ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

2017ལོའི་གངས་ལྗོངས་རོལ་དབྱངས་ཀྱི་བྱ་དགའ་སྤྲོད་པའི་མཛད་སྒོ་སྤེལ་ཏེ། བསོད་ནམས་མགོན་པོ་དང་དབང་མོ་གཉིས་ལ་གཞས་པ་གཞས་མ་ལེགས་ཤོས་ཀྱི་བྱ་དགའ་འཐོབ་པ།

སྤེལ་དུས 2018-01-10 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
             ཀྲུང་གོའི་བོད་ལྗོངས་དྲ་བ་ནས་གནས་ཚུལ་འབྱོར་གསལ། ཟླ1པོའི་ཚེས6ཉིན་གྱི་ཆུ་ཚོད19སྟེང་། བོད་རང་སྐྱོང་ལྗོངས་རོལ་དབྱངས་མཁས་ཅན་མཐུན་ཚོགས་ཀྱིས་གཙོ་སྒྲུབ་གནང་བའི“2017ལོའི་གངས་ལྗོངས་རོལ་དབྱངས་ཀྱི་ལོ་རེའི་རོལ་དབྱངས་ཀྱི་བྱ་དགའ་སྤྲོད་པའི་མཛད་སྒོའི”བྱ་འགུལ་དེ་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་གཟབ་རྒྱས་ངང་འཚོགས་པ་དང་། བསོད་ནམས་མགོན་པོ་དང་དབང་མོ་གཉིས་ལ་གཞས་པ་གཞས་མ་ལེགས་ཤོས་ཀྱི་བྱ་དགའ་འཐོབ་པ་རེད།
བསོད་ནམས་མགོན་པོར་གཞས་པ་ལེགས་ཤོས་ཀྱི་བྱ་དགའ་འཐོབ་པ། ཀྲའོ་ཡོས་པར་བླངས།
དབང་མོར་གཞས་མ་ལེགས་ཤོས་ཀྱི་བྱ་དགའ་འཐོབ་པ། ཀྲའོ་ཡོས་པར་བླངས།
             དགོང་མོ་དེར། ད་རུང“གླུ་དབྱངས་རྩེ་གྲའི་བྱ་དགའ་ཆེན་པོ་བཅུ”དང་། “MVལེགས་ཤོས” “གླུ་ཚིག་དང་གཞས་གདངས་གསར་རྩོམ་ལེགས་ཤོས་ཀྱི་བྱ་དགའ” “གསར་སྐྱེས་གླུ་བ་ལེགས་ཤོས་ཀྱི་བྱ་དགའ”“རོལ་ཚོགས་ལེགས་ཤོས་ཀྱི་བྱ་དགའ”“རོལ་དབྱངས་སྔོན་ཐོན་གྱི་བྱ་དགའ”སོགས་གནང་ཞིང་། བོད་ཀྱི་རོལ་དབྱངས་མཁན་པད་གཡུ་བཀྲ་ཤིས་དང་། བསྟན་ཆོས་ཨ་ཏི་སོགས་ལ་བྱ་དགའ་འཐོབ།
             གཞས་པ་ལེགས་ཤོས་འཐོབ་མཁན་གྱི་བསོད་ནམས་མགོན་པོས་གཙོ་སྒྲུབ་ཕྱོགས་སོགས་ཀྱིས་དུས་ཡུན་རིང་པོར་མི་རིགས་ཀྱི་རོལ་དབྱངས་ལ་རྒྱབ་སྐྱོར་དང་སྐུལ་མ་བཏང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བོད་ཀྱི་རོལ་དབྱངས་ལ་དགའ་བའི་གྲོགས་པོ་ཡོངས་ཀྱིས་སྔར་བཞིན་མུ་མཐུད་དུ་བོད་མི་རིགས་ཀྱི་རོལ་དབྱངས་ཀྱི་རིག་གནས་ལ་དོ་སྣང་དང་དགའ་པོ་བྱེད་པའི་རེ་བ་བྱེད་ཅེས་བཤད།
             རོལ་གཞས་རྩེ་གྲ་བཅུའི་བྱ་དགའ་འཐོབ་པའི《གནམ་མཐའི་ལྷ་ས》ཞེས་པའི་གཞས་པ་བསྟན་ཆོས་ཨ་ཏིས་གསར་འགོད་པར།  གླུ་དབྱངས་འདི་ནི་ཁོང་གི་ཐོག་མའི་བརྩམས་ཆོས་ཡིན་ཞིང་། དེར་རོལ་གཞས་རྩེ་གྲ་བཅུའི་བྱ་དགའ་ཐོབ་པ་ནི་ཧ་ཅང་དགའ་འོས་པ་ཞིག་ཡིན་ཞེས་བཤད་པ་དང་། ཁོང་གིས“2018ལོར་རང་ཉིད་ལས་བརྒལ་ཏེ་དེ་བས་ཀྱང་སྙན་འཇེབས་ལྡན་པའི་གླུ་དབྱངས་གསར་རྩོམ་གནང་སྟེ་རང་ཉིད་ལ་དགའ་བའི་ལྟད་མོ་བ་རྣམས་ལ་འབུལ་རྒྱུའི་རེ་བ་ཡོད”ཅེས་བཤད།

བྱ་དགའ་འཐོབ་པའི་གཞས་པ་རྣམས་ཀྱིས་ངོ་མཚར་བའི་འཁྲབ་སྟོན་བྱེད་པ། ཀྲའོ་ཡོས་པར་བླངས།
             བོད་རང་སྐྱོང་ལྗོངས་རོལ་དབྱངས་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་མེ་རྣམ་རྡོ་རྗེས་བཤད་རྒྱུར། 2017ལོའི་གངས་ལྗོངས་རོལ་དབྱངས་ཀྱི་ལོ་རེའི་རོལ་དབྱངས་ཀྱི་བྱ་དགའ་སྤྲོད་པའི་དགའ་སྟོན་གཟབ་རྒྱས་ངང་སྤེལ་བ་འདིས་ན་གཞོན་རྣམས་རོལ་དབྱངས་ཀྱི་བྱ་གཞག་ཞུགས་ཏེ་ཕུལ་བྱུང་བརྩམས་ཆོས་མང་པོ་གསར་རྩོམ་བྱེད་པར་སྐུལ་ལྕག་གཏོང་བའི་སྒུལ་ཤུགས་སུ་འགྱུར་ཐུབ་པར་སྨོན་ཞེས་གསུངས་པ་དང་། ཁོས་བོད་ལྗོངས་ཀྱི་ན་གཞོན་རོལ་དབྱངས་ཅན་གྱིས་རིག་གནས་ཀྱི་མཚར་སྡུག་ཆེ་བ་དང་། འཕེལ་རྒྱས་མགྱོགས་པའི་དུས་རབས་སུ་རང་མི་རིགས་ཀྱི་རོལ་དབྱངས་ཀྱི་རྨང་གཞིའི་སྟེང་མཚམས་མི་ཆད་པར་གསར་གཏོད་བྱས་ཏེ། རང་མི་རིགས་ཀྱི་རོལ་དབྱངས་ཀྱི་ཡལ་འདབ་སྟུག་པོར་རྒྱས་ནས་མཇུག་མཐར་ཀྲུང་གོ་ཡོངས་དང་འཛམ་གླིང་སུ་ཁ་ཕྱོགས་པར་སྐུལ་མ་བཏང་། 
གཞས་པ་ཡོངས་ཀྱིས་མཉམ་གཅིག་ཏུ་གླུ་གཞས་གཏོང་བ། ཀྲའོ་ཡོས་པར་བླངས།
བྱ་འགུལ་མཇུག་རྫོགས་རྗེས། གཞས་པ་དང་སྐུ་མགྲོན་རྣམས་ཀྱིས་དྲན་རྟེན་གྱི་མཉམ་པར་རྒྱག་པ།  ཝང་ཧྲུའུ་ཡིས་པར་བླངས།