དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ལྷོ་ཕྱོགས་ས་ཁུལ་གྱི་ཆུ་ལོག་དང་ཞོད་སྐྱོན་ལས་མི་ཐེངས་ཁྲི1216ལ་གནོད་འཚེ་ཕོག་པ།

སྤེལ་དུས 2020-06-30 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
           ཉེ་ཆར། ལྷོ་ཕྱོགས་ཀྱི་ས་ཁུལ་མང་པོར་གཞི་ཁྱོན་ཆེ་བའི་དྲག་ཆར་བབས་པ་དང་། ས་ཁུལ་ཁག་གཅིག་ཏུ་དྲག་ཆར་བབས་ནས་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཐོན་པ་དང་། ས་གཤིས་གནོད་འཚེ་ཐོན་མང་ལ་ཁྱབ་རྒྱ་ཆེ་བ། གྱོང་གུན་ཚབས་ཆེན་ཕོག་པ་བཅས་རེད། གསར་འགོད་པར་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཚེས་28ཉིན་རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ལྷན་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་ཉེ་ཆར་སི་ཁྲོན་དང་། ཀུའེ་ཀྲོའུ། ཧུའུ་ནན་བཅས་སུ་དྲག་ཆར་བབས་ནས་ཆུ་ལོག་དང་ཞོད་སྐྱོན་སོགས་ཀྱི་གནོད་འཚེ་ཚབས་ཆེན་ཐོན་པར་དམིགས་ཏེ་རྒྱལ་ཁབ་ཀྱི་IVརིམ་པའི་གེགས་སེལ་འཕྲལ་སྡོམ་གྱི་བརྡ་ལན་ཛ་དྲག་ངང་བཏང་བ་དང་། ལས་དོན་ཚོགས་ཆུང་གནོད་འཚེ་ཚབས་ཆེན་ཐོན་ཁུལ་དུ་མངགས་ཏེ་གནོད་འཚེ་ཐོན་ཚུལ་ལ་ས་གནས་ས་ཐོག་ཏུ་ལྟ་ཞིབ་དང་ས་གནས་ཀྱིས་འབྲུབ་འགོག་གེགས་སེལ་ལས་དོན་ཡག་པོ་སྒྲུབ་རྒྱུར་མཛུབ་ཁྲིད་དང་གཞོགས་འདེགས་བྱས་པ་རེད།
           བསྡོམས་རྩིས་བྱས་པར་གཞིགས་ན། ཟླ་6པ་ཚུན་དུ་རང་རྒྱལ་གྱི་ལྷོ་ཕྱོགས་ས་ཁུལ་གྱི་ཆུ་ལོག་དང་ཞོད་སྐྱོན་ལས་ཀོང་ཤིས་དང་། ཀུའེ་ཀྲོའུ། ཧུའུ་ནན། སི་ཁྲོན། ཅང་ཤིས་སོགས་ཀྱི་ཞིང་ཆེན(ཆུས་དང་གྲོང་ཁྱེར)13གྱི་མི་ཐེངས་ཁྲི་1216ལ་གནོད་འཚེ་ཕོག་པ་དང་། མི་78རྐྱེན་ལམ་དུ་ཤོར་བ་དང་གར་སོང་ཆ་མེད་དུ་གྱུར་པ། མི་ཐེངས་ཁྲི་72.9ཛ་དྲག་ངང་གནས་སྤོ་བཀོད་སྒྲིག་བྱས་པ། སྡོད་ཁང་8000ལྷག་ཙམ་བརྡིབས་པ་དང་སྡོད་ཁང་ཁྲི་9.7ལ་ཚད་གཞི་མི་འདྲ་བའི་གནོད་སྐྱོན་ཕོག་ནས་ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་257ཕོག་ཡོད་པ་རེད།
           ཆུ་ལོག་གི་གནོད་འཚེ་ཚབས་ཆེན་གྱི་མདུན་དུ་འཕྲལ་སྡོམ་དོ་དམ་པུས་གྲོས་མོལ་བཀོད་གཏོང་ཐེངས་མང་སྒྲིག་འཛུགས་བྱས་ཏེ་དུས་ཐོག་ཏུ་འཕྲལ་སྡོམ་བརྡ་ལན་ལམ་སྲོལ་ལག་བསྟར་བྱེད་འགོ་བཙུགས་ནས་མེ་ཟོན་རོགས་སྐྱོབ་རུ་ཁག་ཆུ་འགོག་ཉེན་སེལ་ལས་དོན་ནང་ཞུགས་རྒྱུར་བཀོད་སྒྲིག་བྱས་པ་རེད། དུས་གོང་འཕྲལ་སྡོམ་དོ་དམ་པུས་ནོར་སྲིད་པུའུ་དང་མཉམ་དུ་ཀུའེ་ཀྲོའུ་དང་། ཀོང་ཤིས། ཀོང་ཏུང་སོགས་ཞིང་ཆེན(རང་སྐྱོང་ལྗོངས)3ལ་འབྲུབ་འགོག་ཐན་འགོག་གི་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་2སྤྲད་པ་དང་། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་དང་མཉམ་འབྲེལ་ཐོག་ཀོང་ཤིས་ལ་གུར་དང་ཉལ་ཁྲི་སོགས་ཀྲུང་དབྱང་གི་གེགས་སེལ་དངོས་རྫས་སྤྲད་པ་རེད། ཉེ་ཆར་ལས་དོན་ཚོགས་ཆུང་3ཁ་སྣོན་གྱིས་སི་ཁྲོན་དང་། ཁྲུང་ཆིང་། ཀུའེ་ཀྲོའུ་སོགས་གཙོ་གནད་ས་ཁུལ་དུ་འབྲུབ་འགོག་དང་ཆུ་ལོག་འགོག་པའི་ལས་དོན་ལ་མཛུབ་ཁྲིད་བྱེད་པར་མངགས་པ་རེད།  །