ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

གྲོང་ཁྱེར་ཆེ་འབྲིང་མཉམ་དུ་ལས་མི་བསྡུ་བའི་ཁྱད་ལྡན་ཞབས་ཞུའི་བྱེད་སྒོ་ཐེངས་68སྤེལ་བ།

སྤེལ་དུས 2022-05-23 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
           ཉེ་ཆར། མི་སྤྱི་པུའི་2022ལོའི་གྲོང་ཁྱེར་ཆེ་འབྲིང་མཉམ་དུ་ལས་མི་བསྡུ་བའི་མཐོ་སློབ་སློབ་ཐོན་སློབ་མའི་ཆེད་དོན་བྱེད་སྒོས་ཁག་དགུ་ལ་དབྱེ་ནས་ཁྱད་ལྡན་ཞབས་ཞུའི་བྱེད་སྒོ་ཐེངས་68གཅིག་མཇུག་གཉིས་མཐུད་ངང་སྤེལ་རྒྱུ་དང་། དེའི་ནང་དྲ་ཐོག་ནས་བྱེད་སྒོ་ཐེངས་55སྤེལ་རྒྱུ་ཡིན་པའི་ནང་པེ་ཅིང་བཟོ་ལས་སློབ་ཆེན་དང་། རྒྱལ་སའི་དཔལ་འབྱོར་ཚོང་དོན་སློབ་ཆེན་སོགས་ཀྱིས་དྲ་ཐོག་ནས་ཆེད་དོན་ལས་མི་བསྡུ་བའི་འདུ་ཚོགས་ཐེངས་23དང་། ཐད་གཏོང་ལས་འཚོལ་ཐེངས་18 སློབ་ཆེན་སློབ་མས་ལས་ཀ་འཚོལ་སྐབས་མགོ་སྐོར་འོག་མི་ཚུད་པ་བྱེད་པ་དང་ས་གནས་ས་ཐོག་ཏུ་ལས་འཚོལ་ངོ་རྒྱུགས་བྱེད་ཐབས་སོགས་ལས་ཞུཌ་མཛུབ་ཁྲིད་དང་སྲིད་ཇུས་སྒྲོག་འགྲེལ་ཐད་གཏོང(བརྙན་ཕབ་བརྒྱུད་གཏོང)སློབ་ཚན་14བཅས་ཚུད་ཡོད། དྲ་ཕྱིའི་བྱེད་སྒོ་13ཁག་སོ་སོར་ཁྲུང་ཆིང་དང་། ཧའེ་ཁོའུ། ལྷ་ས། མཱ་ཨན་ཧྲན་སོགས་སུ་སྤེལ་རྒྱུ་རེད།
           མཐོ་སློབ་སློབ་ཐོན་སློབ་མ་དང་མི་སྤྱོད་ཚན་པས་ཀྲུང་གོ་རྒྱལ་ཁབ་ཤེས་ལྡན་མི་སྣའི་དྲ་བའི་གྲོང་ཁྱེར་ཆེ་འབྲིང་གིས་མཉམ་དུ་ལས་མི་བསྡུ་བའི་བྱེད་སྒོའི་ཚོགས་ར་གཙོ་བོའི་དྲ་ངོས(http://dzcs.newjobs.com.cn/)སམ་ཡང་ན་འཕྲིན་ཕྲན་བྱ་རིམ་ཆུང་གྲས་བརྒྱུད“རྒྱལ་ཡོངས་མཐོ་སློབ་སློབ་ཐོན་སློབ་མའི་གནད་སྨིན་ལས་བསྡུའི”ལས་སྟེགས་བཙལ་ནས་འབྲེལ་ཡོད་ཆ་འཕྲིན་འཚོལ་ཞིབ་དང་རིགས་ཁག་གི་ཆེད་དོན་ཞབས་ཞུའི་བྱེད་སྒོར་ཞུགས་ཆོག