ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་།

སྤེལ་དུས 2018-06-06 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། རྡོ་རྗེས་བསྒྲིགས།
— བར་སྐོར་ཁྲོམ་གཞུང་གི་མི་རིགས་མཐུན་སྒྲིལ་སྐོར་གྱི་བྱ་བ་རེ་གཉིས་བཀོད་པ།
ཀླུ་སྒུག་སྡེ་ཁུལ་གྲོང་ལྷན་གྱི་ལས་དོན་པས་གྲངས་ཉུང་མི་རིགས་ཀྱི་ཕྱོགས་མིའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་ནན་ཏན་བྱེད་བཞིན་པ།
ཀླུ་སྒུག་སྡེ་ཁུལ་དུ་མཉམ་གཏོད་མཉམ་སྐྲུན་གྱི་བྱེད་སྒོ་སྤེལ་ཏེ་དམག་ཞབས་ཐིམས་པའི་དམག་མི་རྒན་གྲས་ལ་འཚམས་འདྲི་བྱེད་བཞིན་པ།
ཀླུ་སྒུག་སྡེ་ཁུལ་གྲོང་ལྷན་གྱི་འགན་འཁུར་བས་ཁོངས་གཏོགས་ཁུལ་གྱི་ཚོང་དུད་ལ་ཁ་བཏགས་གཡོགས་ནས་ཚོང་ཉི་མ་ཤར་ཤར་ཡོང་བའི་སྨོན་འདུན་ཞུ་བཞིན་པ།
ལྷ་སའི་ཁྲོམ་གཟིགས་སྒང་སྡེབ་ཚོང་ཁྲོམ་རར་ཧུད་རིགས་ཀྱི་ཚོང་པ་མ་དབྱི་སི་བུ་ཡིས་ཅ་དངོས་འཚོང་མཁན་ལ་མངགས་ཐོ་འབྲི་བཞིན་ཡོད་པ།
ཀླུ་སྒུག་སྡེ་ཁུལ་གྲོང་ལྷན་གྱི་ལས་དོན་པས་གྲངས་ཉུང་མི་རིགས་ཀྱི་ཁྱིམ་དུ་བསྐྱོད་དེ་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།
ཀླུ་སྒུག་སྡེ་ཁུལ་གྲོང་ལྷན་གྱི་ལས་དོན་པས་སྡེ་ཁུལ་གྱི་ཚོང་དུད་ལ“གྲོ་སོ་ཕྱེ་མར”བཏེགས་བཞིན་ཡོད་པ།
ཁྲེང་ཀོན་ཆུས་སྐྱིད་རས་སྡེ་ཁུལ་གྱི་གྲོང་མི་ཚོ་མཉམ་དུ་དགའ་འཛོམས་བྱས་ནས་སྐྱེ་སྐར་ལ་རྟེན་འབྲེལ་ཞུ་བཞིན་པ།
          མི་རིགས་མང་པོ་མཉམ་དུ་གནས་པའི་གྲོང་ཁྱེར་ཞིག་གི་ངོས་ནས། ལྷ་སར་ཉེ་བའི་ལོ་ཤས་རིང་། མི་རིགས་མཐུན་སྒྲིལ་གྱི་བྱ་གཞག་གོང་འཕེལ་ལ་སྐུལ་མ་ཏན་ཏིག་བཏང་ནས་རྒྱལ་ཡོངས་ཀྱི་ཤེས་དཔལ་ལྡན་པའི་གྲོང་ཁྱེར་གཏོད་རིང་རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོར་གཡུར་ཟའི་གྲུབ་འབྲས་ཐོབ་ནས་མི་རིགས་ཁག་མཐུན་སྒྲིལ་ཟབ་པའི་རྣམ་པ་བཟང་པོ་ཞིག་མངོན་ཡོད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་སྡེ་ཁུལ་ཁག་ཏུ་བོད་རྒྱ་ཧུད་སོགས་མི་རིགས་མང་པོ་མཉམ་གནས་དང་ཕྱོགས་བཞི་མཚམས་བརྒྱད་ནས་སླེབས་པའི་ཁོང་ཚོའི་སྐད་རིགས་མི་འདྲ་ཡང་ཕན་ཚུན་རོགས་རམ་དང་དགའ་གཅེས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་ལེའུ་གསར་པ་ཞིག་བརྩམས་ཡོད།
          སྐྲ་བཟང་དང་ཕེང་ཅུན་པང་ནི“མི་རིགས་མཐུན་སྒྲིལ་གྱི་བཟའ་ཚོ”ཞིག་རེད། ཀླུ་སྒུག་སྡེ་ཁུལ་དུ་ཤིང་འབྲས་འཚོང་མཁན་གྱི་བཟའ་ཚོའི་སྐོར་གླེང་ཚེ། ཚང་མས་ཁོང་གཉིས་ངོ་མི་ཤེས་མཁན་སྤྱིར་ན་མེད། བཟའ་ཚང་གཉིས་པོས་ཀླུ་སྒུག་སྡེ་ཁུལ་དུ་ཚོང་བརྒྱབ་ནས་ལོ་18སོང་བས་སྡེ་ཁུལ་གྱི་ངོ་ཤེས་རྙིང་པར་གྱུར། ལོ་བཅུ་གྲངས་གོང་གི་གནས་ཚུལ་སྐོར་གླེང་སྐབས་ཨན་ཧུའེ་ཕུ་དབྱང་ནས་ཡིན་པའི་ཕེང་ཅུན་པང་གིས་འདས་སོང་གི་བྱ་བ་མང་པོ་ལྷང་ངེར་དྲན། 1997ལོའི་ཉིན་ཞིག་ཕེང་ཅུན་པང་དང་སྐྲ་བཟང་གཉིས་པོ་གློ་བུར་ངོ་ཤེས་པ་དང་ཕེང་ཅུན་པང་གིས་སྐྲ་བཟང་ལ་ཧ་ཅང་དགའ་པོ་བྱས་ནས་ལོ་གཅིག་གི་རྗེས་སུ་ཁོང་གཉིས་བཟའ་ཚོར་གྱུར། གཉེན་སྒྲིག་བྱས་རྗེས་ཁོང་གཉིས་ལ་བུ་གཉིས་སྐྱེས་པས་འཚོ་བར་སྔར་བས་འབད་བརྩོན་བྱེད་པའི་ཆོད་སེམས་བརྟན་དུ་ཕྱིན། འཚོ་བའི་ནང་བཟའ་ཚང་གཉིས་པོ་སྡེ་ཁུལ་གྱི་གྲོང་མི་གཞན་རྣམས་དང་འཆམ་པོ་བྱས་ནས་རང་ནུས་ལྕོགས་ཚོད་ཀྱིས་རྟག་ཏུ་སྡེ་ཁུལ་གྱི་རོགས་པ་བྱེད་དགོས་པའི་གྲོང་མིར་རོགས་པ་བྱེད་ཀྱི་ཡོད། སྐྲ་བཟང་གིས“གཞན་ལ་རོགས་རམ་བྱེད་པ་ནི་དོན་དངོས་སུ་དགེ་བ་བསྒྲུབས་པ་ཞིག་ཡིན་པས་མི་བཟང་པོར་འབྲས་བུ་བཟང་པོ་ཐོབ་སྲིད”ཅེས་བརྗོད།
          ཀླུ་སྒུག་སྡེ་ཁུལ་གྱི་ཁྱིམ་ཚང་ཆེ་མོར་གྲོང་མི་མང་ཚོགས་དབར་མཐུན་སྒྲིལ་རོགས་རེས་དང་གཅིག་ཕན་གཅིག་རོགས་བྱས་ནས་མི་རིགས་ཀྱི་དབྱེ་བ་མི་ཕྱེ་བར་སུའི་ཁྱིམ་ལ་དཀའ་ངལ་འཕྲད་ཀྱང་ཚང་མས་རོགས་པ་གང་ཐུབ་བྱས་ཏེ་ཁྱིམ་ཚང་གཅིག་གི་གཉེན་ཉེ་བཞིན་མཐུན་པོ་ཡོད།
          ཁྲོམ་གཟིགས་སྒང་ཁྲོམ་ར་ནི་ལྗོངས་ཕྱི་ནང་དུ་སྐད་གྲགས་ཡོད་པའི་ཚོང་ཁང་ཞིག་ཡིན་པ་དང་དེ་གར་ཚོང་རྒྱག་མཁན་བོད་རིགས་དང་། རྒྱ་རིགས། ཧུད་རིགས། ཡུ་གུར་རིགས་སོགས་ཡོད། ཧུད་རིགས་ཚོང་པ་མ་དབྱི་སི་བུ་ཡིས“ང་ལྷ་སར་ཚོང་རྒྱག་པ་དང་འཚོ་བ་བསྐྱལ་ནས་སྡོད་རྒྱུར་གོམས་པས་ལྷ་ས་ནི་རང་ཉིད་ཀྱི་ཕ་ཡུལ་དང་གཉིས་སུ་མ་མཆིས”ཞེས་བརྗོད།
          1999ལོར་མ་དབྱི་སི་བུ་གཅིག་པུ་ལྷ་ས་གྲོང་ཁྱེར་ཁྲོམ་གཟིགས་སྒང་སྡེབ་ཚོང་ཁྲོམ་རར་གླ་པ་བྱེད་པར་སླེབས་པ་དང་ཆབས་ཅིག་གྲོང་ཁུལ་རྙིང་པའི་གྲོང་མིའི་སྒོ་ར་ཆེ་མོར་སྡོད་ཀྱི་ཡོད། ལོ་མང་རིང་འབད་བརྩོན་བྱས་པ་བརྒྱུད། ལས་མི་སྤྱིར་བཏང་བ་ཞིག་ནས་ཚོང་རོགས་བར་གྱུར་ཏེ་སྔོན་མའི་སྦྱིན་བདག་དང་མཉམ་དུ་བཟའ་བཅའ་ཚོང་ཁང་ཞིག་གཉེར་བའི་ཁར། ད་དུང་མིག་སྔར་གྲོང་མིའི་སྒོ་ར་ཆེ་མོའི་སྤྱི་མིའི་འགན་ཡང་འཁུར་བཞིན་ཡོད། མ་དབྱི་སི་བུ་ཡིས“ང་ཚོའི་སྒོ་ར་ཆེ་མོར་གྲོང་མི་30ལྷག་ཙམ་སྡོད་ཀྱི་ཡོད་པའི་ཁྲོད་བོད་རིགས་དང་། རྒྱ་རིགས། ཧུད་རིགས་བཅས་ཡོད། སྒོ་ར་ཆེ་མོའི་སྤྱི་མི་ཞིག་གི་ངོས་ནས་རྒྱུན་དུ་སྒོ་རའི་གནས་ཚུལ་གང་ཞིག་ཡོད་ཀྱང་ངས་འཕྲལ་མ་ཉིད་དུ་གྲོང་ལྷན་ལ་སྙན་སེང་ཞུ་གི་ཡོད། ལོ་གསར་སྐབས་ང་ཚོའི་སྒོ་རའི་གྲོང་མི་ཚང་མ་མཉམ་དུ་ལོ་གསར་གཏོང་བ་དང་ང་དང་ཚོང་རོགས་ཀྱིས་ད་དུང་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་འཚམས་འདྲི་བྱས་ནས་ཁོང་ཚོར་འཚོ་བའི་མཁོ་ཆས་སྤྲོད་ཀྱི་ཡོད”ཅེས་བརྗོད།
          “ཁྱིམ་ཚང་ཚང་མ་ཞི་མཐུན་མཉམ་གནས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད”ཅེས་བར་སྐོར་ཁྲོམ་གཞུང་དུ་སྡོད་པའི་ཚེ་བརྟན་སྒྲོལ་མས་བརྗོད། ཁོང་དང་བཟའ་ཟླ་གཉེན་སྒྲིག་བྱས་ནས་ལོ་བཅུ་ལྷག་ཙམ་སོང་རིང་ཁྱིམ་ཚང་འཆམ་མཐུན་ཡོད་པ་མ་ཟད། ཁྱིམ་མཚེས་དང་ཡང་འཆམ་པོ་ཡོད། ཁྱིམ་མཚེས་ལ་དཀའ་ངལ་འཕྲད་སྐབས་ཁོང་ཚོའི་ཁྱིམ་གྱིས་ནུས་པས་ལྕོགས་ཚོད་ཀྱིས་རྟག་ཏུ་སེམས་རྩ་འཁོལ་པའི་ངང་རོགས་རམ་བྱེད་ཀྱི་ཡོད།
          ཚེ་བརྟན་སྒྲོལ་མ་ནི་བུ་བཅོལ་ཁང་གི་འཚོ་བའི་དགེ་རྒན་ཞིག་ཡིན་པས་གཟའ་མཇུག་ཏུ་ཁྱིམ་མཚེས་ཀྱི་ཕྲུ་གུ་ཉར་རོགས་བྱེད་པ་ཕུད་རྒྱུན་དུ་གཞན་གྱི་ཕྲུ་གུའང་ཉར་རོགས་བྱེད་ཀྱི་ཡོད། ཁོང་གིས“ང་དེ་སྔོན་ལས་ཀར་འགྲོ་དགོས་བསམས་བྱུང་། འོན་ཀྱང་ལོ་ལྔ་ལ་སླེབས་པའི་ཕྲུ་གུ་ཡོད་པས་སྟབས་བདེ་པོ་མི་འདུག”ཅེས་འཛུམ་དམུལ་དམུལ་ངང་གསར་འགོད་པར་བརྗོད་བྱུང་།
          རང་ཉིད་ཀྱི་བཟའ་ཟླའི་སྐོར་གླེང་སྐབས། ཚེ་བརྟན་སྒྲོལ་མས་ངའི་བཟའ་ཟླ་ནི་ཤིན་ཅང་ནས་ཡིན་པ་དང་མི་སྟེར་བཟོ་དོད་པོ་ཞིག་ཡོད་ཅེས་གསར་འགོད་པར་སྤོབས་སེམས་དང་བཅས་བརྗོད། ཚེ་བརྟན་སྒྲོལ་མའི་ཁྱིམ་གྱིས་མི་རིགས་མཐུན་སྒྲིལ་ལ་གཟེངས་སུ་ཐོན་པའི་ལས་ཀ་མང་པོ་བྱས་ཡོད་ལ། བདེ་སྐྱིད་ལྡན་པའི་ཁྱིམ་ཚང་སྐྱོང་བའི་ཐད་ལའང་གྲུབ་འབྲས་བཟང་པོ་ཐོབ་ཡོད། འཆམ་མཐུན་གྱི་ཁྱིམ་ཚང་དེ་ལྟ་བུར་འཚར་ལོངས་བྱུང་བའི་ཚེ་བརྟན་སྒྲོལ་མའི་བུ་ལོ་ལྔ་ལ་སླེབས་མ་ཐག་ཡིན་རུང་། ཧ་གཉིད་གོ་མཁན་ཞིག་ཡོད། “ངས་སྔར་ནས་ཁྱིམ་ཚང་ཆུང་ངུར་བདེ་སྐྱིད་བྱུང་ཚེ། ཁྱིམ་ཚང་ཆེ་མོར་གཞི་ནས་བདེ་སྐྱིད་ཡོང་བ་ཤེས་ཀྱི་ཡོད། དེར་བརྟེན་ངས་རང་ཉིད་ཀྱི་ཕྲུ་གུ་དང་དེ་བཞིན་བུ་བཅོལ་ཁང་གི་གྲོགས་པོ་ཆུང་ཆུང་ཚོར་ཕན་ཚུན་འཆམ་པོ་དང་དགའ་གཅེས་བྱས་ན་ཕྲུ་གུ་བཟང་པོ་ཞིག་ཡིན་པར་སློབ་གསོ་གཏོང་གི་ཡོད”ཅེས་ཚེ་བརྟན་སྒྲོལ་མས་བརྗོད།