ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

པེ་ཅིང་གིས་རིམས་འགོག་གི་གྲུབ་འབྲས་རྒྱུན་མཐུད་བརྟན་དུ་གཏོང་བ།

སྤེལ་དུས 2022-06-28 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཟླ་6ཚེས་9ནས་26ཉིན་གྱི་ཆུ་ཚོད་15བར། རིམ་རྩིས་བྱས་ན་པེ་ཅིང་གྲོང་ཁྱེར་ལ་ཏོག་གསར་རིམས་ནད་འགོས་པའི་ནད་དཔེ་396གི་སྙན་སེང་འབྱོར་བ་དང་། དེ་དག་ཆུས་14དང་དཔལ་འབྱོར་གསར་སྤེལ་ཁུལ་དང་འབྲེལ་བ་ཡོད་པ་རེད། “སྐབས་བསྟུན་གཙང་སེལ”ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་དང་། “མྱུར་བ་དང་། ནན་པ། གནད་འཁེལ། ཞིབ་ཚགས། ཏན་ཏིག”བཅས་ཀྱི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱས་ཡོད་པ་རེད། མིག་སྔར་པེ་ཅིང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ནུས་ལྡན་བྱས་ནས“ཕྱོགས་བཞིའི་འགན་འཁྲི”དོན་འཁྱོལ་ནན་པོ་བྱས་ཏེ་ཉེན་ཁ་འགོག་པ་དང་། སྐྱོན་ཆ་སེལ་བ། བསྐྱར་ལོག་སྔོན་འགོག་བཅས་བྱས་ནས་རིམས་འགོག་གི་གྲུབ་འབྲས་རྒྱུན་མཐུད་བརྟན་དུ་བཏང་སྟེ་གང་མགྱོགས་ནད་དཔེ་གཅིག་ཀྱང་མི་ལྷག་པ་བྱེད་རྒྱུ་རེད།
  ཟླ་6ཚེས་26ཉིན་གྱི་མཚན་མོའི་ཆུ་ཚོད་12ནས་15བར། པེ་ཅིང་དུ་རང་ཡུལ་གྱི་ཏོག་གསར་རིམས་ནད་འགོས་པའི་ནད་དཔེ་2མང་དུ་ཕྱིན་ཡོད། ཚེས་26ཉིན་2022ལོའི་པེ་ཅིང་གྲོང་ཁྱེར་གྱི་འབྲིང་རྒྱུགས་བདེ་བླག་ངང་མཇུག་འགྲིལ་བ་རེད། འབྲེལ་ཡོད་བཀོད་སྒྲིག་གཞིར་བཟུང་། ཚེས་27ཉིན་པེ་ཅིང་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་སློབ་གྲྭར་ལོག་པ་དང་། བུ་བཅོལ་ཁང་གི་བྱིས་པ་ཟླ་7ཚེས་4ཉིན་བུ་བཅོལ་ཁང་དུ་ལོག་རྒྱུ་རེད། བཀག་སྡོམ་ཁུལ་དང་། དོ་དམ་ཚོད་འཛིན་ཁུལ། ཁྱིམ་དུ་ལོགས་སྡོད་བཅས་ཀྱི་སློབ་མ་མུ་མཐུད་ཁྱིམ་དུ་སློབ་སྦྱོང་བྱེད་ཀྱི་ཡོད། མིག་སྔར་སློབ་གྲྭའི་གྲ་སྒྲིག་ལས་དོན་ཁག་ཚང་མ་ལེགས་གྲུབ་ཟིན་ཞིང་། པེ་ཅིང་གྲོང་ཨུད་སློབ་གསོ་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ལི་དབྱི་ཡིས། པེ་ཅིང་གིས་རྒྱུན་རྣམ་ཅན་གྱི་ཉིང་སྐྱུར་འཐེན་བཤེར་ལམ་ལུགས་མཐའ་འཁྱོངས་བྱས་ཏེ། སློབ་གྲྭ་འབྲིང་ཆུང་གི་དགེ་སློབ་སློབ་གྲྭར་སྡོད་རིང་གཟའ་འཁོར་རེར་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས་རེ་བྱེད་རྒྱུ་དང་། ཐེངས་རེར་ཉུང་མཐར་ཡང་ཆུ་ཚོད་48བར་གསེང་འཇོག་རྒྱུ། རྟག་ཏུ་འཐེན་བཤེར་བྱེད་སྐབས་འཐེན་བཤེར་གྱི་བསྡུར་ཚད་འོས་འཚམ་རྒྱུན་འཁྱོངས་བྱེད་རྒྱུ་བཅས་རེད། བདེ་སྲུང་དང་། ཟ་ཁང་། གཙང་སྦྲ། ཉལ་ཁང་དོ་དམ་སོགས་གཙོ་གནད་མི་ཚོགས་ལ་ལས་རིགས་ཀྱི་གཏན་འབེབས་ལྟར་ཉིང་སྐྱུར་བརྟག་དཔྱད་བྱེད་རྒྱུ་དང་། རྩ་དོན་ཐད་གཟའ་འཁོར་རེར་སློབ་གྲྭའི་ཁོར་ཡུག་གི་མ་དཔེ་འཚོལ་བསྡུ་ཐེངས་རེ་བྱེད་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
  ཕྱོགས་གཅིག་ནས་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་བརྟན་པོ་འཕར་བ་བྱེད་རྒྱུ་ཡིན་ཞིང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་གི་ངོས་ནས། ཉིན་ཤས་གོང་པེ་ཅིང་གིས་རྣམ་གྲངས་གལ་ཆེན་དོན་འཁྱོལ་གྱི་ལས་དོན་བཀོད་གཏོང་ཚོགས་འདུ་འཚོགས་ནས་གཙོ་གནད་རྣམ་གྲངས་ཀྱི་འཕེལ་རིམ་མགྱོགས་སུ་གཏོང་བ་དང་འགག་རྩའི་དཀའ་གནད་སེལ་བ་སོགས་མཐུན་སྦྱོར་བཀོད་གཏོང་བྱས་ཏེ། རྣམ་གྲངས་གལ་ཆེན་དོན་འཁྱོལ་དང་གཞན་སྒྱུར་ལ་དམ་འཛིན་ནན་པོ་བྱེད་པ་དང་མ་དངུལ་ནུས་ལྡན་བཏང་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་ཀྱི་ནུས་པ་བཏོན་ཏེ་དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་ཡོང་བའི་འགན་ལེན་བྱས་པ་རེད། དེ་དང་དུས་མཚུངས་པེ་ཅིང་གྲོང་ཁྱེར་གྱིས་སྤྱི་ཚོགས་ལ་ཕྱོགས་ནས་རྣམ་གྲངས་155འོས་སྦྱོར་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར་1456བཏང་བ་དེ་ནི་ཉེ་བའི་ལོ་ལྔའི་རིང་གི་མཐོ་ཤོས་ཡིན་པ་རེད།