གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

རྩྭ་ཕྱུགས་དོ་སྙོམས།

སྤེལ་དུས 2018-07-09 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
   
རྩེ་ཁོག་རྫོང་རྟ་དཀར་གྲོང་ཚོའི་སྣོད་བཅུད་འབྲོག་ལས་ཆེད་ལས་མཉམ་ལས་ཁང་གི་ཕྱུགས་རྫི་བ་བསོད་ནམས་ཚེ་རིང་གིས་རྟ་དཀར་གྲོང་ཚོའི་རྩྭ་ཐང་ཐོག་ནོར་འཚོ་བཞིན་པ།
           མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྩེ་ཁོག་རྫོང་འདི་ཉིད་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་དུ་གནས་ཡོད་པ་དང་། འབྲོག་ལས་ནི་ས་གནས་དེ་གའི་འཚོ་གནས་དང་འཕེལ་རྒྱས་ཀྱི་ཀ་རྟེན་ཐོན་ལས་ཤིག་ཡིན། ཉེ་བའི་ལོ་ཤས་རིང་། ས་གནས་དེ་གའི་སྲིད་གཞུང་གིས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་པ་བརྒྱུད་སྒྲིག་བཀོད་ཕྱུགས་རིགས་གསོ་ཚགས་དང་། ཚན་རིག་དང་མཐུན་པའི་ངང་ཕྱུགས་རིགས་གསོ་ཚགས་དང་། རྩྭ་ཕྱུགས་དོ་སྙོམས། མཐུན་སྦྱོར་འཕེལ་རྒྱས་བཅས་གཙོ་བོར་བྱེད་པའི་རྩྭ་ཐང་གི་སྣོད་བཅུད་འབྲོག་ལས་འཕེལ་རྒྱས་བཏང་བས་སྣོད་བཅུད་སྲུང་སྐྱོང་དང་འབྲོག་ལས་ཐོན་སྐྱེད་ཀྱི་འཁོར་རྒྱུག་བཟང་པོ་ཞིག་ཆགས་ཡོད། འདི་ནི་མཚོ་སྔོན་ཞིང་ཆེན་རྩེ་ཁོག་རྫོང་རྟ་དཀར་གྲོང་ཚོའི་སྣོད་བཅུད་འབྲོག་ལས་ཆེད་ལས་མཉམ་ལས་ཁང་གི་ཧྲེ་ཡོན་གྱིས་ལུག་གྲངས་ཀ་རྒྱག་བཞིན་ཡོད་པ་དང་། 2017ལོར། མཉམ་ལས་ཁང་དེར་ཡོང་འབབ་སྒོར་ཁྲི་1236བྱུང་བ་དང་། མི་རེར་ཆ་སྙོམས་ཡོང་འབབ་སྒོར་15110བྱུང་ཡོད་པ་རེད།

རྩེ་ཁོག་རྫོང་རྟ་དཀར་གྲོང་ཚོའི་སྣོད་བཅུད་འབྲོག་ལས་ཆེད་ལས་མཉམ་ལས་ཁང་དུ་རྟ་དཀར་གྲོང་ཚོའི་འབྲོག་པ་ཚེ་རྡོར(གཡོན་གྱི་གསུམ་པ)དང་མཉམ་ལས་ཁང་གི་ཁོངས་མིས་ལུག་བགོ་བཤའ་རྒྱག་པའི་ཐད་གྲོས་བསྡུར་བྱེད་བཞིན་པ།

འདི་ནི་རྩེ་ཁོག་རྫོང་ལྷ་ཀེ་རི་གྲོང་ཚོའི་སྣོད་བཅུད་འབྲོག་ལས་ཆེད་ལས་མཉམ་ལས་ཁང་དུ་རྟ་དཀར་གྲོང་ཚོའི་གྲོང་མི་བསྟན་འཕེལ( གཡོན་གྱི་དང་པོ)གྱིས་ལུག་ཁྱུའི་གྲངས་འབོར་རྩིས་བཤེར་བྱེད་བཞིན་པ།