དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

རང་རྒྱལ་གྱི་གྲོང་གསེབ་ཀྱི་གྲོང་མི་ཁྲི་སྟོང་མང་པོ་ཧྥུལ་ཚད་ལས་བརྒལ་བའི་ཆུ་དང་བ་ཚྭ་ཅན་གྱི་ཆུ་འཐུང་བའི་ལོ་རྒྱུས་མཇུག་འགྲིལ་བ།

སྤེལ་དུས 2021-01-18 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          གསར་འགོད་པས་ཚེས་14ཉིན་ཆུ་བེད་པུའུ་ནས་ཤེས་རྟོགས་བྱས་པར། 2020ལོའི་ལོ་མཇུག་བར་རང་རྒྱལ་གྱི་གྲོང་གསེབ་ཀྱི་མི་འབོར་དུང་ཕྱུར་2.7གྱི་ཆུ་མཁོ་འདོན་འགན་ལེན་གྱི་ཚད་གཞི་མཐོ་རུ་སོང་བའི་ནང་མི་འབོར་དབུལ་པོ་ཁྲི་1710ཡི་འཐུང་ཆུའི་བདེ་འཇགས་དང་མི་འབོར་ཁྲི་1095ཡི་འཐུང་ཆུར་ཧྥུལ་ཚད་ལས་བརྒལ་བ་དང་བ་ཚྭ་ཅན་གྱི་ཆུའི་གནད་དོན་ཐག་གཅོད་ཐུབ་ཡོད།
          འཐུང་ཆུར་ཧྥུལ་ཚད་ལས་བརྒལ་བའི་ཐད་2018ལོའི་ཟླ་10པར་ཧོ་པེ་ཞིང་ཆེན་དུ་གྲོང་གསེབ་ཀྱི་མི་འབོར་ཁྲི་276.2ཀྱི་འཐུང་ཆུར་ཧྥུལ་ཚད་ལས་བརྒལ་བའི་གནད་དོན་དེ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། འབད་བརྩོན་བྱས་པ་བརྒྱུད། 2020ལོའི་ཟླ་10པའི་ཟླ་མཇུག་བར་གཙང་ཆུ་ཚབ་བརྗེས(ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་ཀྱི་ཆུ་འདྲེན)དང་། ཚད་ལྡན་ཆུ་ཁུངས་གསར་འབྱེད་སོགས་ཀྱི་ཐབས་ལམ་བརྒྱུད་ཧོ་པེ་ཞིང་ཆེན་དུ་ཕྱོགས་ཡོངས་ནས་གྲོང་གསེབ་མི་འབོར་གྱི་འཐུང་ཆུར་ཧྥུལ་ཚད་ལས་བརྒལ་བའི་གནད་དོན་ཐག་གཅོད་ཐུབ་ཡོད།
          བ་ཚྭ་ཅན་གྱི་ཆུའི་གནད་དོན་ནི་སྔར་ནས་བཟུང་ཀན་སུའུ་ཞིང་ཆེན་གྱི་ལོ་རྒྱུས་རང་བཞིན་གྱི་དཀའ་གནད་ཅིག་ཡིན་པ་དང་། འབད་བརྩོན་བྱས་པ་བརྒྱུད་2020ལོའི་ལོ་མཇུག་བར་ཀན་སུའུ་ཞིང་ཆེན་གྱི་རྫོང་ཆུས་31ལ་བ་ཚྭ་ཅན་གྱི་ཆུ་བཅོས་སྒྲིག་ཐད་མ་དངུལ་སྒོར་དུང་ཕྱུར་6.89བཏང་བ་དང་ལས་གྲྭ་121ཚང་མ་ལས་མཇུག་འགྲིལ་བས་མི་ཁྲི་39.52ལ་ཕན་པ་ཐོབ་པ་དང་གྲོང་མི་ཚོ་བ་ཚྭ་ཅན་གྱི་ཆུ་འཐུང་བའི་ལོ་རྒྱུས་མཇུག་འགྲིལ་ནས་འཕྲོད་བསྟེན་ལྡན་པའི་ཆུ་འཐུང་ཐུབ་པ་རེད།
          ཆུ་བེད་པུས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། མིག་སྔའི་བར་རྒྱལ་ཡོངས་ཀྱི་གྲོང་གསེབ་ཏུ་གཅིག་སྡུད་ཆུ་མཁོ་འདོན་བྱེད་ཚད་88%ཟིན་པ་དང་ཆུ་ཀ་ལ་ཁྱབ་གདལ་གཏོང་ཚད་83%ཟིན་པ། མི་ཁྲི་ཡི་འདུ་འགོད་ཀྱི་ཆུ་ཁུངས་སྲུང་སྐྱོང་ཁུལ་ཕྱོགས་ཡོངས་ནས་འཆར་འགོད་བྱས་པ་དང་མི་སྟོང་ཡན་གྱི་འདུ་འགོད་ལ་གཞི་རྩའི་ཆ་ནས་གྲོན་བསྡུ་ཐུབ་པ་བྱུང་སྟེ་གྲོང་གསེབ་ཀྱི་ཆུ་མཁོ་འདོན་འགན་ལེན་བྱེད་ཚད་མཐོ་རུ་སོང་ཡོད། 
རྩོམ་སྒྲིག་པ། བདེ་སྒྲོལ།