ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

སློབ་ཕྱིའི་གསོ་སྦྱོང་ལས་ཁུངས་དོ་དམ་བྱ་ཐབས་པར་འགྲེམས་བྱས་འདུག

སྤེལ་དུས 2021-09-17 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          སྡེ་ཁག་གཉིས་ཀྱིས《སློབ་ཕྱིའི་གསོ་སྦྱོང་ལས་ཁུངས་ཀྱི་ལས་ཞུགས་མི་སྣའི་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》པར་འགྲེམས་བྱས་པ། 
          ཚེས14ཉིན་གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སློབ་གསོ་པུའུ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ཉེ་ཆར་མཉམ་འབྲེལ་ཐོག་《སློབ་ཕྱིའི་གསོ་སྦྱོང་ལས་ཁུངས་ཀྱི་ལས་ཞུགས་མི་སྣའི་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》པར་འགྲེམས་བྱས་ཤིང་། སློབ་ཕྱིའི་གསོ་སྦྱོང་ལས་ཁུངས་ཀྱི་ལས་ཞུགས་མི་སྣའི་དོ་དམ་ལ་སྔར་ལས་ཤུགས་སྣོན་བརྒྱབ་སྟེ། “གཉིས་ཆག”གི་བསྒྱུར་བཅོས་ལས་འགན་དོན་འཁྱོལ་ལ་འགན་ལེན་བྱ་རྒྱུ་རེད། དོ་དམ་བྱ་ཐབས་ནང་ལས་ཞུགས་མི་སྣའི་འོས་བབ་ཆ་རྐྱེན་ཁ་གསལ་པོར་བཟོས་ཏེ། སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང་གི་ལས་ཐོག་དགེ་རྒན་གྱིས་བྱེད་མི་ཆོག་པའི་བླང་བྱ་བཏོན་པ་རེད། 
          དོ་དམ་བྱ་ཐབས་ནང་སློབ་ཕྱིའི་གསོ་སྦྱོང་ལས་ཁུངས་ཀྱི་ལས་ཞུགས་མི་སྣའི་“མིང་ཐོ་ནག་པོ”ཡི་དོ་དམ་ལམ་ལུགས་ཐོག་མར་བཏོན་པ་དང་། “སློབ་མར་མཐོང་ཆུང་དང་བརྙས་བཅོས་བྱེད་པ་དང་། ནར་མ་སོན་པའི་བྱིས་པར་མནར་གཅོད་གཏོང་བ་དང་གནོད་འཚེ་བྱེད་པ། ལུས་ཆད་གཅོད་པའམ་ཡང་ན་རྣམ་པ་གཞན་གྱི་ཐོག་ནས་ལུས་ཆད་གཅོད་པ”སོགས་ཀྱི་བྱ་སྤྱོད་རིགས11གི“ཚད་ལས་བརྒལ་བ”དང་གནས་ཚུལ་ཚབས་ཆེ་བའི་རིགས་ལ་རྩད་ཆོད་མཐའ་གསལ་དང་ཞིབ་དཔྱད་བྱས་རྗེས། རྒྱལ་ཡོངས་གཅིག་གྱུར་གྱི་ལྟ་སྐུལ་དོ་དམ་སྟེགས་བུའི་“སློབ་ཕྱིའི་གསོ་སྦྱོང་ལས་ཁུངས་ཀྱི་ལས་དོན་མི་སྣའི་མིང་ཐོ་ནག་པོ”ཡི་ནང་དུ་བཅུག་ནས་དོ་དམ་བྱ་རྒྱུ་ཡིན་པ་རེད། 
རྩོམ་སྒྲིག་པ།  རིག་གྲོལ།