ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཟླ་མཆོད་དང་རྒྱལ་སྟོན་དུས་ཆེན་གཉིས་སྡོད་ཡུལ་དུ་རོལ་ན་ལེགས།

སྤེལ་དུས 2021-09-17 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
         ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་སླེབས་ལ་ཉེ་བར་དམིགས་ནས་སློབ་གསོ་པུའུ་ཡིས《སྟོན་དུས་སློབ་སྐབས་ཀྱི་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་སྐབས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་བརྡ་ཐོ》ཞེས་པ་པར་འགྲེམས་བྱས་ཤིང་། བརྡ་ཐོའི་ནང་དུ་ས་གནས་ཁག་གི་སློབ་གསོའི་སྡེ་ཚན་དང་སློབ་གྲྭས་སློབ་རའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཐབས་དོན་འཁྱོལ་ནན་པོ་བྱེད་པ་དང་། འཕྲལ་སྡོམ་ཐག་གཅོད་ལམ་སྲོལ་མུ་མཐུད་དུ་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ། ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་གི་རིང་ལ་རིམས་ནད་སྔོན་འགོག་ཚོད་འཛིན་དང་སློབ་གྲྭར་ལུས་པའི་དགེ་སློབ་ཀྱི་ཞབས་ཞུའི་འགན་ལེན་ལས་དོན་ནན་ཏན་ངང་ཡག་པོ་བསྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།
         བརྡ་ཐོའི་ནང་དུ་ས་གནས་ཁག་གི་སློབ་གསོའི་སྡེ་ཚན་དང་སློབ་གྲྭས་སློབ་རའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ཏེ། མི་དང་དངོས་པོ་ཁོར་ཡུག་བཅས་མཉམ་འགོག་དང་ནད་མང་མཉམ་འགོག་མཐའ་འཁྱོངས་ཀྱིས་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་ཇེ་ནན་དུ་གཏོང་བ་དང་། སློབ་འགོ་ཚུགས་རྗེས་དགེ་སློབ་ཀྱི་བདེ་ཐང་ལྟ་ཞིབ་ཚད་ལེན་དོན་འཁྱོལ་ནན་ཏན་བྱ་དགོས་ཤིང་། ཁང་པའི་ནང་གི་འདུ་འཛོམས་རང་བཞིན་གྱི་བྱེད་སྒོ་ཆེ་གྲས་ཚོད་འཛིན་ནན་པོ་བྱ་དགོས། སློབ་གྲྭའི་འཕྲོད་བསྟེན་བཅོས་སྐྱོང་དང་གཙོ་གནད་ཁུལ་གྱི་ཁོར་ཡུག་ལ་དུག་སེལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། “བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་གནས་ཚུལ་ཤེས་རྟོགས་དང་། མོས་མཐུན། རང་མོས”བཅས་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག་འབྲེལ་ཡོད་སྡེ་ཁག་ལ་གཞོགས་འདེགས་བྱས་ཏེ་ཆ་རྐྱེན་འཛོམས་པའི་དགེ་སློབ་ལ་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ཡག་པོ་བསྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།
         སློབ་གསོ་པུའུ་ཡིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚན་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་ཝང་ཏེང་ཧྥེང་གིས་བསྟན་དོན། མིག་སྔའི་གནས་ཚུལ་ལ་བལྟས་ན་སློབ་གསོའི་ཁོངས་གཏོགས་ཧྲིལ་པོའི་ལོ18ཡན་གྱི་དགེ་སློབ་དང་ལས་བཟོའི་རིམས་འགོག་སྨན་ཁབ་གཉིས་ཀ་རྒྱག་ཚད95%ལས་བརྒལ་བ་དང་ལོ12ནས17བར་ཡང་གནས་ཚུལ་དེ་འདྲ་ཞིག་ཡིན་པ་དང་། མིག་སྔར་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་རིམས་འགོག་སྨན་ཁབ་རྒྱག་ཚད91%ཙམ་ཟིན་ཡོད། ཚང་མར་དྲིལ་བསྒྲགས་དང་གོ་སྐོན་བློ་འགུག་གི་ལས་དོན་ཡག་པོ་བསྒྲུབས་ནས་རིམས་འགོག་སྨན་ཁབ་ཡག་པོ་རྒྱག་དགོས་པའི་སྐུལ་འདེབས་བྱེད་དགོས། འོན་ཀྱང་རིམས་འགོག་སྨན་ཁབ་བརྒྱབ་ཡོད་མེད་དེ་སློབ་གྲྭར་ཞུགས་པའམ་ཡང་ན་བྱ་འགུལ་གཞན་དག་ལ་ཞུགས་པའི་སྐབས་ཀྱི་ཚད་གཞིར་བྱེད་མི་རུང་ཟེར།
         བརྡ་ཐོའི་ནང་དུ་ནན་གྱིས་བསྟན་དོན། ས་གནས་ཁག་གི་སློབ་གསོའི་སྡེ་ཚན་དང་སློབ་གྲྭས་འཕྲལ་སྡོམ་ཐག་གཅོད་ལམ་སྲོལ་རྒྱུན་མཐུད་ངང་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས་ཤིང་། ཁོངས་གཏོགས་ས་ཆར་དོ་དམ་བྱེད་པའི་རྩ་དོན་གཞིར་བཟུང་སྟེ་ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་གིས་གཅིག་གྱུར་འཆར་འགོད་ངང་རྒྱབ་སྐྱོར་བྱ་རྒྱུ་བརྩོན་ལེན་བྱས་ནས་ཐོལ་བྱུང་རིམས་ནད་འཕྲལ་སྡོམ་ཐག་གཅོད་ཀྱི་སྔོན་ཇུས་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། དང་ལེན་བྱེད་མགྱོགས་པ་དང་བརྒྱུད་རིམ་ཆ་ཚང་ལ་འགན་ལེན་ནུས་ལྡན་བྱེད་པའི་ཐོལ་བྱུང་རིམས་ནད་ཐོན་ཡུལ་གྱི་འཕྲལ་སྡོམ་བཀོད་འདོམས་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས། འཕྲོད་བསྟེན་བདེ་ཐང་དང་ནད་ཡམས་ཚོད་འཛིན་སོགས་སྡེ་ཚན་དང་སྨན་བཅོས་སྒྲིག་གཞི་དང་མཉམ་དུ་རྣམ་པ་མང་བ་དང་དངོས་སྒྲུབ་རང་བཞིན་གྱི་འཕྲལ་སྡོམ་ནང་སྦྱོང་བྱས་ཏེ། དུས་ཐོག་ཏུ་སྔོན་ཇུས་ལག་བསྟར་དང་ཐོལ་བྱུང་རིམས་ནད་འཕྲལ་ཐག་ཆོད་པོས་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས།
         ཝང་ཏེང་ཧྥེང་གིས་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་སླེབས་ལ་ཉེ་བས། ཚད་ངེས་ཅན་ཞིག་གི་ཐོག་ནས་བརྗོད་ན་ཚང་མས་ལྷོད་གཡེང་ཕྲན་བུ་གཏོང་སྲིད། སྐབས་འདི་ང་ཚོས་ངེས་པར་དུ་དགོས་ངེས་མིན་ན་རང་གི་སྡོད་ཡུལ་ནས་ཁ་མི་འབྲལ་བར་རྒྱ་ཆེའི་དགེ་སློབ་ཚོས་སོ་སོའི་སྡོད་ཡུལ་ནས་དུས་ཆེན་ལ་རོལ་བར་སྐུལ་མ་བཏང་བ་ཡིན། གལ་ཏེ་མི་མང་པོ་ཞིག་སློབ་གྲྭར་ལུས་ཚེ་མཐོ་སློབ་ཀྱི་ངོས་ནས་བརྗོད་ན་འཚོ་བའི་མཁོ་སྒྲུབ་འགན་ལེན་ཡོང་བའི་བདེ་འཇགས་ཐད་བཀོད་སྒྲིག་ཡག་པོ་ཞིག་རྒྱག་དགོས་ཞེས་གསུངས། 
རྩོམ་སྒྲིག་པ། རིག་གྲོལ།