ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

མཐོ་རྒྱུཊ་ཐད་སློབ་གསོ་པུས་ཡང་བསྐྱར་དྲན་སྐུལ་གནང་འདུག

སྤེལ་དུས 2022-05-23 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
         སྤྱི་ལོ་2022ལོའི་མཐོ་རྒྱུགས་སླེབས་ལ་ཉེ་བས། མཐོ་རྒྱུགས་སྐབས་ཀྱི་རིམས་འགོག་ལས་དོན་སྐོར་གྱི་སློབ་གསོ་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བཏང་བའི་འབྲེལ་ཡོད་བླང་བྱ་གཞིར་བཟུང་།  ས་གནས་ཁག་གིས་སྤྱི་ལོ་2022ལོའི་མཐོ་རྒྱུགས་ནང་ཞུགས་མཁན་གྱི་རྒྱུགས་སྤྲོད་སློབ་མར་མཐོ་རྒྱུགས་ནང་ཞུགས་སྐབས་དོ་སྣང་བྱ་དགོས་པའི་དོན་ཚན་ཁག་གཅིག་གཅིག་རྗེས་གཉིས་མཐུད་ངང་ཁྱབ་བསྒྲགས་བྱས་པ་རེད། འདིར་སློབ་གསོ་པུའུ་ཡིས་ཡང་བསྐྱར་རྒྱུགས་སྤྲོད་སློབ་མ་ཡོངས་དང་། ལྷག་པར་དུ་མིག་སྔར་སྔར་བཞིན་ཞིང་ཆེན་གཞན་དུ་ལུས་པའི་རྒྱུགས་སྤྲོད་སློབ་མ་རྣམས་ལ། རྒྱུགས་སྤྲོད་ས་ཚིགས་གནས་སའི་རྒྱུགས་ལེན་ལས་ཁུངས་ལ་རང་ཉིད་ཀྱི་བདེ་ཐང་གནས་ཚུལ་དང་འབྲེལ་ཡོད་ཕྱིར་ལོག་བཀོད་སྒྲིག་སོགས་ཀྱི་ཆ་འཕྲིན་དངོས་དུས་ཐོག་ཏུ་སྙན་སེང་ཞུ་དགོས་པ་དང་། ཉིན་14ཡི་སྔ་སྣུར་དུ་རྒྱུགས་སྤྲོད་ས་ཚིགས་གནས་སའི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)དུ་ཕྱིར་ལོག་བྱས་ནས་རྒྱུགས་སྤྲོད་ས་ཚིགས་གནས་ཡུལ་གྱི་ཡིག་རྒྱུགས་རིམས་འགོག་གི་བླང་བྱ་ཁྱོན་ཡོངས་ནས་ཤེས་རྟོགས་བྱེད་པ་དང་འབྲེལ་བརྩི་སྲུང་ནན་པོ་ཞུས་ཏེ། རྒྱུགས་ལེན་མ་བྱས་གོང་གི་ཉིན་14བསྟུད་མར་ས་གནས་དེ་གའི་བདེ་ཐང་ལྟ་ཞིབ་ཚད་ལེན་ཡག་པོ་བྱས་ནས་དགོས་མེད་ཀྱི་འདུ་འཛོམས་དང་ས་ཁོངས་གཞན་དུ་འགྲོ་སྐྱོད་བྱེད་ཚད་ཉུང་དུ་གཏོང་དགོས་པ་དང་། མི་མང་འདུ་སར་མི་འགྲོ་བ། རིམས་ནད་ཀྱི་ཉེན་ཁ་ཆེ་འབྲིང་ཁུལ་དུ་མི་འགྲོ་བ་བཅས་བྱེད་དགོས་པའི་དྲན་སྐུལ་གནང་འདུག