ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

《ཧ་ལས་དགོས་པའི་བཟོ་བོ》དུས་ཐེངས་གསུམ་པ་སྟོན་ལ་ཉེ།

སྤེལ་དུས 2018-01-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
             ཀྲུང་གོའི་བོད་ལྗོངས་དྲ་བར་གནས་ཚུལ་འབྱོར་གསལ། ཟླ1པོའི་ཚེས9ཉིན། མུ་འབྲེལ་དངོས་བཤུས་གློག་བརྙན་ཐུང་གྲས《ཧ་ལས་དགོས་པའི་བཟོ་བོ》དུས་ཐེངས་གསུམ་པའི་ཡོངས་བསྒྲགས་ཚོགས་འདུ་པེ་ཅིང་དུ་སྤེལ་འགོ་ཚུགས་པ་དང་། དུས་ཐེངས་གསུམ་པའི་མཚན་འཛིན་ལྟ་ཞིབ་སྒྲིག་བཟོ་བ། འཁྲབ་ཁྲིད་པ་ཀྲང་དབྱང་དང་། བཟོ་བོའི་འཐུས་མི། ཐང་ག་ལྷ་རིས་པ་བསྟན་འཛིན་ཕུན་ཚོགས་སོགས་སྐུ་མགྲོན་འགོ་ཚུགས་མཛད་སྒོར་ཞུགས་ཡོད་འདུག
སྐུ་མགྲོན་གྱིས《ཧ་ལས་དགོས་པའི་བཟོ་བོ》དུས་ཐེངས་གསུམ་པ་སྤེལ་འགོ་ཚུགས་པ། 
             དགེ་སློབ་ནི་ལག་རྩལ་ཁྲིད་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད་གཡོལ་ཐབས་མེད་པའི་མི་དང་མིའི་བར་གྱི་འབྲེལ་བ་ཞིག་ཡིན་ཏེ། ཇི་ལྟར་སྲོལ་རྒྱུན་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་གསར་གཏོད་དར་སྤེལ་གཏོང་རྒྱུ་ནི་དགེ་སློབ་གང་ཡིན་རུང་ངེས་པར་དུ་མདུན་དུ་ལྷགས་པའི་གདམ་ག་ཞིག་ཡིན་སྲིད། དུས་ཐེངས་འདིའི《ཧ་ལས་དགོས་པའི་བཟོ་བོ》ཡིས་“དགེ་རྒན་ཤར་ནས་བྱོན”ཞེས་པ་བརྗོད་གཞི་གཙོ་བོར་བཟུང་ནས་ཤར་ཕྱོགས་རིག་གནས་མ་ལག་ཁྲོད་ཀྱི་དགེ་སློབ་གོ་དོན་མཚོན་ཡོད་པ་དང་། ལག་རྩལ་ཕུད་པའི་བློ་ཐབས་མཁས་པོའི་སྐོར་ཡང་འཆད་ཡོད་པ་རེད།
འཁྲབ་ཁྲིད་པ་ཀྲང་དབྱང( གཡོན)འགོ་ཚུགས་མཛད་སྒོར་ཞུགས་པ།
             ཀྲང་དབྱང་གིས།《ཧ་ལས་དགོས་པའི་བཟོ་བོ》ནི་མྱུར་ཚད་ཤིན་ཏུ་མགྱོགས་པའི་སྒོ་ནས་་ཟིན་ཐོ་བཀོད་རིན་ཡོད་པའི་བྱ་དངོས་དག་ཟིན་ཐོར་བཀོད་པ་ཞིག་སྟེ། འཁྲབ་ཁྲིད་པ་ཞིག་གི་ངོས་ནས། ངས་ནི་དེ་ལས་ཀྱང་མིའི་ལུས་སྟེང་གི་དོན་སྙིང་ལྡན་པ་དག་མངོན་འདོད་ཡོད་ལ། མི་ཨང་དང་པོར་བཞག་པ་ཡིན”ཞེས་བརྗོད་བྱུང་།
བཟོ་བོའི་འཐུས་མི། ཐང་ག་ལྷ་རིས་ཆེན་མོ་བསྟན་འཛིན་ཕུན་ཚོགས(གཡོན་གྱི་གཉིས་པ)སོགས་སྐུ་མགྲོན་མཛད་སྒོར་ཞུགས་པ།
             བསྟན་འཛིན་ཕུན་ཚོགས་ནི་དངོས་བཤུས་གློག་བརྙན་འདིའི་དུས་ཐེངས་གཉིས་པའི་བརྙན་ལེན་ཡུལ་གཙོ་བོ་ཡིན་ལ། དངོས་བཤུས་གློག་བརྙན་དེ་བསྟན་རྗེས། ཁོས་བཙུགས་པའི་ཐང་གའི་སློབ་གྲྭའི་སློབ་མ་ནི་དེ་སྔོན་ལས་ལྡབ་གཅིག་གིས་མང་བར་གྱུར་ཞིང་།  དེ་དག་ནི་ཕལ་ཆེ་བ་ཞིང་འབྲོག་ཁུལ་ནས་འོང་པ་ཡིན་ལ། དེའི་ནང་ད་དུང་ཨ་རི་ནས་ཡོང་བའི་སློབ་མ་ཡང་ཡོད་པ་རེད།
《ཧ་ལས་དགོས་པའི་བཟོ་བོ》དུས་ཐེངས་གཉིས་པའི་ནང་གི་སྡེ་དགེ་དཔར་ཁང་ཆོས་དཔེ་དཔར་བརྐོས་བཟོ་རྩལ་རྒྱུན་འཛིན་པ་ཕུན་ཚོགས་ཚེ་རིང་རེད།
             དངོས་བཤུས་གློག་བརྙན་ཐུང་གྲས《ཧ་ལས་དགོས་པའི་བཟོ་བོ》ནི་ཀྲི་ལོའུ་ན་གཞོན(ཀྲུང་གོ་)རིག་གནས་ཚད་ཡོད་ཀུང་སིས་བཟོས་པ་ཡིན་ལ། བརྙན་མིག་ནི་བཟོ་བོའི་ལག་རྩལ་འཚོ་བར་གཏད་དེ། གོས་འཐག་དང་ཚོན་རྩིའི་ཡོ་བྱད། ཐང་ཀ རླུང་གཡབ། ཆོས་དཔེ་དཔར་བརྐོ་སོགས་ཕྱོགས་མང་པོར་ཁྱབ་ཡོད་ལ། བྱེ་བྲག་ཏུ2016ལོ་དང2017ལོར་སྔ་མའི་དུས་ཐེངས་གཉིས་ཡོངས་བསྒྲགས་བྱས་པ་ཡིན་ལ།  བཟོ་རྩལ་ཐོན་རྫས་རྩེར་སོན་དང་བཟོ་རྩལ་ཐོན་རྫས་རྒྱབ་ཀྱི་སེམས་འགུལ་ཐེབས་པའི་གཏམ་རྒྱུད་དེས་ལྟད་མོ་བ་མང་པོའི་ཡིད་དབང་བཀུག་ཡོད་ཅིང་། དྲ་རྒྱའི་སྟོན་ཚད་དུང་ཕྱུར2ལས་བརྒལ་བ་རེད།
ཡུལ་དངོས་ཀྱི་ཤོག་དྲས་འདྲ་གཟུགས་བརྩམས་ཆོས་འགྲེམས་སྟོན།
             ཡུལ་དངོས་ནས་ཐེངས་དང་པོར་དུས་ཐེངས་གསུམ་པའི་ལེའུ་དང་པོ་བསྟན་པ་དང་།  དགེ་རྒན་དང་དགེ་ཕྲུག་བར་གྱི་ཁྲིད་སྟོན་དང་སློབ་སྦྱོང་། རོགས་ལས་དང་འགལ་རྩོད་བརྗོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 《ཧ་ལས་དགོས་པའི་བཟོ་བོ》དུས་ཐེངས་གསུམ་པ་དེ་ཟླ1 པོའི་ཚེས18 ཉིན་ཡོའུ་ཁོའུ་དྲ་བར་ཐོག་མར་སྟོན་རྒྱུ་རེད་འདུག