ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་དུས་མཚུངས་ལས་4.2%འཕར་བ།

སྤེལ་དུས 2022-05-18 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཚེས་16ཉིན། རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱིས་2022ལོའི་ཟླ་4པའི་སྦྲག་སྲིད་ལས་རིགས་འཁོར་སྐྱོད་ཀྱི་གནས་ཚུལ་ཁྱབ་བསྒྲགས་བྱས་ཤིང་། ཟླ་དང་པོ་ནས་བཞི་པའི་བར། རྒྱལ་ཡོངས་ཀྱི་མྱུར་སྐྱེལ་ཞབས་ཞུའི་ཁེ་ལས་ཀྱི་ལས་སྒོའི་གྲངས་འབོར་རིམ་རྩིས་ལྟར་ན་སྦྲག་ཐོག་བསྐུར་མ་དུང་ཕྱུར་317.1བསྐྱལ་བ་དེ་དུས་མཚུངས་ལས་4.2%འཕར་ཡོད་པ་དང་། ལས་སྒོའི་ཡོང་འབབ་རིམ་རྩིས་ལྟར་ན་སྒོར་དུང་ཕྱུར་3133.3བྱུང་བ་དེ་དུས་མཚུངས་ལས་2.3%འཕར་ཡོད་པ་རེད། ཟླ་4པར། རྒྱལ་ཡོངས་ཀྱི་མྱུར་སྐྱེལ་ཞབས་ཞུའི་ཁེ་ལས་ཀྱིས་སྦྲག་ཐོག་བསྐུར་མ་དུང་ཕྱུར་74.8བསྐྱལ་བ་དེ་དུས་མཚུངས་ལས་11.9%ཆག་པ་དང་། ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་740.5བྱུང་བ་དེ་དུས་མཚུངས་སུ་10.1%ཆག་ཡོད་པ་རེད།