ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

རང་རྒྱལ་གྱིས་རྒྱལ་ཁབ་ཀྱི་ཆུ་གྲོན་ཆུང་རྣམ་པའི་གྲོང་ཁྱེར་130བསྐྲུན་པ།

སྤེལ་དུས 2022-05-18 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཟླ་5ཚེས་15ནས་21ཉིན་བར་ནི་2022ལོའི་གྲོང་ཁྱེར་གྱི་ཆུ་གྲོན་ཆུང་དྲིལ་བསྒྲགས་གཟའ་འཁོར་ཡིན་ཞིང་། འདི་ལོའི་བརྗོད་དོན་གཙོ་བོ་ནི“ཆུ་གྲོན་ཆུང་རྣམ་པའི་གྲོང་ཁྱེར་འཛུགས་སྐྲུན་བྱས་ནས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པ་དེ་རེད། གསར་འགོད་པར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་གྲོང་ཁྱེར་གྱི་ཆུ་གྲོན་ཆུང་ལས་དོན་ལ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་ཞིང་། 2015ལོ་ཚུན་དུ་གྲོང་ཁྱེར་50རུ་ཞོད་སྐྱོན་འགོག་བཅོས་ཐུབ་པའི་གྲོང་ཁྱེར་འཛུགས་སྐྲུན་གྱི་ཚོད་ལྟའི་དཔེ་སྟོན་ལས་དོན་སྤེལ་རྒྱུ་གཏན་འཁེལ་བྱས་ཏེ། གྲོང་ཁྱེར་ནང་གི་ཆུ་ལོག་ཞི་ལྷོད་དུ་གཏོང་བ་དང་ཆབས་ཅིག་ཆར་ཆུ་བསགས་ནས་བེད་སྤྱོད་བྱས་པ་རེད། 2021ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་རྒྱལ་ཁབ་ཀྱི་ཆུ་གྲོན་ཆུང་རྣམ་པའི་གྲོང་ཁྱེར་130བསྐྲུན་ཡོད་པ་རེད།