ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

བསྟན་པའི་འོད་ཟེར་ཝུན་ཁྲོན་ཕྱོགས་སུ་འཕྲོ། དཀའ་སྡུག་དང་བླངས་བགྱིས་ནས་མདུན་དུ་བསྐྱོད།

སྤེལ་དུས 2018-05-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
——པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ཝུན་ཁྲོན་ས་ཡོམ་བྱུང་ནས་ལོ་ངོ་བཅུ་འཁོར་བའི་རྗེས་དྲན་གསུང་མཆིད།

2008ལོའི་ཟླ་5པའི་ཚེས་21ཉིན། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་པེ་ཅིང་གི་དགའ་ལྡན་བྱིན་ཆགས་གླིང་དུ་སི་ཁྲོན་གྱི་ཝུན་ཁྲོན་ས་ཡོམ་ཆེན་པོའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་སྨོན་ལམ་གསུང་བཞིན་པ།
          ཀྲུང་གོའི་བོད་ལྗོངས་དྲ་བ་ནས་གནས་ཚུལ་འབྱོར་གསལ། 2008ལོའི་ཟླ་5པའི་ཚེས་12ཉིན་གྱི་ཕྱི་དྲོའི་ཆུ་ཚོད་2དང་སྐར་མ་28ཐོག  ལི་ཧྲི་8.0རིམ་པའི་ས་ཡོམ་ཧ་ཅང་ཆེན་པོ་ཞིག་གིས་ཝུན་ཁྲོན་ལ་འཇབ་རྒོལ་བྱས་ནས་སྐད་ཅིག་ཉིད་ལ་རི་བོ་ཉིལ་ཞིང་ས་གཞི་གས་ཏེ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་ཐེབས་པ་རེད། དེ་ལྟར་བྱུང་ནས་བགྲང་བྱ་བཅུ་ཕྲག་འདས་པའི་རིང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག “5•12”ས་ཡོམ་ཆེན་པོས་ཞིག་རལ་དུ་གྱུར་བའི་ཝུན་ཁྲོན་གྱི་ཁོ་ར་ཁོར་ཡུག་ཀུན་ད་ཆ་ཡང་བསྐྱར་གསོན་ཉམས་ལྡན་ཞིང་སྐྱེ་བ་གསར་པ་ཞིག་བླངས་པ་དང་འདྲ། དེ་ཡང་ལོ་ངོ་བཅུ་ལ་ཕྱིར་དྲན་བྱེད་ཆེད་དང་། ལྷག་པར་དུ་དཀའ་སྤྱད་འབད་བརྩོན་གྱིས་མདུན་དུ་བསྐྱོད་ཆེད། ཟླ་5པའི་ཚེས་12ཉིན་གྱི་སྔ་དྲོར། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་འདི་གའི་དྲ་བ་བརྒྱུད་དེ་ཝུན་ཁྲོན་ས་ཡོམ་བྱུང་ནས་ལོ་ངོ་བཅུ་འཁོར་བར་རྗེས་དྲན་ཞུ་བའི་བཀའ་སློབ་གནང་བ་ནི་གཤམ་གསལ་ལྟར་ལགས།
བསྟན་པའི་འོད་ཟེར་ཝུན་ཁྲོན་ཕྱོགས་སུ་འཕྲོ། དཀའ་སྡུག་དང་བླངས་བགྱིས་ནས་མདུན་དུ་བསྐྱོད།
          ཝུན་ཁྲོན་སྡུག་བསྔལ་ཆེན་པོས་མནར་བ་དེ། རྒྱལ་ཁབ་ཆེན་པོའི་སྡུག་བསྔལ་ཅི་ལ་མིན། དེ་ཡང་བགྲང་བྱ་བཅུ་ཡི་ཡར་སྔོན་དུ། ས་ཡི་འཇིགས་པས་གནོད་འཚེ་ཆེར་ཐེབས་ཏེ། མི་དམངས་ཁྲི་ཕྲག་སྡུག་ལ་སྦྱར། བགྲང་བྱ་བཅུ་ཡི་རྗེས་སུ་ནི། གཞིས་ཁྱིམ་གསར་པ་ལེགས་པར་བསྐྲུན། མང་ཚོགས་བདེ་བའི་དཔལ་ལ་རོལ། ཝུན་ཁྲོན་ས་ཡོམ་གྱི་ཁྲོད་ང་ཚོས་གནོད་འཚེའི་མདུན་ནས་ཚེ་སྲོག་མི་རྟག་པ་ཚོར་བ་དང་། ཞིག་རལ་དུ་གྱུར་བའི་ས་གཞི་དེའི་སྟེང་ང་ཚོས་མི་ཡུལ་གྱི་བརྩེ་བ་དྲོན་མོ་རྙེད་ལ། བསྐྱར་འཛུགས་ཀྱི་ལས་གཞི་རབ་དང་རིམ་པའི་ཁྲོད་ནས་ང་ཚོས་ཀྲུང་གོའི་སྟོབས་ཤུགས་དངོས་སུ་མྱོང་། ཝུན་ཁྲོན་གྱི་སྙིང་སྟོབས་ལས། ཀྲུང་གོའི་མི་དམངས་ཐུན་མོང་གིས་དཀའ་ངལ་ཡོད་ཚད་ལས་རྣམ་པར་རྒྱལ་བའི་ཆོད་སེམས་དང་སྤོབས་པ་མངོན་པར་བསྟན་པས།   ཀྲུང་ཧྭ་མི་རིགས་ཡོངས་ལ་བསྐྱར་དར་རླབས་པོ་ཆེ་མངོན་ཏུ་འགྱུར་བར་ཡིད་ཆེས་དང་རེ་བ་ཇེ་བརྟན་དུ་གྱུར། ཐོལ་གྱིས་བྱུང་བའི་དགེ་བའི་སེམས་པ་དེ། །ས་ལ་བབས་པའི་སྦྲང་ཆར་ཟིལ་མ་འདྲ། །གློ་བུར་སྐྱེས་པའི་བྱམས་དང་སྙིང་རྗེ་དེ། །ཕྱོགས་ཀུན་འཕྲོ་བའི་འོད་ཟེར་སྟོང་ལྡན་འདྲ། །གཤིན་པོར་གདུང་མཆོད་ཕུལ་ཏེ་མྱ་ངན་ཞུ། ། མ་འོངས་འཚོ་གཞེས་བདེ་ཞིང་སྐྱིད་པར་སྨོན། ། འདས་པོའི་རྣམ་ཤེས་ཐར་བ་ཐོབ་པར་ཤོག།   ང་ཚོས་འདྲ་མཉམ་དང་། དཀྱེལ་ཡངས། དྭངས་གཙང་། གཞན་དོན་ལ་བརྩོན་པའི་དགེ་སེམས་རྣམ་དག་ཅིག་བཅངས་བཞིན། འཁོར་བའི་རྩ་བ་ཆོད་པར་ཤོག  བྱམས་དང་སྙིང་རྗེ་རྒྱུད་ལ་སྐྱེས་ནས། དྲིན་གཟོ་ཅན་གྱི་སྐྱེ་བོར་གྱུར་ཅིང་། བརྩེ་བའི་ཕྱག་ཟུང་རིང་དུ་བརྐྱངས་པ་དེས། འགྲོ་བའི་སྡུག་བསྔལ་གཏིང་ནས་སེལ་བར་ཤོག  བདེ་བ་ཐོབ་པའི་རྒྱུ་རུ་འགྱུར་བར་ཤོག  དཀའ་སྡུག་དང་བླངས་བགྱིས་ནས་མདུན་དུ་བསྐྱོད་པར་ཤོག།