དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་ནང་སའི་གྲོང་ཁྱེར་དགུ་རུ་ཤང་ཀང་གི་ཁྲིམས་ལུགས་ལས་གཉེར་བ་དང་ཨའོ་མོན་གྱི་ལས་གཉེར་ཁྲིམས་རྩོད་པར་ནང་སའི་ལས་གཉེར་འོས་ཐོབ་ལག་ཁྱེར་ཐོབ་པར་བྱ་རྒྱུ་དང་ཁྲིམས་རྩོད་ལས་ཀ་བྱ་རྒྱུའི་ཚོད་ལྟའི་ལས་དོན་སྤེལ་བའི་དབང་ཆ་སྤྲད་པ།

སྤེལ་དུས 2020-08-13 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
        ཚེས་11ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གཅིག་པའི་ཐོག《རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་ནང་སའི་གྲོང་ཁྱེར་དགུ་རུ་ཤང་ཀང་གི་ཁྲིམས་ལུགས་ལས་གཉེར་བ་དང་ཨའོ་མོན་གྱི་ལས་གཉེར་ཁྲིམས་རྩོད་པར་ནང་སའི་ལས་གཉེར་འོས་ཐོབ་ལག་ཁྱེར་ཐོབ་པར་བྱ་རྒྱུ་དང་ཁྲིམས་རྩོད་ལས་ཀ་བྱ་རྒྱུའི་ཚོད་ལྟའི་ལས་དོན་སྤེལ་བའི་དབང་ཆ་སྤྲོད་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གཏན་འབེབས》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་དང་། ཧྲེན་ཀྲེན་གྲོང་ཁྱེར། ཀྲུའུ་ཧའེ་གྲོང་ཁྱེར། ཧྥོ་ཧྲན་གྲོང་ཁྱེར། ཧུའེ་ཀྲོའུ་གྲོང་ཁྱེར། ཏུང་དབན་གྲོང་ཁྱེར། ཀྲུང་ཧྲན་གྲོང་ཁྱེར། ཅང་མོན་གྲོང་ཁྱེར། ཀྲའོ་ཆིང་གྲོང་ཁྱེར་བཅས་སུ་ཤང་ཀང་གི་ཁྲིམས་ལུགས་ལས་གཉེར་བ་དང་ཨའོ་མོན་གྱི་ལས་གཉེར་ཁྲིམས་རྩོད་པར་ནང་སའི་ལས་གཉེར་འོས་ཐོབ་ལག་ཁྱེར་ཐོབ་པར་བྱ་རྒྱུ་དང་ཁྲིམས་རྩོད་ལས་ཀ་བྱ་རྒྱུའི་ཚོད་ལྟའི་ལས་དོན་སྤེལ་བའི་དབང་ཆ་སྤྲད་པ་རེད། ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་མངགས་ལྟར། ཁྲིམས་འཛིན་པུའི་པུའུ་ཀྲང་ཐང་དབྱི་ཅུན་གྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གཅིག་པའི་ཐོག་གཏན་འབེབས་འཆར་ཟིན་སྐོར་གྱི་གསལ་བཤད་བྱས་པ་རེད།
《གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད》དང་2019ལོར་བཟོ་བཅོས་བརྒྱབ་པའི《〈ནང་ས་དང་ཤང་ཀང་དབར་ཚོང་དོན་འབྲེལ་བ་དེ་བས་དམ་པོ་ཞིག་འཛུགས་རྒྱུའི་སྐོར་གྱི་བཀོད་སྒྲིག〉ཚོང་དོན་ཞབས་ཞུའི་གྲོས་དོན》དང《〈ནང་ས་དང་ཨའོ་མོན་དབར་ཚོང་དོན་འབྲེལ་བ་དེ་བས་དམ་པོ་ཞིག་འཛུགས་རྒྱུའི་སྐོར་གྱི་བཀོད་སྒྲིག〉ཚོང་དོན་ཞབས་ཞུའི་གྲོས་དོན》དོན་འཁྱོལ་བྱས་ཏེ། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཤང་ཀང་གི་ཁྲིམས་ལུགས་ལས་གཉེར་བ་དང་ཨའོ་མོན་གྱི་ལས་གཉེར་ཁྲིམས་རྩོད་པའི་ཆེད་ལས་ནུས་པ་འདོན་སྤེལ་བྱེད་ཆེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་དང་། ཧྲེན་ཀྲེན་གྲོང་ཁྱེར། ཀྲུའུ་ཧའེ་གྲོང་ཁྱེར། ཕུའུ་ཧྲན་གྲོང་ཁྱེར། ཧུའེ་ཀྲོའུ་གྲོང་ཁྱེར། ཏུང་དབན་གྲོང་ཁྱེར། ཀྲུང་ཧྲན་གྲོང་ཁྱེར། ཅང་མོན་གྲོང་ཁྱེར། ཀྲའོ་ཆིང་གྲོང་ཁྱེར་བཅས་སུ་ཚོད་ལྟའི་ལས་དོན་སྤེལ་བའི་དབང་ཆ་སྤྲད་ཡོད། ཆ་རྐྱེན་དང་མཐུན་པའི་ཤང་ཀང་གི་ཁྲིམས་ལུགས་ལས་གཉེར་བ་དང་ཨའོ་མོན་གྱི་ལས་གཉེར་ཁྲིམས་རྩོད་པས་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་ཁྲིམས་རྩོད་ལས་གཉེར་ཡིག་རྒྱུགས་ནང་ཞུགས་པ་བརྒྱུད། ནང་སའི་ལས་གཉེར་འོས་ཐོབ་ལག་ཁྱེར་ཐོབ་རིགས་ཀྱིས་ཁྱབ་ཁོངས་ངེས་ཅན་ནང་གི་ནང་སའི་ཁྲིམས་ལུགས་ལས་དོན་ནང་ཞུགས་ཆོག ཚོད་ལྟའི་བྱ་ཐབས་ཞིབ་ཕྲ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ལ་ཕབ་རྗེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་ཐོ་འགོད་སྙན་སེང་ཞུ་རྒྱུ་རེད། ཚོད་ལྟའི་དུས་བཀག་ལོ་གསུམ་ཡིན་པ་དང་ཚོད་ལྟའི་ལག་ལེན་བྱ་ཐབས་པར་འགྲེམས་བྱས་པའི་ཉིན་ནས་བཟུང་རྩིས་རྒྱག་རྒྱུ་རེད།
རྩོམ་སྒྲིག་པ། སངས་སྐྱབས།