ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཀོང་ཤིས་ནོར་སྲིད་ཀྱིས་གྲོང་གསེབ་དར་རྒྱས་ཀྱི་ཁྱད་ལྡན་ལས་སྣོན་ལས་རིགས་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་པ།

སྤེལ་དུས 2022-05-18 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཉེ་དུས། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་སྒོར་ཁྲི་2000བཏང་ནས་ཀོང་ཤིས་ཀྱི“གྲོང་གསེབ་དར་རྒྱས”ཁྱད་ལྡན་ལས་སྣོན་ལས་རིགས་ཀྱི་དཔེ་སྟོན་རྣམ་གྲངས་འཛུགས་སྐྲུན་ཐད་སྤྱད་དེ་ཐོན་ལས་ཀྱི་གཞི་ཁྱོན་ཆེ་རུ་དང་ལག་རྩལ་སྒྱུར་བཅོས་རིམ་སྤོར་དང་ལས་སྣོན་ཞིབ་ཚགས་ཀྱི་རྣམ་གྲངས་ཁག་གཅིག་ལ་རྒྱབ་སྐྱོར་བྱས་པ་དང་། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ལ་སྐུལ་འདེད་བཏང་བས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྔར་བས་བརྟན་དུ་ཕྱིན་པ་དང་། རྫོང་ཁོངས་ཀྱི་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་ཕྱིན་པ། གྲོང་གསེབ་དར་རྒྱས་ལ་རམ་འདེགས་ཐུབ་ཡོད་པ་བཅས་རེད།
  ད་རེས་ཀྱི་མ་དངུལ་རྒྱབ་སྐྱོར་ཐད་ཆེད་དོན་ཁ་གསབ་བྱེད་སྟངས་སྤྱད་པ་དང་རྫོང་ཁོངས་ཀྱི་ཁེ་ལས་འབྲིང་ཆུང་གི་རྣམ་གྲངས་ཀྱི་ཁྱད་ཆོས་གཞིར་བཟུང་། རྣམ་གྲངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་པའི་གཞི་ཁྱོན་དང་། ཁེ་ལས་ཀྱི་ཕན་འབྲས། ཁྲོམ་རའི་མདུན་ལམ། ས་ཁོངས་ཀྱི་ཁྱད་ཆོས། གཉེར་སྐྱོང་ལས་སྒོ་གཙོ་བོའི་ཡོང་འབབ་སོགས་སྟོན་གྲངས་དང་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ནས་མ་དངུལ་བཀོད་སྒྲིག་བྱས་པ་དང་རྣམ་གྲངས་རྐྱང་པའི་མ་དངུལ་རྩ་དོན་ཐོག་སྒོར་ཁྲི་180ལས་མི་བརྒལ་བ་བྱས་པ་རེད།
  ད་རེས་ཁྱོན་རྫོང་ཁོངས་གསར་སྤེལ་དང་ས་གནས་དེ་གའི་ཐོན་ཁུངས་སྤྱད་པའི་ལག་རྩལ་སྒྱུར་བཀོད་རྣམ་གྲངས་18བཀོད་སྒྲིག་བྱས་པ་དང་རྒྱབ་སྐྱོར་ཁྱབ་ཁོངས་ཇ་ལོ་དང་། འབྲས་ཕྱེ། མེ་ཏོག་བྲག་སྤོས། ཤིང་རྒྱུ། བཟའ་བཅའི་ཤ་མོ་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་ལ་ཁྱབ་པའི་ཁྲོད་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་རྫོང་ལ་བཀོད་སྒྲིག་བྱས་པའི་རྣམ་གྲངས་12ཡོད་པ་དེས་རྒྱབ་སྐྱོར་རྣམ་གྲངས་བསྡོམས་འབོར་གྱི་2/3བཟུང་ཡོད་པ་རེད།