ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

ཞིང་ཆེན་སྒྲོལ་བའི་ཏང་ཡོན་ཞབས་ཞུ་རུ་ཁག་མཚོ་བོད་ས་མཐོར་གཞི་ཚུགས་པ།

སྤེལ་དུས 2018-05-17 ཡོང་ཁུངས། མི་དམངས་ཉིན་ཚགས། རྩོམ་པ་པོ། རྡོ་རྗེས་བསྒྲིགས།

འདི་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་རག་ཤུལ་སྟོད་མ་ཤང་ལྟེ་བའི་ཞག་སྡོད་ལམ་ལུགས་སློབ་ཆུང་གི་ལོ་རིམ་བཞི་པའི་སློབ་མས་སློབ་ཚན་ཉན་བཞིན་པ།
འདི་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་རག་ཤུལ་སྟོད་མ་ཤང་ལྟེ་བའི་ཞག་སྡོད་སློབ་ཆུང་དུ་རྒྱལ་ཁབ་གློག་དྲ་ཧང་ཀྲོའུ་གློག་འདོན་ཀུང་སིའི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་ཧྲི་ཝུན་པིན་གྱིས་སློབ་མ་ཚོར་ཡིག་ཆས་སྤྲོད་པའི་གནས་ཚུལ་ཡིན་པ།
          ཉིན་ཤས་གོང་། ས་བབ་མཐོ་ཚད་སྨི་4000ལྷག་ཙམ་གྱི་སར་གནས་པའི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་རག་ཤུལ་སྟོད་མ་ཤང་ལྟེ་བའི་ཞག་སྡོད་སློབ་ཆུང་དུ་རྒྱལ་ཁབ་གློག་དྲ་ཀྲེ་ཅང་གློག་ཤུགས(ཧང་ཀྲོའུ)གྲུ་དམར་གུང་ཁྲན་ཏང་ཡོན་ཞབས་ཞུ་རུ་ཁག་དང་དགེ་སློབ་ཚོས་འོད་ཤུགས་གློག་གསོག་ལག་རྩལ་སྤེལ་རེས་དང་། གློག་སྤྱོད་སློབ་ཁྲིད་མ་ལག་ཉམས་བཟོ། སློབ་མའི་གློག་སྤྱོད་བདེ་འཇགས་བཅས་ཀྱི་སློབ་ཚན་ཁྲིད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ནི་གྲུ་དམར་ཞབས་ཞུ་རུ་ཁག་ལོ་8བསྟུད་མར“ཡུལ་ཤུལ་དུ་བཀྲག་མདངས་འཚེར་བར་བྱེད”ཅེས་པའི་དབུལ་སྐྱོར་འདུ་འགོད་ཀྱི་བྱེད་སྒོ་སྤེལ་བ་དང་ལོ་7རིང་རིམ་རྩིས་བྱས་ན་སློབ་གྲྭ་22ལ་ཕན་པ་ཐོབ་པ་མ་ཟད། བོད་ཁུལ་གྱི་མི་འབོར་དབུལ་པོ་ཁྲི་3ལྷག་ལ་ཕན་པ་ཐོབ་སྟེ་ཡུལ་ཤུལ་དུ་སྔོན་ལ་སློབ་གྲྭ་ཚང་མར་གློག་ཤར་གཏོང་ཐུབ་རྒྱུ་མངོན་འགྱུར་བྱུང་ཡོད།