ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

དཔལ་འབྱོར་ཡུན་རིང་ལེགས་སུ་འགྲོ་བ་རྩ་བའི་ཆ་ནས་འགྱུར་ལྡོག་ཕྱིན་མེད་པ།

སྤེལ་དུས 2022-05-18 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  
  འདི་ནི་བཟོ་པས་ཧོ་པེ་ཞིང་ཆེན་ཤིན་ལེ་གྲོང་ཁྱེར་གྱི་རླངས་འཁོར་བདེ་འཇགས་དབུགས་ལྒང་ཀུང་སི་ཞིག་གི་འཁོར་ཁང་དུ་ལས་ཀ་བྱེད་བཞིན་པ།
          ཟླ་5ཚེས་16ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་གསལ། འདི་ལོ་ནས་བཟུང་དཔལ་འབྱོར་ཉམས་རྒུད་ཀྱི་གནོན་ཤུགས་སྔར་བས་ཆེ་རུ་ཕྱིན་པ་དང་། ལྷག་པར་དུ་ཟླ་4པར་རིམས་ནད་ཀྱིས་དཔལ་འབྱོར་འཁོར་རྒྱུག་ལ་རྡབ་རྡེག་ཆེན་པོ་བཟོས་མོད། འོན་ཀྱང་སྤྱི་ཡོངས་ནས་བལྟས་ན། ཀྲུང་གོའི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་ཡུན་རིང་ལེགས་སུ་འགྲོ་རྒྱུ་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་མེད་ལ་ཕྱོགས་སྒྱུར་རིམ་སྤོར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོར་འགྱུར་ལྡོག་བྱུང་མེད་ཅིང་།