགྲོད་དཀའ་བ་དང་སློབ་གྲྭར་འགྲོ་དཀའ་བ། ཆུ་འཐུང་དཀོན་པ། ནད་སྟོན་དཀའ་བ། ལས་ཀ་བཙལ་དཀའ་བ། མནའ་མ་ལེན་དཀའ་བ”་སོགས་ཀྱིས་སྡེ་བའི་འཕེལ་རྒྱས་ལ་བཀག་རྒྱ་དང་ཤུགས་རྐྱེན་ཚབས་ཆེན་ཐེབས་པའི་གནད་དོན་མ་ལུས་ཐག་གཅོད་བྱས་པར་མ་ཟད། ལྷག་པར་དུ2016ལོའི་ཟླ8པའི་ཚེས23ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འཛུགས་སྐྲུན་བྱེད་བཞིན་པའི་པན་ཡན་སྡེ་གསར་དུ་ཕེབས་ནས། ཞིང་ཁྱིམ་གྱི་གནས་ཚུལ་དང་དབུལ་སྐྱོར་ཞིབ་བཤེར། འཆར་གཞི་བཅས་དྲིར་པར་མ་ཟད། ས་གནས་གཞན་དུ་དབུལ་སྐྱོར་གནས་སྤོ་དང་ཐོན་ལས་འཕེལ་རྒྱས་གཏོང་བ་སོགས་ཀྱི་བྱ་བར་མཛུབ་སྟོན་གལ་ཆེན་གནང་བ་རེད།
         པན་ཡན་སྡེ་བའི་སྡེ་དམངས་རྣམས་སྡེ་གསར་དུ་གནས་སྤར་རྗེས་ཕྱུག་འགྱུར་གྱི་ཐབས་ལམ་བཙལ་ནས་སྡེ་བའི་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་སྔ་ན་མེད་པ་བྱུང་ཡོད།ད་ལྟ་སྡེ་བའི་ག་ས་གང་དུ་མཐུན་སྒྲིལ་མཉམ་གནས་དང་བདེ་སྡོད་ལས་བརྩོན།འབད་བརྩོན་གོང་འཕེལ་གྱི་རྣམ་པ་མངོན་འདུག
         གསར་འགོད་པས་གྲ་དག་ཅིང་བསྟར་བསྒྲིགས་པའི་པན་ཡན་སྡེ་གསར་གྱི་རྨང་གཞི་སྒྲིག་བཀོད་འཐུས་ཚང་ཞིང་། ཞིང་སྡེའི་རིག་གནས་དང་ཐོན་སྐྱེད་འཚོ་བ།རིག་གནས་ཡུལ་སྐོར་བཅས་གཞི་གཅིག་ཏུ་འདྲེས་པའི་ཞིང་སྡེ་གསར་པའི་སྣུམ་ཡུག་ཡུག་གི་སྲང་ལམ་དེ་དེད་ནས་སོང་མཐར།ཞིང་སྡེའི་ཡུལ་སྐོར་པ་སྣེ་ལེན་ཁྱིམ་ཚང་ལུའི་ཡིའུ་ཞན་གྱི་ཞིང་པའི་སྤྲོ་ཁྱིམ་ཁང་ལ་སླེབས། འདི་ནི་ཁོ་བཟའ་མི་གང་པོས་མཉམ་དུ་ལས་གཉེར་བྱེད་པ་དང་།མནའ་མ་ཟ་ཁང་གི་ཕྱི་ནང་དུ་ཕར་འགྲོ་ཚུར་རྒྱུག་བྱས་ཏེ་མགྲོན་པོ་སྣེ་ལེན་བྱེད་པ་དང་། བུས་ཇ་ཁང་ནང་དུ་ཟ་མ་གཡོས་སྦྱོར་བྱེད་པའི་རྣམ་པ་དེ་ཧ་ཅང་བྱང་ཆ་ལྡན་པ་ཞིག་རེད། དེའི་འཁྲིས་སུ་ལངས་པའི་ལུའི་ཡིའུ་ཞན་གྱིས་གསར་འགོད་པར་བཤད་རྒྱུར།“ཞིང་པའི་སྤྲོ་ཁྱིམ་ཁང་འདི་གཉེར་བ་ནས་བཟུང་། ཚོང་ཧ་ཅང་བཟང་གི། བུ་དང་མནའ་མ་གཉིས་ཀྱང་སྲི་ཞུ་ཆེ་བས་ངེད་རྒན་རྒོན་གཉིས་ལ་ལས་ཀ་ལས་སུ་མི་འཇུག་གི། འཚོ་བ་ཉིན་རེ་ནས་ཉིན་རེར་ཇེ་བཟང་རེད”ཟེར།
         ཧོར་རིགས་ཀྱི་འཚེམ་དྲུབ་ནི་མི་རིགས་ཁྱད་ཆོས་ཀྱི་ཕྱུག་ཅིང་བརྗོད་བྱ་མང་བ། ནང་དོན་ཕུན་སུམ་ཚོགས་པ་ཞིག་རེད། ཐོན་རྫས་གཙོ་བོ་ཧོར་རིགས་ཀྱི་མགོ་རྒྱན་དང་སྐེ་རགས། ལྷམ་དང་དུ་ཁུག རྒྱབ་ཁུག་སོགས་ཡོད། 2006ལོར་ཧོར་རིགས་ཀྱི་འཚེམ་དྲུབ་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཏུ་བདམས་ཡང་ཚོང་ལམ་མེད་པས་གྲུབ་འབྲས་དེ་འདྲ་ལེགས་པོ་ཞིག་མ་རེད། 2018ལོར། པན་ཡན་སྡེ་བས་ཧོར་རིགས་ཀྱི་འཚེམ་དྲུབ་མཉམ་ལས་ཁང་རྩ་འཛུགས་བྱས་ཏེ་གློག་རྡུལ་ཚོང་དོན་ལ་མཉམ་འབྲེལ་བྱས་ཤིང་། འཚེམ་དྲུབ་རིམ་བཞིན་མི་རིགས་ཀྱི་ཁྱད་ལྡན་ཐོན་ལས་སུ་གྱུར་ནས་སྡེ་བ་ཡོངས་ཀྱི་བུད་མེད145ལས་ཞུགས་བྱེད་པར་སྣེ་ཁྲིད་པར་མ་ཟད། འཚེམ་དྲུབ་ཐོན་རྫས་དེ་ཞིང་ཆེན་ཕྱི་ནང་དང་ཕྱི་རྒྱལ་ལ་ཕྱིར་འཚོང་བྱེད་བཞིན་ཡོད། ད་ལྟ་འཚེམ་བཟོ་པ་ཚོས་སྲོལ་རྒྱུན་འཚེམ་དྲུབ་ལས་གཞན་ད་དུང་མི་རིགས་གྱོན་ཆས་ལས་སྣོན་བྱེད་པའི་ལས་ཀའང་འགན་ལེན་བྱས་ཡོད། དེ་མིན་འཚེམ་དྲུབ་སོགས་ཀྱི་ཐོན་རྫས་ཚོང་རྟགས་ཐོ་འགོད་བྱས་ནས་ཁྱད་ལྡན་ཐོན་རྫས་དེ་ཚོང་རྟགས་ཅན་དང་ཐོན་ལས་ཅན་གྱི་འཕེལ་རྒྱས་ལམ་བུ་འཚོལ་ཞིབ་བྱེད་བཞིན་ཡོད།
         རིམ་བཞིན་ཕྱུག་པོར་གྱུར་པའི་པན་ཡན་སྡེ་བའི་སྡེ་དམངས་ཚོའི་མཐུན་སྒྲིལ་གྱི་ལག་ཟུང་དམ་དུ་སྦྲེལ་ཅིང་ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་མ་འོངས་པའི་བདེ་སྐྱིད་ཀྱི་འཚོ་བའི་དོན་དུ་འབད་བརྩོན་བྱེད་བཞིན་མཆིས།
རྩོམ་སྒྲིག་པ། སངས་སྐྱབས།