དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

གླ་པས་ལས་གནས་སུ་ལོ་གསར་གཏོང་བར་སྐུལ་ལྕག་བྱས་པ།

སྤེལ་དུས 2021-01-18 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟན་དོན་འཁྱོལ་བྱས་ནས། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་སླ་པོར་ཐོབ་པ་ཞིག་མིན་པའི་གྲུབ་འབྲས་བརྟན་དུ་གཏོང་ཆེད། མི་སྤྱི་པུའུ་དང་། བཟོ་འཕྲིན་པུའུ། དམངས་སྲིད་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་སྡེ་ཚན་བདུན་གྱིས་བརྡ་ཐོ་བཀྲམ་ནས། ཟླ་1ཚེས་21ཉིན་ནས་ཟླ་3པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ“དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུས་ནས་དྲོ་སྐྱིད་སྦྱིན། ལས་གནས་བརྟན་པོ་དང་ལས་མི་ཉར་བའི”ཆེད་དོན་བྱ་སྤྱོད་སྤེལ་ཏེ། ཞིང་པ་ལས་མི་སོགས་གླ་པ་ལས་གནས་སུ་བློ་བདེ་པོས་ལོ་གསར་གཏོང་བ་དང་། གཙོ་གནད་ཁེ་ལས་དང་དཔྱིད་གསར་དུས་ཆེན་རིང་ལས་མི་མཁོ་བའི་མི་སྤྱོད་ཚན་པར་ལས་མིའི་དགོས་མཁོ་འགན་ལེན་དང་གྲོང་གསེབ་ཀྱི་ངལ་ནུས་དཔྱིད་གསར་དུས་ཆེན་བཏང་རྗེས་ཕྱིར་གོ་རིམ་ལྡན་པའི་ངང་གླ་པར་འགྲོ་བའི་སྒྲིག་འཛུགས་བྱས་ཏེ་ལས་མིའི་བདེ་ཐང་གི་བདེ་འཇགས་དང་། ཁེ་ལས་ཀྱི་ཐོན་སྐྱེད་གོ་རིམ་ལྡན་པ། ལས་ཞུགས་དུས་བབ་སྤྱིའི་ཆ་ནས་བརྟན་པོ་བཅས་འགན་ལེན་བྱེད་དགོས་པའི་སྐུལ་ལྕག་བྱས་ཡོད་པ་རེད།
          བྱ་སྤྱོད་སྤེལ་རིང་། ས་གནས་ཁག་གིས་རྣམ་པ་སྣ་ཚོགས་ཀྱི་ཞབས་འདེགས་བྱེད་སྒོ་སྤེལ་མཁན་ཡིན་ཞིང་། དྲོ་སྐྱིད་སྦྱིན་ནས་མི་སེམས་འགུག་ཐབས་བྱེད་པ་དང་། “དྲོ་སྐྱིད་སྦྱིན་སྟངས”སྣ་ཚོགས་དང་མཉམ་དུ་ལོ་གསར་གཏོང་བའི་བྱེད་སྒོ་སྒྲིག་འཛུགས། ཁེ་ལས་ནས“ལས་སྡོད་ཤོག་ཆག”དང“ལོ་གསར་གྱི་ལག་རྟགས”སྤྲོད་པའི་སྐུལ་ལྕག རིག་གནས་རོལ་རྩེད་བྱེད་སྒོ་བཀོད་སྒྲིག གླ་ཆ་དང་འཁོར་ཞག་སོགས་ཀྱི་ཐོབ་ཐང་འགན་ལེན་དོན་འཁྱོལ་ཡག་པོ། བཟའ་བཏུང་ཁང་དང་སྒོ་རྩིས་ཚོང་ཁང་། སྨན་བཅོས་འཕྲོད་བསྟེན། བདེ་འཇགས་བཅོས་སྐྱོང་གི་མེ་ཟོན་སོགས་ཀྱི་ཞབས་འདེགས་མ་ཆད་པ་བཅས་བྱས་ཏེ་གླ་པ་ལས་གནས་སུ་བློ་བདེ་པོས་དཔྱིད་གསར་དུས་ཆེན་གཏོང་དུ་འཇུག་མཁན་རེད། སྲིད་ཇུས་བཟང་པོ་བཏོན་ནས་ལས་མི་ལས་གནས་སུ་གནས་ཐུབ་པ་བྱ་རྒྱུ་དང་། ཁེ་ལས་ལ་ཐོན་སྐྱེད་དང་འཚང་ཁར་གཡོལ་བའི་ངལ་གསོ་བཀོད་སྒྲིག་ལུགས་མཐུན་ལ་ཁྲིད་སྟོན་བྱས་ནས་ལས་མིར་གླ་ཆ་སྤྲད་དེ་ལས་གནས་སྟོང་པ་མི་ལུས་པ་བྱ་རྒྱུ། ལས་ཤོར་འགན་བཅོལ་གྱི་ལས་གནས་བརྟན་པོའི་ཕྱིར་སློག་དངུལ་དང་ལས་རིགས་གསོ་སྦྱོང་གི་ཁ་གསབ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ་ཁེ་ལས་ལ་ལས་མི་མི་འཕྲིའམ་ཉུང་ཙམ་འཕྲི་བའི་ཁྲིད་སྟོན་བྱ་རྒྱུ། ཁ་གསབ་ཚད་གཞི་འོས་འཚམ་མཐོ་རུ་བཏང་ནས་ཉེན་ཁ་ཆེ་འབྲིང་ས་ཁུལ་དང་གཙོ་གནད་ལས་རིགས་སུ་ལས་ཀ་བྱེད་ཀྱིན་གསོ་སྦྱོང་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། ཐོན་སྐྱེད་བརྟན་པོ་བྱས་ནས་ལས་མི་གནས་ཐུབ་པ་བྱ་རྒྱུ། གཙོ་གནད་ཁེ་ལས་ཀྱི་མི་སྤྱོད་བཀོད་གཏོང་འགན་ལེན་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་ནས་དུས་མཚམས་རང་བཞིན་གྱི་མི་དགོས་མཁོ་ཆེ་བའི་ཁེ་ལས་དང་ཐོན་སྐྱེད་མི་འདང་བ་དང་ངལ་ནུས་ལྷག་མ་ཅུང་མང་བའི་ཁེ་ལས་ལ་ལས་མི་ལྷག་འཕྲོ་བཀོད་གཏོང་བྱེད་པར་རྒྱབ་སྐྱོར་དང་། རིམས་ནད་ཀྱི་དུག་སེལ་དང་སྡེ་ཁུལ་གྱི་ཞབས་ཞུའི་གནས་སྐབས་རང་བཞིན་གྱི་ལས་གནས་བཀོད་སྒྲིག་བྱས་ཏེ་ཆ་རྐྱེན་ཡོད་པའི་ས་ཁུལ་གྱིས་དཔྱིད་གསར་དུས་ཆེན་རིང་བསྟུད་མར་ཐོན་སྐྱེད་བྱེད་མཁན་གཙོ་གནད་ཁེ་ལས་ལ་རྒྱབ་སྐྱོར་འོས་འཚམ་བྱ་རྒྱུ། ཞབས་འདེགས་ཡག་པོ་ཞུས་ནས་ལས་མི་གནས་ཐུབ་པ་བྱ་རྒྱུ། དྲ་ཐོག་དྲ་ཕྱིའི་ཞབས་འདེགས་མུ་མཐུད་ཞུས་ནས་ཐེངས་གྲངས་མང་བ་དང་། ལས་རིགས་དབྱེ་བ། ལས་གནས་དབྱེ་བ་བཅས་ཀྱིས་ཁྱད་ཆོས་དམིགས་བསལ་ལྡན་པའི་ཆེད་དོན་ལས་མི་བསྡུ་བའི་འདུ་ཚོགས་འཚོགས་ཏེ་མི་དང་ལས་གནས་འཚམ་པ་དང་གནད་སྨིན་ཞབས་འདེགས་ལ་ཤུགས་སྣོན་རྒྱག་རྒྱུ། ཆ་རྐྱེན་ཚང་བའི་མིར་ལས་ཤོར་འགན་བཅོལ་གྱི་ཐོབ་ཐང་དང་གནས་སྐབས་ཀྱི་འཚོ་བའི་ཁ་གསབ་སྤྲད་དེ་དཀའ་ངལ་ཡོད་པའི་མང་ཚོགས་རེ་བ་ཞུ་ས་མེད་པའི་གནས་ཚུལ་མི་ལྷག་པ་བྱ་རྒྱུ་རེད།
          གཞན་ཡང་ས་གནས་ཁག་གིས་ད་དུང“དཔྱིད་རླུང་བྱ་སྤྱོད”སྤེལ་ནས་ཞིང་པ་ལས་མི་སོགས་གླ་པ་དཔྱིད་གསར་དུས་ཆེན་བཏང་རྗེས་གོ་རིམ་ལྡན་པའི་ངང་ལས་གནས་སུ་ལོག་ནས་ལས་འགོ་བསྐྱར་ཚུགས་ལ་སྐུལ་འདེད་བཏང་སྟེ་ཐག་ཉེ་ས་དང་ས་གནས་དེ་རང་གི་ལས་ཞུགས་བརྟན་དུ་གཏོང་བ་དང་། མི་འབོར་དབུལ་པོ་དང་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་སོགས་གཙོ་གནད་རོགས་སྐྱོར་བྱེད་སར་སྔོན་ལ་ཕྱིར་གླ་པར་འགྲོ་བར་རྒྱབ་སྐྱོར་དང་། སྔོན་ལ་ལས་ཞུགས་ཐུབ་པ། སྔོན་ལ་ཐ་སྐྱོང་རོགས་སྐྱོར་བཅས་བྱ་རྒྱུ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།