ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཟླ་དང་པོ་ནས་བཞི་པ་བར་རང་རྒྱལ་གྱིས་ཆུ་བེད་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་2000ཙམ་བཏང་བ།

སྤེལ་དུས 2022-05-18 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ▶ ཟླ་དང་པོ་ནས་བཞི་པ་བར། རང་རྒྱལ་གྱིས་ཆུ་བེད་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་1958བཏང་བ་དེ་ན་ནིང་གི་དུས་མཚུངས་ལས་45.5%འཕར་ཡོད།
  ▶ འདི་ལོ་སྔོན་དཔག་བྱས་ན་ཆུ་བེད་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་8000ཡན་གཏོང་རྒྱུ་ཡིན་པ།
  ཟླ་5ཚེས་16ཉིན། ཆུ་བེད་ལས་གྲྭ་གལ་ཆེན་ཡིན་པའི་ཝུའུ་སུང་ཅང་གཙང་པོ་བཅོས་སྒྲིག་ལས་གྲྭ(ཅང་སུའུ་དུམ་བུ)ཡི་ལས་འགོ་ཚུགས་ཤིང་། མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་150ལས་བརྒལ་བའི་ལས་གྲྭ་དེ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་རྩ་གནད་ནང་གཏན་འཁེལ་བྱས་པའི་རྒྱལ་ཁབ་ཆུ་དྲའི་རྐང་འཛིན་ལས་གྲྭའི་གྲས་ཤིག་རེད་ལ། འབྲི་ཆུའི་ཟུར་གསུམ་གླིང་གི་གཞི་གཅིག་ཅན་གྱི་ས་ཁོངས་ཆུ་དྲ་སྦྲེལ་མཐུད་ཀྱི་རྐང་འཛིན་ལས་གྲྭའི་གྲས་ཤིག་ཀྱང་རེད། བཅོས་སྒྲིག་ལས་གྲྭའི་གྲས་སུ་གཙོ་བོ་ཆུ་ལམ་རྒྱ་སྐྱེད་དང་། ཀྭ་ཅིང་ཁོའུ་ཆུ་བེད་ལྟེ་གནས་རྒྱས་སྐྲུན། ཆུ་རགས་དང་ངོགས་སྲུང་འཛུགས་སྐྲུན། རགས་སྟེང་ལམ་བུ་འཛུགས་སྐྲུན་སོགས་ཚུད་ཅིང་། འཆར་འགོད་བྱས་པའི་ལས་ཡུན་ཟླ་96ཡིན་པ་རེད། ལས་གྲྭ་བསྐྲུན་རྗེས། ཐའེ་ཧུའུ་མཚེའུ་ས་ཁུལ་གྱི་ཆུ་དྲ་སྔར་བས་འཐུས་སྒོ་ཚང་དུ་སོང་སྟེ། ཞན་ཆ་སེལ་བ་དང་ཕུགས་ལ་ཕན་པའི་ཕྱོགས་བསྡུས་ཕན་འབྲས་ཐོན་རྒྱུ་རེད།
  ཝུའུ་སུང་ཅང་གཙང་པོ་བཅོས་སྒྲིག་ལས་གྲྭ(ཅང་སུའུ་དུམ་བུ)ཡི་ལས་འགོ་ཚུགས་པ་དང་ཆབས་ཅིག འདི་ལོ་ཚུན་དུ་གཙོ་གནད་ཆུ་བེད་ལས་གྲྭའི་ཁྲོད་ནས་ལས་འགོ་ཁག་10ཚུགས་པ་དང་མ་འཇོག་གཞི་ཁྱོན་སྒོར་དུང་ཕྱུར་500ལས་བརྒལ་ཡོད། ཟླ་དང་པོ་ནས་བཞི་པ་བར། རང་རྒྱལ་གྱིས་ཆུ་བེད་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་1958བཏང་བ་དེ་ན་ནིང་གི་དུས་མཚུངས་ལས་45.5%འཕར་ཡོད་པ་རེད།
  ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ཆུ་བེད་ལས་གྲྭ་གལ་ཆེན་30ཡན་ལས་འགོ་གསར་དུ་འཛུགས་པའི་འགན་ལེན་བྱ་རྒྱུ་དང་། སྔོན་དཔག་བྱས་ན་ཆུ་བེད་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་8000ཡན་གཏོང་རྒྱུ་རེད། མིག་སྔར་དུས་འགོའི་ལས་དོན་སྤེལ་ནས་སྐུལ་འདེད་བཏང་བར་གྲུབ་འབྲས་ཅུང་ཡག་པོ་ཐོབ་ཡོད། ཁྱོན་མ་དངུལ་སྒོར་དུང་ཕྱུར་618བཏང་བའི་བྱང་རྒྱུད་མཚོ་ཁུག་སྐོར་བའི་ཀོང་ཏུང་གི་ཆུའི་ཐོན་ཁུངས་བཀོད་སྒྲིག་ལས་གྲྭར། ཁོར་ཡུག་ཚོད་སྐོར་སྙན་ཞུའི་མཆན་འགོད་བཀའ་ལན་སྤྲོད་པའི་དུས་ཚོད་སྔོན་དཔག་ལས་ཟླ་གྲངས་5སྔ་བ་ཡོད་པ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་598བཏང་བའི་ལྷོ་ཆུ་བྱང་འདྲེན་གྱི་འབྲི་ཆུ་ནས་ཧན་ཅང་གཙང་པོར་ཆུ་འདྲེན་ལས་གྲྭའི་ས་ཆ་གྲ་སྒྲིག་ཞིབ་དཔྱད(འཆར་འགོད་ས་ཆ་འདེམས་ཁུལ)སོགས་དོན་དག་གལ་ཆེན་གཞན་ལེགས་གྲུབ་བྱུང་ནས་རྣམ་གྲངས་ལ་མགྱོགས་མྱུར་ཞིབ་མཆན་འགོད་རྒྱུར་རྨང་གཞི་བཏིང་ཡོད།
  ཆུ་བེད་འཛུགས་སྐྲུན་གྱི་མ་དངུལ་གྲབས་གསོག་ཐད། ཆུ་བེད་པུས་མ་འཇོག་གི་ཐབས་ལམ་རྒྱ་ཆེར་ཧུར་ཐག་བཏང་སྟེ་ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་དང་། དངུལ་རྩའི་མ་དངུལ། སྤྱི་ཚོགས་ཀྱི་མ་རྩ་སོགས་ནས་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་ཐབས་བྱས་ཡོད། འདི་ལོ་ནས་བཟུང་ཆུ་བེད་རྣམ་གྲངས་830ཡིས་ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་སྒོར་དུང་ཕྱུར་720དོན་འཁྱོལ་བྱས་པ་དེ་ན་ནིང་གི་དུས་མཚུངས་ལས་སྒོར་དུང་ཕྱུར་386མང་དུ་སོང་བ་དང་115%འཕར་ཡོད་པ་རེད།
  ཆུ་བེད་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མ་འཇོག་བསྡུ་ཁྱོན་ཆེ་བ་དང་། ཐོན་ལས་སྦྲེལ་ཐག་རིང་བ། ལས་ཞུགས་གསར་གཏོད་མང་བ་བཅས་ཀྱི་ཆུ་བེད་ལས་གྲྭ་གལ་ཆེན་གྱིས་ཆུ་བེད་མ་འཇོག་གི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ཏེ། དགོས་མཁོ་ནུས་ལྡན་ལ་སྐུལ་ཁྲིད་དང་གཞི་ཆེའི་དཔལ་འབྱོར་བརྟན་པོ་ཡོང་རྒྱུར་རམ་འདེགས་བྱ་རྒྱུ་རེད།