སྐུ་ཞབས་ཞིན་སུའུ་ཀྲི་ཡི་ཤུལ་བཞག་རྩ་ཆེན་ཞལ་འདེབས་གནང་བའི་མཛད་སྒོ་པེ་ཅིང་དུ་འཚོགས།
སྤེལ་དུས 2018-05-17
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
ཀྲུང་གོའི་བོད་ལྗོངས་དྲ་བར་གནས་ཚུལ་འབྱོར་གསལ། ཟླ་5པའི་ཚེས་15ཉིན། “སྐུ་ཞབས་ཞིན་སུའུ་ཀྲི་ཡི་ཤུལ་བཞག་རྩ་ཆེན་ཞལ་འདེབས་གནང་བའི་མཛད་སྒོ”ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་དུ་གཟབ་རྒྱས་ངང་འཚོགས། ཐེངས་འདིའི་ཞལ་འདེབས་ལ་ཚེ་འདས་སྐུ་ཞབས་སུའུ་ཞིན་ཀྲིའི་སྐུ་ཟླ་ཀྲང་ཀྲི་ཝུན་གྱིས་སུའུ་ཞིན་ཀྲི་ལགས་འཚོ་བཞེས་སྐབས་སུ་བོད་དུ་བསྡད་ནས་ཉར་ཚགས་གནང་བའི་བརྙན་རིས་དཔྱད་གཞི་དང་། ཕྱག་བྲིས། པར་རྙིང་། ས་ཁྲ། བརྙན་ལེན་འཕྲུལ་ཆས་སོགས་རྩ་ཆེ་བའི་ཉར་ཚགས་དངོས་རྫས་58ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་ལ་ཞལ་འདེབས་གནང་བ་རེད།

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ནི་རང་རྒྱལ་གྱི་བོད་རིག་པའི་ཁྱབ་ཁོངས་ནས་ཆེས་མཐོའི་རིག་གཞུང་ཞིབ་འཇུག་ལས་ཁུངས་ཤིག་ཡིན་ལ། དེར་གཏོགས་པའི་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་གིས་ཐོག་མཐའ་བར་གསུམ་དུ་བོད་འབྲེལ་ལོ་རྒྱུས་རིག་གནས་དང་རྒྱུ་ཆ་འཚོལ་རྒྱུ་གལ་ཆེའི་ནང་གི་དོན་ཆེན་བཞག་ཡོད་པ་དང་། བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལོ་རྒྱུས་ཞིབ་འཇུག་ཁང་གིས་ཀྱང་མིན་གོ་སྲིད་གཞུང་སྐབས་ཀྱི་ལོ་རྒྱུས་ཞིབ་འཇུག་གཙོ་གནད་བགྱིས་ཏེ་གྲུབ་འབྲས་གཡུར་དུ་ཟ་བ་མང་པོ་བླངས་ཡོད།

ཞལ་འདེབས་གནང་བའི་མཛད་སྒོ་ཐོག ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་གཞོན་པ་ལིའུ་ཡིང་ཧྭས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཚབ་བྱས་ཏེ་ལྕམ་མོ་ཀྲང་ཀྲི་ཝུན་གྱིས་ཞལ་འདེབས་ཕངས་མེད་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་བསྟན་དོན། སྐུ་ཞབས་སུའུ་ཀྲི་ཞིན་ནི་དུས་རབས་ཉི་ཤུ་པའི་དུས་སྟོད་ལ་ཀྲུང་གོའི་ནང་སའི་རྒྱ་རིགས་ཀྱི་གྲྭ་བ་བོད་དུ་བསྐྱོད་ནས་དམ་ཆོས་བསླབས་པའི་མི་སྣ་གྲགས་ཅན་ཞིག་དང་། མིན་གོ་ཀྲུང་དབྱང་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་བར་འབྲེལ་འདྲིས་མང་པོ་བྱས་པའི་མི་སྣ་གལ་ཆེན་ཞིག མིན་གོ་དུས་སྐབས་ཀྱི་བོད་ཀྱི་ལོ་རྒྱུས་དོན་ཆེན་མང་པོར་དངོས་སུ་བརྒྱུད་མྱོང་བའི་དཔང་བོ་གལ་ཆེན་བཅས་རེད།
རི་མོ་ནི་ཞལ་འདེབས་མཛད་སྒོའི་ཡུལ་དངོས་ཡིན་ལ། འདས་པོ་སྐུ་ཞབས་སུའུ་ཞིན་ཀྲིའི་སྐུ་ཟླ་ཀྲང་ཀྲི་ཝུན་གྱིས་གསུང་བཤད་གནང་། ཁོང་མོས་སྐུ་ཞབས་སུའུ་ཀྲི་ཞིན་གྱི་སྐུ་ཚེའི་ལོ་རྒྱུས་དང་ཁོང་གིས་མི་ཚེ་ཧྲིལ་བོར་བོད་ཀྱི་རིག་གནས་དར་སྤེལ་དང་རྒྱ་བོད་རིག་གནས་བརྗེ་རེས་ལ་བྱས་རྗེས་ཕུལ་དུ་བྱུང་བ་བཞག་པའི་སེམས་ཤུགས་སོགས་མཚམས་སྦྱོར་གནང་།
རི་མོ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་གི་ཧྲུའུ་ཅི་ཀྲང་ཁྲུན་ཡན་གྱིས་ལྕམ་མོ་ཀྲང་ཀྲི་ཝུན་ལ་ཞལ་འདེབས་དཔང་ཡིག་སྤྲོད་བཞིན་པ་ཡིན།
རི་མོ་ནི་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་གི་ཀོན་ཀྲང་གཞོན་པ་བཀྲ་གྷས་ལྕམ་མོ་ཀྲང་ཀྲི་ཝུན་ལ་གཟེངས་རྟགས་འབུལ་བཞིན་པའི་ཚུལ་ཡིན།
འབྲེལ་ཡོད་ཚོགས་ཞུགས་མཁས་པས་ཞལ་འདེབས་མཛད་སྒོའི་ཐོག་གཏམ་བཤད་འཁྲུག་ཆ་དོད་པོ་གནང་ཞིང་། རི་མོ་ནི་སི་ཁྲོན་དགེ་ཐོན་སློབ་ཆེན་ལོ་རྒྱུས་རིག་གནས་སློབ་གླིང་གི་གླིང་གཙོ་ཝང་ཁྲོན་གྱིས་མྱོང་ཚོར་བརྗོད་བཞིན་པ་ཡིན།
རི་མོ་ནི་གངས་ལྗོངས་སུ་ཆོས་ཞུས་པའི་དགེ་འདུན་གྲགས་ཅན་སུའུ་ཞིན་ཀྲི་(བློ་བཟང་མུ་ཏིག་)ཡི་སྐུ་ཟླ་ཀྲང་ཀྲི་ཝུན་གྱིས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་ལ་གཟིགས་སྐོར་གནང་བའི་ཚུལ་ཡིན།
རི་མོ་ནི་ཞལ་འདེབས་མཛད་སྒོ་མཇུག་འགྲིལ་རྗེས། སྐུ་མགྲོན་དང་མཁས་པ་རྣམས་ཀྱིས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་དུ་དྲན་རྟེན་མཉམ་པར་བསྐྱོན་པའི་ཚུལ་ཡིན།