གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

བོད་ལྗོངས་ཀྱི་དཔྱིད་དུས་ཞེས་པའི་ཆེད་དོན་འཁྲབ་སྟོན་བོད་རང་སྐྱོང་ལྗོངས་སྒྱུ་རྩལ་ཁང་དུ་སྤེལ་བ།

སྤེལ་དུས 2018-06-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།

          བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བ་དང་ཏང་དབུ་བརྙེས་ནས་ལོ97འཁོར་བར་རྟེན་འབྲེལ་ཞུ་ཆེད།  བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པ་དང་ཀྲུང་དབྱང་མི་རིགས་རོལ་དབྱངས་ཚོགས་པས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་སྤྱི་ལོ་2017ལོའི་ལོ་འཁོར་མོའི་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་རོགས་སྐྱོར་རྣམ་གྲངས་སུ་གཏོགས་པའི་མི་རིགས་རོལ་དབྱངས་འདུ་ཚོགས་བོད་ལྗོངས་ཀྱི་དཔྱིད་དུས་ཞེས་པ་ད་ལོའི་སྤྱི་ཟླ་6པའི་ཚེས་12ཉིན་གྱི་དགོང་མོ་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་འཁྲབ་སྟོན་ཐེངས་གཉིས་པ་སྤེལ་བ་རེད།

          རོལ་དབྱངས་འདུ་ཚོགས་ཐོག་གཞས་མ་གྲགས་ཅན་བདེ་སྐྱིད་མེ་ཏོག་གིས་གཞས་འགོ་བརྩམས་པའི་བོད་ལྗོངས་ཀྱི་དཔྱིད་ཀ་ཞེས་པའི་གླུ་དབྱངས་དེར་གཟིགས་མོ་བའི་དགའ་བསུ་ཆེན་པོ་ཐོབ་ཡོད།  ད་རེས་འཁྲབ་སྟོན་དེ་རིག་རྩལ་གྱི་རྣམ་པའི་ཐོག་ནས་དུས་རབས་གསར་པ་དང་བོད་ལྗོངས་གསར་པའི་འཕེལ་རྒྱས་གསར་པ་དང་འགྱུར་ལྡོག་གསར་པ།  འཚོ་བ་གསར་པ་བཅས་ལ་བསྟོད་གླུ་ཕུལ་ཡོད།  བྱེད་སྒོའི་འགན་འཁུར་མི་སྣ་ཚེ་བརྟན་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན།  རོལ་དབྱངས་འདུ་ཚོགས་དེ་ཉིང་ཁྲི་གྲོང་ཁྱེར་དང་ཆབ་མདོ་གྲོང་ཁྱེར།  མཚོ་སྔོན་ཞིང་ཆེན་སོགས་སུ་སྐོར་སྐྱོད་འཁྲབ་སྟོན་བྱེད་རྒྱུ་དང་ལྷ་ས་གྲོང་ཁྱེར་དུ་ཐེངས་4འཁྲབ་སྟོན་བྱེད་རྒྱུ་རེད།

          ཤེས་རྟོགས་བྱུང་བར་གཞིགས་ན།  སྤྱི་ལོ་2012ལོར་ཀྲུང་དབྱང་མི་རིགས་རོལ་དབྱངས་ཚོགས་པ་དང་བོད་ལྗོངས་གླུ་གར་ཚོགས་པས་མཉམ་འབྲེལ་ཐོག་མི་རིགས་འབུད་དཀྲོལ་རོལ་དབྱངས་འདུ་ཚོགས་ཆེ་གྲས་བོད་ལྗོངས་ཀྱི་དཔྱིད་དུས་ཞེས་པ་གསར་རྩོམ་བྱས་པ་དང་།  རྒྱལ་ཁབ་ཟློས་གར་ཁང་དུ་འཁྲབ་སྟོན་ཐོག་མ་བྱས་རྗེས་པེ་ཅིང་དང་ཧྲང་ཧའེ།  ལྷ་ས་སོགས་གྲོང་ཁྱེར་9རུ་འཁྲབ་སྟོན་བྱས་ནས་སྤྱི་ཚོགས་ཐོག་དགའ་བསུ་ཆེན་པོ་ཐོབ་ཡོད་བས།  སྤྱི་ལོ་2017ལོར་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་སྤེལ་རེས་ཁྱབ་གདལ་རྣམ་གྲངས་ནང་ཚུད་པ་རེད།