དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

སྡེ་ཚན་བཞིས་སློབ་གྲྭའི་བཟའ་བཅའ་བདེ་འཇགས་སྲུང་སྐྱོང་གི་བྱ་སྤྱོད་མཉམ་འབྲེལ་ཐོག་སྤེལ་རྒྱུ་ཡིན་པ།

སྤེལ་དུས 2020-06-28 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། སློབ་གསོ་པུས་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་དང་། སྤྱི་བདེ་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བཅས་དང་མཉམ་འབྲེལ་ཐོག《སློབ་གྲྭའི་བཟའ་བཅའི་བདེ་འཇགས་སྲུང་སྐྱོང་གི་བྱ་སྤྱོད་ཇུས་གཞི(2020—2022ལོ)》བཀྲམ་ནས། 2020ནས་2022ལོ་བར་གྱི་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི་ལྟ་འདོམས་ལས་དོན་སྤེལ་རྒྱུའི་བཀོད་སྒྲིག་བྱས་པ་རེད།
        བྱ་སྤྱོད་ཇུས་གཞིའི་ནང་ས་གནས་ཁག་གིས་སློབ་ཕྱིའི་བཟའ་བཅའ་མཁོ་འདོན་ཚན་པའི་བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དང་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི་སློབ་སྤྱིའི(ཡོན་ཀྲང)འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ལྟ་འདོམས་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱས་ནས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་བཅོས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་པ་རེད།
        བྱ་སྤྱོད་ཇུས་གཞིའི་ནང་བཏོན་དོན། སློབ་ཕྱིའི་བཟའ་བཅའ་མཁོ་འདོན་ཚན་པས་བཟའ་བཅའི་མ་བཅོས་རྒྱུ་ཆ་མཁོ་འདོན་ཚོང་པ་གདམ་གསེས་ནན་ཏན་བྱས་ཏེ་བཟའ་བཅའི་མ་བཅོས་རྒྱུ་ཆ་ཉོ་འདྲེན་ཞིབ་དཔྱད་ཚད་ལེན་གྱི་བླང་བྱ་ལག་བསྟར་ནན་པོ་བྱེད་དགོས་པ་དང་། རང་འགུལ་ངང་ལྟ་འདོམས་དང་ལེན་བྱས་ཏེ་སློབ་གྲྭ་དང་། ཁྲོམ་ར་ལྟ་འདོམས་སྡེ་ཚན། སློབ་གསོ་སྡེ་ཚན་བཅས་ལ་བཟའ་བཅའི་མ་བཅོས་རྒྱུ་ཆ་ཉོ་སྒྲུབ་དང་ལས་སྣོན་བྱེད་པའི་ཆ་འཕྲིན་ཡོངས་བསྒྲགས་བྱེད་དགོས། དུས་བཀག་ལྟར་སྤོམ་ཆེའི་བཟའ་བཅའི་མ་བཅོས་རྒྱུ་ཆ་དང་། ཟ་སྣོད་འཐུང་ཆས་གཙང་འཁྲུད་དུག་སེལ་གྱི་ཕན་འབྲས་སོགས་ལ་ཞིབ་དཔྱད་ཚད་ལེན་བྱེད་དགོས། སློབ་གྲྭས་ཁ་གསལ་དང་བཀོལ་སྤྱོད་ཆོག་པའི་སློབ་གྲྭའི་བཟའ་བཅའི་བདེ་འཇགས་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་དང་བཟའ་བཅའི་བདེ་འཇགས་ཀྱི་རང་བཤེར་ལམ་ལུགས་དང་རང་བཤེར་འཆར་གཞི་བཟོ་བ་དང་འབྲེལ་དོན་འཁྱོལ་ནན་པོ་བྱེད་དགོས། ཤ་དང་། སྒོ་ང། འོ་མ། གྲོ་ཞིབ། སྣུམ་སོགས་བཟའ་བཅའི་མ་བཅོས་རྒྱུ་ཆ་གཙོ་གནད་དུ་བྱས་ཏེ་སྤོམ་ཆེའི་བཟའ་བཅའ་ཡོངས་བསྒྲགས་ངང་འོས་སྐུལ་དང་གཅིག་སྡུད་ཀྱིས་གནད་གཏན་འཁེལ་གྱི་ཉོ་སྒྲུབ་ལམ་ལུགས་ལག་བསྟར་བྱེད་དགོས། ཟ་ཁང་གི“ཐབ་ཚང་ཕྱི་གསལ་ནང་གསལ”ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཤིང་། སློབ་གྲྭའི་འགན་འཁུར་བས་ལྟོ་ཆས་མཉམ་དུ་ཟ་བའི་ལམ་ལུགས་འཛུགས་པ་དང་འབྲེལ་དོན་འཁྱོལ་ཡང་བྱེད་དགོས། སློབ་གྲྭའི་ཟ་ཁང་འགན་གཙང་གཏོང་བའམ་ཡང་ན་གཉེར་སྐྱོང་དོ་དམ་མངགས་བཅོལ་བྱེད་པར་ཤུགས་སྣོན་རྒྱག་དགོས། སློབ་གྲྭར་སྔོན་ཐོན་གྱི་དོ་དམ་མ་ལག་བཙུགས་ནས་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྐུལ་མ་གཏོང་དགོས།
རྩོམ་སྒྲིག་པ། སངས་སྐྱབས།