ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱས་པ།

སྤེལ་དུས 2021-09-15 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
            ཟླ་9ཚེས་13ཉིན། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུས་འབྲུབ་འགོག་དང་རྒྱ་མཚོའི་རླུང་འཚུབ་འགོག་པའི་བརྙན་ལམ་གྲོས་མོལ་བཀོད་གཏོང་ཚོགས་འདུ་འཚོགས་ཏེ། ཀྲུང་གོ་གནམ་གཤིས་ཅུས་དང་། ཆུ་བེད་པུའུ། རང་བྱུང་ཐོན་ཁུངས་པུའུ་བཅས་དང་གྲོས་མོལ་བརྡར་གཅོད་བྱས་ཏེ། ཀྲེ་ཅང་དང་། ཧྲང་ཧའེ། ཅང་སུའུ། ཨན་ཧུའེ་སོགས་ཞིང་ཆེན་12(ཐད་སྐྱོང་གྲོང་ཁྱེར)ཀྱི་འབྲུབ་འགོག་དང་རྒྱ་མཚོའི་རླུང་འཚུབ་འགོག་པའི་བཀོད་འདོམས་པུའུ་དང་། འཕྲལ་སྡོམ་དོ་དམ་ཐིང(ཅུས) མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་བཅས་དང་བརྙན་ལམ་སྦྲེལ་མཐུད་བྱས་ནས་མིག་སྔའི་རྒྱ་མཚོའི་རླུང་འཚུབ་ལྡང་ཕྱོགས་དང་། ཆར་པ་འབབ་ཚུལ། ཆུ་རྒྱས་ཚུལ་བཅས་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་དེ། འབྲུབ་འགོག་དང་རྒྱ་མཚོའི་རླུང་འཚུབ་འགོག་པའི་ལས་དོན་སྔར་བས་བཀོད་སྒྲིག་བྱས་པ་རེད། ཚོགས་འདུའི་ཐོག གཙོ་གནད་ས་ཁུལ་དང་ཉམས་ཞན་ཁུལ་ལ་དམིགས་ཏེ། ཉེན་སེལ་རོགས་སྐྱོབ་དཔུང་ཁག་དང་དངོས་ཟོག་གྲ་སྒྲིག་དང་། ཉེན་ཁའི་གནས་སུ་གྱར་བའི་མང་ཚོགས་འཕྲལ་ཐག་ཆོད་པོས་གནས་སྤོ། སྤོ་དགོས་རིགས་ཚང་མ་སྤོ་བ་དང་སྤོ་དགོས་རིགས་ཚང་མ་སྔ་ཙམ་སྤོ་བ་བཅས་བྱས་ཏེ། ཆུ་ལོག་སྔོན་འགོག་ལས་གྲྭ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།