དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

དྭངས་གསལ་དུས་ཆེན་གུང་གསེང་རིང་རྒྱལ་ཡོངས་ཀྱི་སིལ་འཚོང་ལས་རིགས་ཀྱི་ཕྱིར་འཚོང་ཡོང་འབབ་དུས་མཉམ་ལས17.8%འཕར་བ།

སྤེལ་དུས 2021-04-09 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
          རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་ཐང་འཕར་དཔྱ་ཁྲལ་བཙོང་འཛིན་གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོའི་དྭངས་གསལ་དུས་ཆེན་གུང་གསེང་རིང་། རྒྱལ་ཡོངས་ཀྱི་འཛད་སྤྱོད་ཚོང་ར་མུ་མཐུད་དུ་ཇེ་ལེགས་སུ་སོང་ཞིང་། སྡོད་དམངས་ཀྱི་འཛད་སྤྱོད་དེ་ཅུང་མགྱོགས་པའི་ངང་འཕར་བའི་རྣམ་པ་རྒྱུན་འཁྱོངས་བྱས་ཡོད།
          རྒྱུས་ལོན་པ་ལྟར་ན། ན་ནིང་གི་དྭངས་གསལ་དུས་ཆེན་གུང་གསེང་རིང་། རྒྱལ་ནང་གི་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་བབ་གཞི་རྩའི་ཆ་ནས་ཚོད་འཛིན་བྱས་ཡོད་པ་དང་། སྡོད་དམངས་འཛད་སྤྱོད་ལ་སླར་གསོ་རང་བཞིན་གྱི་གོང་འཕེལ་བྱུང་། ད་ལོའི་དྭངས་གསལ་དུས་ཆེན་གུང་གསེང་རིང་དེའི་རྨང་གཞིའི་སྟེང་ཅུང་མགྱོགས་པའི་ངང་འཕར་བའི་རྣམ་པ་རྒྱུན་འཁྱོངས་བྱས་ཡོད།

          རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་འཕར་ཐང་དཔྱ་ཁྲལ་བཙོང་འཛིན་གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོའི་དྭངས་གསལ་དུས་ཆེན་གུང་གསེང་རིང་རྒྱལ་ཡོངས་ཀྱི་སིལ་འཚོང་ལས་རིགས་ཀྱི་ཕྱིར་འཚོང་ཡོང་འབབ་དུས་མཉམ་ལས17.8%འཕར་མངོན་འགྱུར་བྱས་ཤིང་། ལོ་གཉིས་རིང་ཆ་སྙོམས་ཀྱིས10.9%འཕར་ལ། དེའི་ནང་ལྕགས་རྟ་སོགས་ཀྱི་བཞོན་རྟ(40.7%)དང་། འབྲུ་སྣུམ་སྔོ་ཚལ་དང་སིལ་ཏོག(41.9%) བརྡ་འཕྲིན་སྒྲིག་ཆས(25%)། གྱོན་གོས(22%)སོགས་ཀྱི་འཛད་སྤྱོད་མགྱོགས་མྱུར་ངང་གོང་དུ་འཕར་ཡོད།
          ད་ལོའི་དྭངས་གསལ་དུས་ཆེན་གུང་གསེང་རིང་། ཡུལ་སྐོར་དང་འཁོར་ཞག་གི་དགོས་མཁོ་གཅིག་བསྡུའི་ངང་ཇེ་མང་དུ་སོང་ལ། ཞག་སྡོད་ཞབས་ཞུའི་ཕྱིར་འཚོང་ཡོང་འབབ་དུས་མཉམ་ལས91.5%འཕར་བ་དང་། ལོ་གཉིས་རིང་ཆ་སྙོམས་ཀྱིས6%འཕར་ཡོད།
          གཞན་ཡང་ཉེ་འགྲམ་ཡུལ་སྐོར་དང་སྣ་མང་ཅན་གྱི་རོལ་རྩེད་གྱི་སྐུལ་ཁྲིད་འོག ཡུལ་སྐོར་གྱི་འབྲེལ་ཡོད་ཞབས་ཞུ་ཕྱིར་འཚོང་ཡོང་འབབ་དུས་མཉམ་ལས189.2%མངོན་གསལ་གྱིས་འཕར་ཡོད།  །
རྩོམ་སྒྲིག་པ། བདེ་སྒྲོལ།