ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

སན་ཤིང་ཏུའེ་རྟེན་རྫས་བཤམས་མཛོད་ཁང་དུ་གནའ་རྫས་རྟོག་ཞིབ་ལས་རིག་གནས་གསར་གཏོད་ཀྱི་ཚ་རླབས་ཤིག་འཕྱུར་བ།

སྤེལ་དུས 2022-05-18 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

        ཉེ་བའི་ལོ་ཤས་རིང་། སན་ཤིང་ཏུའེ་གནའ་ཤུལ་གྱི་གནའ་རྫས་རྟོག་ཞིབ་ལ་གྲུབ་འབྲས་གལ་ཆེན་བསྟུད་མར་ཐོབ་པ་དེས་སན་ཤིང་ཏུའེ་རྟེན་རྫས་བཤམས་མཛོད་ཁང་དུ་རིག་གནས་གསར་གཏོད་ཐོན་རྫས་ཇུས་འགོད་དང་ཕྱིར་ཚོང་བྱེད་པའི་ཚ་རླབས་ཤིག་འཕྱུར་བར་སྐུལ་ཁྲིད་བྱས་པ་དང་། རིག་གནས་གསར་གཏོད་ཀྱི་ཐོན་རྫས་ཁག་གཅིག་གི་བསམ་བཀོད་ནི་སྔོག་འདོན་བྱས་པའི་གསེར་གྱི་གདོང་འབག་དང་ལིའི་ཡོ་བྱད་སོགས་ཀྱི་རིག་དངོས་ནས་འབྱུང་བ་ཞིག་ཡིན་པས། མི་རྣམས་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། འདི་ནི་ཟླ་5ཚེས་16ཉིན་སན་ཤིང་ཏུའེ་རྟེན་རྫས་བཤམས་མཛོད་ཁང་ནས་པར་བླངས་པའི་གསེར་གྱི་གདོང་འབག་དབྱིབས་ཀྱི་རིག་གནས་གསར་གཏོད་ཀྱི་ཐོན་རྫས་ཡིན་པ།