ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

འཛམ་གླིང་གི་ཆེས་རིང་བའི་ལོ་རྒྱུས་སྙན་རྩོམ་རིང་མོ«གེ་སར་སྒྲུང་»གི་མྱུར་སྐྱོབ་ལ་གྲུབ་འབྲས་ཆེན་པོ་བླངས།

སྤེལ་དུས 2018-03-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ཚེ་རིང་གིས་བསྒྱུར།

          གསར་འགོད་པས་སྤྱི་ཚེས་༡༡ཉིན་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ནས་རྒྱུས་ལོན་བྱས་པ་ལྟར་ན། འཛམ་གླིང་གི་ཆེས་རིང་བའི་ལོ་རྒྱུས་སྙན་རྩོམ་རིང་མོ «གེ་སར་སྒྲུང་» གི་མྱུར་སྐྱོབ་ལ་གྲུབ་འབྲས་ཆེན་པོ་བླངས་པ་དང་། དམངས་ཁྲོད་ཀྱི་སྒྲུང་བ་བཞི་ཡིས་བཤད་པའི་སྒྲུང་དཔེ་དངོས་སུ་པར་བསྐྲུན་བྱས།
          ཐེངས་འདིར་པར་བསྐྲུན་བྱས་པའི་སྒྲུང་དཔེ་བཞི་བོ་ནི། «ཞེ་ཡུའི་ཁྱི་རྫོང་»  «མཐིང་གླིང་གཡུལ་འགྱེད་» «བྱང་གནམ་ཁྲི་ལུག་རྫོང་»  «ཁ་རོང་གསེར་རྫོང་»བཅས་ཁྱོན་བསྡོམས་མུ་འབྲེལ་དཔེ་ཚོགས་༡༤གྲུབ་ཡོད། 
         «གེ་སར་སྒྲུང་གི་དམངས་ཁྲོད་སྒྲུང་བས་བཤད་པའི་སྒྲུང་དཔེ་»ཡི་མུ་འབྲེལ་དཔེ་ཚོགས་༢༠༠༩ལོར་འགོ་བརྩམས་ཤིང་། སྒྲུང་དཔེ་ཡོངས་ལ་ཡིག་འབྲུ་ཁྲི་༤༠༠ཡོད་ལ། ད་རུང་རྒྱལ་ཁབ་དང་ལྗོངས་རིམ་པའི་དམངས་ཁྲོད་ཀྱི་སྒྲུང་བའི་སྒྲུང་༢༠ལྷག་སྒྲ་ལེན་བསྡུ་རུབ་བྱེད་པའི་འཆར་གཞི་འདུག  པར་བསྐྲུན་འགྲེམས་སྤེལ་བྱས་པའི་སྒྲུང་དཔེ་ལ་སྤྱི་ཚོགས་མིའི་རིགས་རིག་པའི་དོན་སྙིང་དང་ཁྱད་ཆོས་ལྡན་ལ། དེའི་ཁྲོད་ཀྱི་སྒྲུང་ཁག་མང་བོས་བོད་གནའ་རབས་སྤྱི་ཚོགས་ཀྱི་སྣང་ཚུལ་མཚོན་པར་མ་ཟད། ལོ་རྒྱུས་ཡིག་ཚང་དུ་དཀོན་པའི་དམངས་སྲོལ་མང་བོ་དེ་གར་བཀོད་ཡོད། འདིས་ལོ་རྒྱུས་སྙན་རྩོམ་རིང་མོ་ «གེ་སར་སྒྲུང་» གི་སྟོང་ཆ་གསར་བ་ཞིག་ཀྱང་བསྐངས་ཡོད་པ་རེད།
          བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་ཁང་གི་འགན་གཙོ་ཚེ་རིང་ཕུན་ཚོགས་ཀྱིས་བཤད་རྒྱུར། པར་བསྐྲུན་བྱས་པའི་«གངས་མཐིང་གཉེན་སྟོན་ཆེན་མོ»ཞེས་པ་རུ་གངས་ཚོ་བའི་སྲས་མོ་མཐིང་ཚོ་བར་བསྐྱོད་པའི་གཉེན་གྱི་གཏམ་རྒྱུད་དེ་བརྗོད་ཡོད་ལ། འདི་རུ་ཞིབ་ཚགས་ཀྱིས་བོད་ཀྱི་གནའ་བོའི་གཉེན་སྲོལ་རིག་གནས་དང་། བོད་ཀྱི་བྱང་འབྲོག་ནས་མངའ་རིས་རྩྭ་ཐང་བར་གྱི་སྤྱི་ཚོགས་ཀྱི་གོམས་སྲོལ་མང་བོ་མཚོན་ཡོད། «ཞེ་ཡུའི་ཁྱི་རྫོང་» དུ་བོད་ཀྱི་འབྲོག་ཁྱིའི་རིགས་དང་རིགས་ཇི་ལྟར་བགར་ཚུལ་སོགས་འབྲེལ་ཡོད་ཀྱི་རྒྱུ་ཆ་མང་བོ་ཉར་ཡོད་པས་བོད་ཀྱི་འབྲོག་ཁྱིའི་རིག་གནས་ཞིབ་འཇུག་ལ་དོན་སྙིང་ཆེན་པོ་ལྡན། 
          «གེ་སར་སྒྲུང་» ནི་བོད་གནའ་རབས་ཀྱི་ལྷ་སྒྲུང་དག་ངག་རྒྱུན། གཏམ་རྒྱུད། གླུ་དང་གཏམ་དཔེ་སོགས་དམངས་ཁྲོད་རྩོམ་རིག་གི་རྨང་གཞིའི་སྟེང་གྲུབ་པ་དང་འཕེལ་རྒྱས་བྱུང་བ་དང་། བོད་གནའ་རབས་ཀྱི་སྤྱི་ཚོགས་ལོ་རྒྱུས་ཀྱི་གཏེར་བུམ་ཆེན་པོ་ལྟ་བུའི་བརྩམས་ཆོས་ཤིག་ཀྱང་ཡིན་པ་རེད། བོད་དམངས་ཁྲོད་ཀྱི་སྒྲུང་བ་ནི་གནའ་བོའི་སྒྱུ་རྩལ་གྱི་ཕ་ནོར་རྩ་ཆེན་འདི་རྒྱུད་འཛིན་དང་ཁྱབ་གདལ་དུ་གཏོང་མཁན་ཡིན། སྒྱུ་རྩལ་བ་མང་བོས་ངག་རྒྱུན་ལ་བརྟེན་ནས་རྒྱུད་འཛིན་བྱེད་ཀྱིན་ཡོད་ལ། ཡུན་རིང་གི་རྒྱུན་འཛིན་ཁྲོད་བར་མ་ཆད་པར་ཕ་ནོར་འདི་ཡི་བརྗོད་དོན་ཕུན་ཚོགས་དང་ཇེ་རྒྱས་སུ་གཏོང་བཞིན་ཡོད་པས། ལོ་རྒྱུས་སྙན་རྩོམ་ཁག་༢༠༠ཡས་མས་ཤིག་གྲུབ་ཡོད་པ་དང་། ༢༠༠༩ལོར་བོད་ཀྱི་ལོ་རྒྱུས་སྙན་རྩོམ་རིང་མོ་« གེ་སར་སྒྲུང་» ནི་འཛམ་གླིང་གི་གཟུགས་འདས་རིག་གནས་ཀྱི་ཤུལ་བཞག་རྩ་ཆེན་དུ་བདམས་སོ། །