ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཆུ་བེད་པུས་ལྷོ་ཆུ་བྱང་འདྲེན་གྱི་དཀྱིལ་ཐིག་ལས་གྲྭའི་ཆུ་མཁོ་འདོན་ཐུབ་ཚད་མང་དུ་གཏོང་དགོས་པ་བཏོན་པ།

སྤེལ་དུས 2022-05-17 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  “མ་ལག་འཐུས་སྒོ་ཚང་བ་དང་། བདེ་འཇགས་བློས་འགེལ་ཆོག་པ། ལེགས་བསྡུས་ཞིབ་གཉེར་དང་ནུས་ཆེ། ལྗང་མདོག་རིག་ནུས་བཅས་དང་འཁོར་རྒྱུག་ཤར་གཏོང་དང་སྙོམས་སྒྲིག་གོ་རིམ་ལྡན་པ”བཅས་ཀྱི་རྒྱལ་ཁབ་ཀྱི་ཆུ་བདེ་དྲ་བ་མགྱོགས་མྱུར་བསྐྲུན་དགོས།
  གསར་འགོད་པར་ཆུ་བེད་པུས་འཚོགས་པའི་ལྷོ་ཆུ་བྱང་འདྲེན་གྱི་རྗེས་མཐུད་ལས་གྲྭའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཆུ་བེད་པུས་ལྷོ་ཆུ་བྱང་འདྲེན་གྱི་རྗེས་མཐུད་ལས་གྲྭའི་འཆར་འགོད་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་དཀྱིལ་ཐིག་གི་འབྲི་ཆུ་འཐེན་ནས་ཧན་ཅང་གཙང་པོར་ཆུ་གསབ་པའི་ལས་གྲྭའི་དུས་འགོའི་ལས་དོན་ལ་གཙོ་གནད་དུ་སྐུལ་འདེད་བཏང་སྟེ་ཤར་ཐིག་གི་རྗེས་མཐུད་ལས་གྲྭའི་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་བྱེད་ཟབ་ཏུ་བཏང་ཐོག་ནུབ་ཐིག་ལས་གྲྭའི་འཆར་འགོད་ལ་སྐུལ་འདེད་བཏང་ནས་སྤྱི་ཡོངས་ཀྱི་འཆར་འགོད་བཟོ་བའི་ལས་དོན་ལ་གཞོགས་འདེགས་ཧུར་ཐག་བྱ་རྒྱུ་ཡིན་པ་བཏོན་པ་རེད།
  ཆུ་བེད་པུས“མ་ལག་འཐུས་སྒོ་ཚང་བ་དང་། བདེ་འཇགས་བློས་འགེལ་ཆོག་པ། ལེགས་བསྡུས་ཞིབ་གཉེར་དང་ནུས་ཆེ། ལྗང་མདོག་རིག་ནུས་བཅས་དང་འཁོར་རྒྱུག་ཤར་གཏོང་དང་སྙོམས་སྒྲིག་གོ་རིམ་ལྡན་པ”བཅས་ཀྱི་རྒྱལ་ཁབ་ཀྱི་ཆུ་བེད་དྲ་བ་མགྱོགས་མྱུར་བསྐྲུན་ནས་ཆུ་བེད་རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་རྒྱའི་དཔལ་འབྱོར་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས། བདེ་འཇགས་ཕན་འབྲས་བཅས་གཅིག་གྱུར་ཡོང་བར་བྱ་རྒྱུ་རེད། ཤར་ཐིག་དང་དཀྱིལ་ཐིག་གི་དུས་ཐེངས་དང་པོའི་ལས་གྲྭའི་ཆུ་མཁོ་སྤྲོད་ལས་ཕྱོད་དང་ཕན་འབྲས་ཆེ་རུ་བཏང་ནས་ཆུའི་ཐོན་ཁུངས་བཀོད་སྒྲིག་དང་བཀོད་གཏོང་ལེགས་སུ་གཏོང་བ་དང་ཤར་ཐིག་གི་དུས་ཐེངས་དང་པོའི་ལས་གྲྭའི་བྱང་དུ་སྣུར་སྲིང་གི་ཆུ་མཁོ་སྤྲོད་ཁྱབ་ཁོངས་དང་གཞི་ཁྱོན་ཆེ་རུ་གཏོང་བ། ས་འོག་ཆུ་འཐེན་མང་དུ་གཏོང་བ། གཙང་པོ་དང་མཚེའུ་ཡི་སྐྱེ་ཁམས་ཆུ་ཁ་གསབ་མང་དུ་གཏོང་བ་བཅས་བྱ་རྒྱུ་དང་ཏན་ཅང་ཁོའུ་གཙང་པོའི་ཆུ་མཛོད་ཀྱི་ཆུ་འདྲེན་ལེགས་སྒྲིག་བྱས་ཏེ་དཀྱིལ་ཐིག་ལས་གྲྭའི་ཆུ་མཁོ་འདོན་བྱེད་འབོར་ཆེ་རུ་གཏོང་བ་དང་མ་ཡུར་གཙོ་བོའི་ཆུ་འདྲེན་ལས་ཕྱོད་ཆེ་རུ་གཏོང་རྒྱུ་རེད།
  གཞན་ཡང་། རྣམ་གྲངས་ཀྱི་ཁྲིམས་མིའི་བཅོས་སྐྱོང་གྲུབ་ཆ་འཐུས་སྒོ་ཚང་དུ་བཏང་སྟེ་འཛུགས་སྐྲུན་དང་། གཉེར་སྐྱོང་། རིན་གོང་། མ་དངུལ་མཉམ་བསྡུ་སོགས་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་བྱེད་ཟབ་ཏུ་བཏང་ནས་ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱེད་དགོས་པ་དང་། གྲངས་འཛིན་གྱི་ལྷོ་ཆུ་བྱང་འདྲེན་ལས་གྲྭ་བསྐྲུན་ནས་ཆུ་འདྲེན་གྱི་ལས་གྲྭའི་ལྷུ་ཚིགས་གལ་ཆེན་ལ་ཁྱབ་པའི་གྲངས་འཛིན་ཅན་གྱི་བཀོད་པ་བཙུགས་ཏེ་ལྷོ་ཆུ་བྱང་འདྲེན་ལས་གྲྭའི་སྙོམས་སྒྲིག་འཁོར་རྒྱུག་དོ་དམ་གྱི་གྲངས་འཛིན་ཅན་དང་། དྲ་རྒྱ་ཅན། རིག་ནུས་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས།