ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

མཉམ་འབྲེལ་རྒྱལ་ཚོཊ་ནས་ཀྲུང་གོར་ཐད་གཏོཊ་ལས་ཁུངས་ཐོག་མ་བཙུཊ་འདུག

སྤེལ་དུས 2022-05-23 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
  མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་ས་ཁམས་ཆ་འཕྲིན་ཤེས་བྱ་དང་གསར་གཏོད་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་དྲ་ཐོག་ཏུ་སྤེལ་ཡོད།  ལྟེ་གནས་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོར་བཙུགས་པའི་ཐད་གཏོགས་ཆེད་དོན་ལས་ཁུངས་ཐོག་མ་དེ་ཡིན་པ་དང་།  མཉམ་འབྲེལ་རྒྱལ་ཚོགས་དཔལ་འབྱོར་དང་སྤྱི་ཚོགས་བྱ་དོན་པུའུ་ཡི་ཁོངས་སུ་གཏོགས་ཤིང་། གནས་ཡུལ་ནི་ཀྲེ་ཅང་ཧུའུ་ཀྲའུ་སྡེ་ཆིང་དུ་རེད།

  ངོ་སྤྲོད་བྱས་པ་ལྟར་ན།  རང་བྱུང་ཐོན་ཁུངས་པུས་མཉམ་འབྲེལ་རྒྱལ་ཚོགས་དཔལ་འབྱོར་དང་སྤྱི་ཚོགས་བྱ་དོན་པུའུ་དང་མཉམ་ལས་དམ་ཟབ་བྱས་ནས་ཀྲུང་གོའི་ས་ཁམས་ཆ་འཕྲིན་གོང་འཕེལ་གྱི་ཐོན་ཁུངས་མཐུན་སྦྱོར་ཧུར་ཐག་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་ས་ཁམས་ཆ་འཕྲིན་ཤེས་བྱ་དང་གསར་གཏོད་ལྟེ་གནས་ཀྱི་འཁོར་རྒྱུག་དང་གོང་འཕེལ་ལ་ལག་རྩལ་དང་གྲངས་གཞི། ཐོན་རྫས། ཞབས་ཞུ། ཤེས་ལྡན་མི་སྣ་སོགས་ཀྱི་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།
  མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་ས་ཁམས་ཆ་འཕྲིན་ཤེས་བྱ་དང་གསར་གཏོད་ལྟེ་གནས་ཀྱིས་ཁོངས་གཏོགས་རྒྱལ་ཁབ་ཁག་དང་དེ་བཞིན་ཁེ་ཕན་འབྲེལ་ཡོད་ཕྱོགས་ཀྱི་བཟང་ཆ་དང་ཐོན་ཁུངས། སྟོབས་ཤུགས་བཅས་སྐུལ་སྤེལ་གང་ལེགས་བྱས་ནས་གོ་ལ་ཧྲིལ་པོའི་རྒྱུན་མཐུད་གོང་འཕེལ་ཁྲོད་ས་ཁམས་ཆ་འཕྲིན་གྱིས་ཐོན་པའི་འགག་རྩའི་ནུས་པ་ཆེ་རུ་གཏོང་རྒྱུ་དང་།  འབྲེལ་ཡོད་གྲངས་གཞིའི་ཆ་འཕྲིན་བསྡུ་རུབ་དང་མཉམ་སྤྱོད་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྤྱི་ལོ་2030ལོའི་རྒྱུན་མཐུད་གོང་འཕེལ་གྱི་གྲོས་རིམ་དོན་འཁྱོལ་བྱ་རྒྱུར་ལག་རྩལ་དང་ནུས་པ་འཛུགས་སྐྱོང་ཐད་རྒྱབ་སྐྱོར་བྱ་རྒྱུ་དང་།  དཔལ་འབྱོར་དང་སྤྱི་ཚོགས། ཁོར་ཡུག་བཅས་ཁྱབ་ཁོངས་ཀྱི་གོ་ལའི་རང་བཞིན་གྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་གཅོག་རྒྱུ་ཡིན་པ་རེད།