ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

ཝུན་ཁྲོན་ས་ཡོམ་ཆེན་མོ་བརྒྱབ་ནས་ལོ་༡༠འཁོར་བའི་ཉིན་མོ།

སྤེལ་དུས 2018-05-14 ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། རྩོམ་པ་པོ། ཟླ་བ་ཚེ་རིང་།

     སྤྱི་ཚེས་༡༢ཅིན་ནི་ཝུན་ཁྲོན་ས་ཡོམ་ཆེན་མོ་བརྒྱབ་ནས་ལོ་༡༠འཁོར་བའི་ཉིན་མོ་རེད། ལོ་བཅུའི་གོང་སྐབས་དེ་དུས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཞི་ཅིན་ཕིང་གིས་ཡོམ་ལྷག་ལ་མི་འཇིག་པར་གནོད་འཚེའི་ཁུལ་དུ་ཕེབས་ནས་གནོད་འཚེ་ཕོགས་པའི་མང་ཚོགས་ལ་གཟིགས་གནང་བ་རེད། ད་ལོའི་དཔྱིད་གསར་དུས་ཆེན་གྱི་གོང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སླར་ཡང་ཝུན་ཁྲོན་དུ་ཕེབས་ནས་མང་ཚོགས་གཟིགས་གནང་བ་དང་། གནོད་འཚེའི་རྗེས་ཀྱི་བསྐྱར་བསྐྲུན་ལས་དོན་ལ་རྟོགས་ཞིབ་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་ངོ་བཅུའི་རིང་ཐུགས་གཡེང་གནང་སའི་ས་ཆ་འདི་ལ་ད་ཆ་འགྱུར་ལྡོག་གང་འདྲ་བྱུང་ཡོད་དམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནོད་ཚེའི་རྗེས་ཀྱི་བསྐྱར་བསྐྲུན་ལས་དོན་ཐད་ཀྱི་མཆན་བཀོད་ལག་ལེན་བསྟར་བའི་བརྒྱུད་རིམ་གྱི་ཁྲོད་དུ་ས་གནས་དེ་གར་ཉམས་མྱོང་གང་དག་གསོག་འཇོག་བྱས་ཡོད་དམ།
     གནོད་འཚེའི་རྗེས་ཀྱི་བསྐྱར་བསྐྲུན་གོང་འཕེལ་དེར་སྤྱི་ཁྱབ་ཧྲུའུ་ཅིས་ཐོག་མཐའ་བར་གསུམ་དུ་ཐུགས་གཡེང་གནང་བཞིན་པའི་དོན་དག་ཞིག་ཡིན། ད་ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་སྣུར་དུ་སྤྱི་ཁྱབ་ཧྲུའུ་ཅིས་རྔ་བ་ཁུལ་གྱི་ཝུན་ཁྲོན་རྫོང་ཡིང་ཤིའུ་གྲོང་རྡལ་དུ་ཕེབས་ནས་རྟོགས་ཞིབ་གནང་བ་དང་། ས་གནས་དེ་གའི་མང་ཚོགས་ལ་འཚམས་འདྲི་གནང་ཡོད་པ་རེད། མང་ཚོགས་ཚོས་བདེ་སྐྱིད་བདེ་ཐང་ངང་འཚོ་བར་རོལ་བ་མཐོང་སྐབས་ཁོང་གིས་ངས་ས་ཆ་འདི་གར་སེམས་ཁྲལ་ཆེན་པོ་སྐྱེ་བཞིན་འདུག ལོ་བཅུའི་རིང་ལ་འདི་གར་འགྱུར་ལྡོག་ཆེན་པོ་བྱུང་འདུག་པས་ང་རང་ཡང་དགའ་སྤྲོ་བློ་བདེ་བྱུང་། ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་འགོ་ཁྲིད་འོག་རྒྱལ་ཡོངས་མི་དམངས་ཁག་གིས་ཕྱོགས་བཞི་མཚམས་བརྒྱད་ནས་རྒྱབ་སྐྱོར་བྱས་པ་དང་གནོད་འཚེའི་ཁུལ་གྱི་མང་ཚོགས་ནས་ཞུམ་མེད་འབད་ཐབས་བྱས་པའི་འོག་ལ་ལོ་བཅུའི་རིང་འདི་གའི་རང་བྱུང་ཁམས་སླར་གསོ་ཐུབ་ཡོད། ད་ཆ་གནོད་འཚེའི་ཁུལ་གྱི་རྫོང་ཁག་༣༩ཡི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་ལོ་བཅུའི་གོང་གི་ལྡབ་གསུམ་ཟིན་གྱི་ཡོད། རྒྱང་རིང་ལ་ཕྱོགས་པ་དང་འབྱུང་ཁམས་སླར་གསོ་བྱས་པས་ན་གནོད་འཚེའི་རྗེས་ཀྱི་ཝུན་ཁྲོན་རྫོང་ཧྲུའེ་མོའོ་གྲོང་རྡལ་དེ་ཞིང་ལས་ཐོག་ཡུལ་སྐོར་སྣོན་པའི་གོང་འཕེལ་རྣམ་པའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཡོད་པ་དང་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་ནས་ཇེ་མང་དུ་འགྱུར་ཡོད་པ་རེད།

     ཧྲུའེ་མོའོ་གྲོང་རྡལ་གྱི་བགྲེས་སོང་གྲོང་ཚོའི་གྲོང་མི་ཧྲུའུ་ཏའེ་ཧྥུའུ་ཡིས་ཡོང་འབབ་ལྡབ་བཅུ་འཕར་བས་ད་ཆ་ལོ་གཅིག་ལ་་ཡོང་འབབ་སྒོར་ཉིས་འབུམ་གསུམ་འབུམ་ཟིན་གྱི་འདུག་ཞེས་གསུངས་པ་རེད། པའེ་ཁྲོན་རྫོང་ཆུས་ཧྲན་གྲོང་རྡལ་ལུའོ་ཧྥང་ཕིང་གྲོང་ཚོའི་ཀྲུའུ་རེན་ཡང་དབྱི་ཀུའེ་ཡིས་དྲན་གསོ་གནང་ནས་གནོད་འཚེའི་རྗེས་ལོ་གཅིག་གི་ཕྱིན་རྗེས་མང་ཚོགས་རྣམ་བདེ་སྡོད་ཁང་པའི་ནང་སྤོ་རྒྱུ་བྱུང་བ་དང་ད་དུང་གྲོང་གསེབ་བསྐྱར་བསྐྲུན་ཁ་གསབ་རོགས་དངུལ་ལེན་རྒྱུ་བྱུང་བ་མ་ཟད་སྐྱེ་མེད་དངུལ་བུན་གཡར་རྒྱུ་བྱུང་བས་ལོ་བཅུའི་རིང་འཚོ་བ་གསར་པ་སྐྱེལ་བཞིན་སྐྱེལ་བཞིན་སྤྲོ་སྣང་དོད་དུ་འགྱུར་བ་དང་། ལོ་འདི་དག་རིང་ལ་ང་ཚོར་གོང་འཕེལ་ཆེན་པོ་བྱུང་ཡོད་དེ། རི་སྟེང་དུ་ཁམ་བུ་བཏབ་པ་དང་སྦྲང་ནོར་བུ་གསོ་སྤེལ་བྱས་པ། ད་དུང་དེང་རབས་ཀྱི་ལམ་དང་ཟམ་པ་བསྐྲུན་ཡོད་ཅེས་གསུངས་པ་རེད།
     ད་ཆ་པའེ་ཁྲོན་གྱི་ཁོར་ཡུག་མཛེས་ཤིང་ལྟ་ན་སྡུག་པ་དང་མང་ཚོགས་གནས་བཟོད་བདེ་ལ་སློབ་གྲྭ་བདེ་འཇགས་ཡིན་པ་རེད། རྙིག་རོའི་ཁྲོད་སླར་ཡང་བསྐྲུན་པའི་པའེ་ཁྲོན་སློབ་འབྲིང་ནི་སློབ་ཁང་གི་ཕྱི་ནང་དཀར་ཆ་དོད་ལ་གཙང་བ་དང་ནག་པང་ཐོག་ཏུ་བཀའ་དྲིན་སེམས་ལ་བཅངས་ཤིང་བྱ་སྤྱོད་ཐོག་ནས་དྲིན་ལན་འཇལ་ཞེས་བྲིས་ཡོད་པ་རེད། སྐབས་དེ་དུས་མཐོ་རིམ་ལོ་རིམ་དང་པོའི་འཛིན་གྲྭ་གཉིས་པའི་ཀྲུའུ་རིན་སུང་ཕོ་ཡིས། པའེ་ཁྲོན་སློབ་འབྲིང་གསར་པ་ནི་སློབ་ཁྲིད་ཐོག་ཁང་ཡག་པོ་བསྐྲུན་ཡོད་པ་མ་ཟད་ད་དུང་དགེ་སློབ་ཀྱི་སྤྲོ་སྣང་རབ་ཏུ་གཏད་པའི་བསམ་པའི་ཉམས་སྣང་ལྡན་པ་ཚང་མས་མཐོང་དུ་འཇུག་དགོས་ཞེས་གསུངས་པ་རེད།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནོད་འཚེའི་རྗེས་ཀྱི་བསྐྱར་བསྐྲུན་ལས་དོན་ཐད་ལ་གལ་ཆེའི་མཛུབ་སྟོན་ཐེངས་མང་གནང་མྱོང་ཡོད། ད་ལོའི་དཔྱིད་གསར་དུས་ཆེན་གོང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཝུན་ཁྲོན་དུ་རྟོགས་ཞིབ་གནང་སྐབས་མང་ཚོགས་ཚོར་ལྟོ་གོས་འགྲིག་པ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་མ་ཟད་ཤང་གྲོང་དར་རྒྱས་ལམ་བུའི་ཕྱོགས་སུ་བསྐྱོད་དགོས་ཞེས་གསུངས་ཡོད་པ་རེད།