ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

མཁའ་འདྲི་དང་པོ་སྐར་མ་མིག་དམར་ཐོག་བབས་ནས་ལོ་གཅིག་འཁོར་བ།

སྤེལ་དུས 2022-05-18 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  གསར་འགོད་པར་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་ནས་ཤེས་རྟོགས་བྱུང་བར། 2021ལོའི་ཟླ་5ཚེས་15ཉིན་མཁའ་འདྲི་དང་པོ་སྐར་མ་མིག་དམར་གྱི་ཝུའུ་ཐུའོ་པང་ཐང་གཤོངས་ཀྱི་ལྷོ་རྒྱུད་དུ་བདེ་བླག་ངང་བབས་ནས་སྐར་མ་མིག་དམར་ཐོག་ཀྲུང་གོའི་རྗེས་ཤུལ་ཐེངས་དང་པོ་བཞག་ཅིང་། ད་བར་སྐར་མ་མིག་དམར་ངོས་སུ་འཁོར་སྐྱོད་བྱས་ནས་ཉིན་356ཕྱིན་པ་དང་ལམ་ཚད་བསྡོམས་སྨི་1921བསྐྱོད་ཡོད། སྐོར་ཆས་དེ་འཕངས་པ་ནས་ཉིན་661འཕུར་བ་དང་སྐར་མ་མིག་དམར་ལ་སྐོར་བའི་འཁོར་ལམ་དུ་སླེབས་པ་ནས་བཟུང་རྒྱང་ཚོར་འཚོལ་ཞིབ་རྒྱུན་མཐུད་ངང་བྱེད་བཞིན་ཡོད། མིག་སྔར་འཕྲུལ་ཆས་གཉིས་འཁོར་སྐྱོད་ཡག་པོ་ཐུབ་པ་དང་། རིམ་རྩིས་བྱས་ན་གདོད་མའི་ཚན་རིག་གི་གྲངས་གཞི་940GBཙམ་ཐོབ་པ་དང་ཕྱིར་བརྒྱུད་སྤྲོད་བྱས་ཡོད། ཚན་རིག་མཁས་ཅན་ཚོགས་པས་གྲངས་གཞི་དབྱེ་ཞིབ་དང་། གསེད་བཀྲོལ། ཞིབ་འཇུག་བཅས་བྱེད་བཞིན་ཡོད་པ་རེད།