ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

2018ལོའི་འགྱུར་བ་འདི་ཚོ་ནི་ང་ཚོ་དང་འབྲེལ་བ་དམ་པོ་ཡོད་པ།

སྤེལ་དུས 2018-01-10 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། མཁའ་འགྲོ།
           མི་དམངས་དྲ་བའི་འཕྲིན།  ན་ནིང་ལོའི་ལོ་མཇུག་ནས་ད་ལོའི་ལོ་འགོའི་བར་དུ། པུའུ་དང་ཨུ་ལྷན་མང་པོས་གཅིག་རྗེས་གཉིས་མཐུད་དུ་ལས་དོན་གྲོས་ཚོགས་འཚོགས་ནས་དུས་རིམ་རྗེས་མའི་ལས་དོན་གཙོ་བོ་སྒྲིག་བཀོད་དང་ཇུས་འགོད་བྱས་པ་རེད། ལོ་གསར་པ་ཤར་བའི་སྐབས་འདིར། པུའུ་དང་ཨུ་ལྷན་ཁག་གི་ལོ་འཁོར་མོའི་དམིགས་ཡུལ་གྱིས་ང་ཚོའི་འཚོ་བར་ཤུགས་རྐྱེན་ཅི་ཞིག་ཐེབས་སྲིད་པ་མཉམ་དུ་གཟིགས་དང་།
           ཆུ་བེད་པུའུ། ཆུ་བོ་རེ་རེ་ཚང་མར་ཆུ་བོའི་དཔོན་རེ་ཡོད་པ་དང་། གནོད་འཚེ་ཐེབས་པའི་ཁག་འགན་ནམ་འཚོའི་བར་དུ་བདའ་འདེད་བྱ་རྒྱུ།
           “མཚེའུ་ནི་སྐྱེ་ཁམས་ཁོར་ཡུག་གི་གྲུབ་ཆ་གལ་ཆེན་ཡིན་པས། མཚེའུ་ལ་གནོད་སྐྱོན་བཏང་བའི་ཁག་འགན་ནམ་འཚོའི་བར་དུ་བདའ་འདེད་བྱ་རྒྱུའི་ལམ་ལུགས་ལག་ལེན་བསྟར་རྒྱུ་ཡིན་པ།”
           ཆུ་བེད་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲུའུ་ཞུའེ་ཝུན་གྱིས་ཟླ་1ཚེས་5ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་ལས་ཁང་གི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་རྒྱལ་ཡོངས་སུ་ཆུ་བོའི་དཔོན་ཁྱོན་བསྡོམས་ཁྲི་90ལྷག་ཡོད་ཅིང་། སྤྱིའི་འཕར་རིམ་སྔོན་དཔག་ལས་བརྒལ་ཡོད་པ་རེད། འབྲེལ་ཡོད་མཛུབ་སྟོན་དགོངས་འཆར་ལ་གཞིགས་ན། 2018ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་སུ་ཕྱོགས་ཡོངས་ནས་ཆུ་བོའི་དཔོན་ལམ་ལུགས་དང་མཚེའུ་དཔོན་ལམ་ལུགས་བཙུགས་ནས་ཆུ་རྒྱུན་རེ་རེ་དང་མཚེའུ་རེ་རེ་ཚང་མར་ཆུ་བོའི་དཔོན་དང་མཚེའུ་དཔོན་རེ་ཡོད་པ་འགན་ལེན་ཏན་ཏིག་བྱ་དགོས་ཞེས་བསྟན་པ་རེད།
           འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཨུ་ལྷན། སྨན་བཅོས་ཞབས་ཞུ་ལེགས་སུ་གཏོང་བའི་ལོ་3གྱི་བྱ་སྤྱོད་འཆར་གཞི་རེས་འཁོར་གསར་པ་སྤེལ་འགོ་རྩོམ་རྒྱུ།
           འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཨུ་ལྷན་གྱི་ཀྲུའུ་རེན་ལི་པིན་གྱིས་ཚེས་4ཉིན་འཚོགས་པའི་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ལས་དོན་ཚོགས་འདུའི་ཐོག 2018ལོར་སྨན་བཅོས་ཞབས་ཞུ་ལེགས་སུ་གཏོང་བའི་ལོ་3གྱི་བྱ་སྤྱོད་འཆར་གཞི་སྤེལ་འགོ་རྩོམ་རྒྱུ་ཡིན་པ་དང་། རིག་གཞུང་ཚན་ཁག་མང་པོའི་ནད་བརྟག་སྨན་བཅོས་བྱེད་སྟངས་ཁྱབ་སྤེལ་དང་། འཕྲལ་བཅོས་མྱུར་སྐྱོབ་ཞབས་ཞུ་གསར་གཏོད། མུ་འབྲེལ་སྨན་བཅོས་ཞབས་ཞུ་མཁོ་འདོན། འཕྲལ་དལ་ལོགས་འབྱེད་སྨན་བཅོས་མངོན་འགྱུར་ལ་སྐུལ་སྤེལ། རྣམ་དཔྱོད་སྨན་ཁང་འཛུགས་སྐྲུན་སོགས་ཕྱོགས་10ཡི་ཐད་ནས་སྨན་བཅོས་ཞབས་ཞུ་གསར་གཏོད་ཀྱིས་སྤེལ་རྒྱུ་མ་ཟད། སྨན་ཁང་ལ་སྔོན་མངག་ནད་བརྟག་སྨན་བཅོས་དང་། རྒྱང་བསྟེན་སྨན་བཅོས། ཞིབ་བཤེར་བརྟག་བཤེར་བྱས་འབྲས་ཕན་ཚུན་ཁས་ལེན་སོགས་ཀྱི་ལམ་ལུགས་འཛུགས་སྤེལ་བྱ་རྒྱུའི་བླང་བྱའང་འདོན་དགོས་ཞེས་ངོ་སྤྲོད་བྱས་པ་རེད།
           འགྲིམ་འགྲུལ་པུའུ།  སྤྱི་ལེ་5000ཡི་མྱུར་བགྲོད་གཞུང་ལམ་གསར་པ་སྣོན་རྒྱུ།
           རྒྱལ་ཡོངས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་གྲོས་ཚོགས་ཐོག་2018ལོར་མཁོ་འདོན་ཕྱོགས་བསྒྱུར་བཅོས་ཟབ་སྤེལ་དང་དངོས་ཟོག་སྐྱེལ་འདྲེན་མ་གནས་སྔར་ལས་དམའ་རུ་གཏོང་རྒྱུ་དང་། འགྲིམ་འགྲུལ་གྱིས་དབུར་སྐྱོར་སྐུལ་སྤེལ་གཏོང་རྒྱུ། ལྗང་མདོག་གི་འགྲིམ་འགྲུལ་དར་སྤེལ་གཏོང་རྒྱུ། རྒྱལ་ཁབ་ཀྱི་གཙོ་གནད་ཆེ་བའི་འཐབ་ཇུས་ལག་བསྟར་ལ་ཞབས་ཞུ་བྱ་རྒྱུ་སོགས་གཙོ་གནད་ལས་དོན་12བཀོད་སྒྲིག་བྱས་པ་རེད།
           མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། གླ་ཕོགས་ཡོང་འབབ་བགོ་བཤའི་ལམ་ལུགས་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ།
           གྲོས་ཚོགས་ཐོག་2018ལོར་མྱུར་བགྲོད་གཞུང་ལམ་ཤར་གཏོང་ལམ་ཐག་སྤྱི་ལེ་5000གསར་སྣོན་བྱ་རྒྱུ་དང་། རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་གཙོ་བོ་སྤྱི་ལེ་ཁྲི་1.6གསར་སྐྲུན་དང་བཅོས་སྐྲུན་བྱེད་རྒྱུ། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་20གསར་སྐྲུན་དང་བཅོས་སྐྲུན་བྱེད་རྒྱུ་གསལ་པོར་བསྟན་པ་རེད། 
           ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་དབྱི་ཝེ་མིང་གིས་རྒྱལ་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་གྲོས་ཚོགས་ཐོག་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལས་དོན་ལ་ཕྱིར་དྲན་བྱས་ནས་རང་རྒྱལ་གྲོང་ཁྱེར་དང་གྲོང་རྡལ་ཁག་ཏུ་ལས་ཞུགས་གསར་སྣོན་བྱས་གྲངས་སྔ་ཕྱི་སྡེབ་རྩིས་བྱས་ན་མི་ཁྲི་6500ལས་བརྒལ་ཡོད་པ་དང་། སྤྱི་ཚོགས་འགན་སྲུང་གཱ་བཟུང་ཡོད་པའི་མི་གྲངས་དུང་ཕྱུར་10.7ལས་བརྒལ་ཡོད་པ། སྤྱི་ཚོགས་འགན་བཅོལ་ལྔའི་ཐེབས་རྩའི་གཏོང་ཡོང་གི་གཞི་ཁྱོན་རྒྱུན་མཐུད་ངང་རྒྱ་སྐྱེད་བཏང་ནས་སྔ་ཕྱི་སྡེབ་རྩིས་བྱས་ན་ལྷག་འཕྲོ་དུང་ཕྱུར་ཁྲི་7.4ཡོད་པ་རེད།
           2018ལོའི་ལས་དོན་གྱི་ཐད་ལ་དབྱི་ཝེ་མིང་གིས་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་བྱུང་ཚུལ་ལ་དམ་པོར་དམིགས་པ་དང་། སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བའི་བླང་བྱར་གཞིགས་ནས་ཤུགས་གང་ཡོད་བཏོན་ནས་ལས་ཞུགས་དང་ལས་ལམ་གསར་འབྱེད་ལ་སྐུལ་སྤེལ་གཏོང་རྒྱུ་དང་། སྤྱི་ཚོགས་འགན་སྲུང་བསྒྱུར་བཅོས་ཟབ་སྤེལ་བྱ་རྒྱུ། ཤེས་ལྡན་མི་སྣ་དཔུང་སྡེ་འཛུགས་སྐྱོང་གང་མགྱོགས་བྱ་རྒྱུ། མི་དོན་དོ་དམ་གསར་གཏོད་ལ་སྐུལ་སྤེལ་གཏོང་རྒྱུ། གླ་ཕོགས་ཡོང་འབབ་བགོ་བཤའི་ལམ་ལུགས་འཐུས་སྒོ་ཇེ་ཚང་གཏོང་རྒྱུ། འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་སྐྱོང་བྱ་རྒྱུ། སྤྱི་པའི་ཞབས་ཞུའི་ནུས་པ་ཇེ་ཆེར་གཏོང་རྒྱུ་བཅས་ཡིན་ཞེས་བཏོན་པ་རེད།