གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

“སྐོར་སྐྱོད་ཁྲིམས་རས”ནུས་པ་ཆེན་པོས་དམངས་ཀྱི་སེམས་ཁྲལ་སེལ་བ།

སྤེལ་དུས 2018-07-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བ་ནས་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་ངང་གོང་འཕེལ་བྱུང་བ་དང་བསྟུན་ནས། བོད་ལྗོངས་ཀྱི་ཞིང་འབྲོག་པ་མང་པོ་ཞིག་ཁྱིམ་ནས་ཐོན་ཏེ་གྲོང་ཁྱེར་དུ་ལས་ཀ་བྱེད་པར་སོང་སྟེ། བོད་ལྗོངས་ཀྱི་གྲོང་ཁྱེར་ཆེ་ཆུང་གང་དུ་ཁོ་ཚོས་བཟོས་པའི་བཟོ་སྐྲུན་གྱི་སྣང་བརྙན་མཐོང་ཐུབ། གྲོང་ཁྱེར་གྱི་ངལ་རྩོལ་ཚོགས་པ་གལ་ཆེན་ཞིག་ཡིན་པའི་ཆ་ནས། བོད་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱིས་རང་ཉིད་ཀྱི་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་ཕྱིར་འབད་བརྩོན་ཧ་ཅང་ཆེན་པོ་བཏོན་ཡོད།
         གྲོང་ཁྱེར་དུ་ཨར་པོ་རྒྱུགས་པར་སོང་བའི་བོད་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱིས་པའི་ལྗིད་རྫོབ་ཆེ་བའི་འཛུགས་སྐྲུན་གྱི་ལས་ཀ་བྱེད་བཞིན་ཡོད་མོད། འོན་ཀྱང་ཞིང་འབྲོག་མང་ཚོགས་མང་ཤས་ཤིག་གི་རིག་གནས་ཆུ་ཚད་དམའ་བ་དང་། རང་ངོས་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཀྱང་ཆེན་པོ་མེད་པས། རྒྱུན་པར་མི་བཀོལ་མཁན་སྡེ་ཚན་དང་ངལ་རྩོལ་གན་རྒྱ་མ་བཞག་པར་ལས་ཞུགས་ཀྱི་སྣང་ཚུལ་འབྱུང་གིན་ཡོད་ཅིང་།  ལས་རྨས་དང་ཡང་ན་ངལ་རྩོལ་རྩོད་གླེང་སོགས་ཀྱི་གནས་ཚུལ་ཐོན་སྐབས། མི་བཀོལ་སྡེ་ཚན་གྱིས་ངལ་རྩོལ་གན་རྒྱ་བཞག་མེད་པ་རྒྱུ་མཚན་དུ་བཟུང་ནས་གླ་རྒྱག་ཞིང་པའི་གླ་ཆ་ཕྱིར་འགྱངས་བྱས་ཏེ། ཞིང་འབྲོག་མང་ཚོགས་ཀྱི་ཁེ་དབང་ལ་རྩ་བའི་རང་བཞིན་གྱི་འགན་སྲུང་ཐོབ་གྱིན་མེད། 
        2009 ལོར་བོད་རང་སྐྱོང་ལྗོངས་གཞི་རིམ་ཁྲིམས་ཁང་གིས“ འཁོར་ཐོག་སྐོར་སྐྱོད་ཁྲིམས་ར”ཞེས་པའི་དམངས་འཚོའི་བཟོ་སྐྲུན་གྱི་འགོ་ཚུགས་པ་ནས་བཟུང་། བོད་ལྗོངས་ཀྱི་ཁྲིམས་ཁང་སོ་སོས“ འཁོར་ཐོག་སྐོར་སྐྱོད་ཁྲིམས་རའི”ཁྱབ་ཁོངས་ཡངས་པ་དང་། ཁྱབ་རྒྱ་ཆེ་བའི་དགེ་མཚན་གང་ལེགས་སྒོས་འདོན་སྤེལ་བྱས་ཏེ། སྐྱེན་འགྱུར་གྱི་རྣམ་པ་དང་།  དོན་བསྟུན་ཐབས་སྤྱོད་ཀྱི་གྱོད་དོན་འདྲི་ཞིབ་བྱེད་སྟངས་སྣ་མང་བེད་སྤྱད་དེ་གྲོང་གསེབ་དང་འབྲོག་ཁུལ་དུ་བསྐྱོད་ནས་དེ་མ་ཉིད་དུ་གཏུག་བཤེར་ས་གནས་དུ་སོང་སྟེ།  སྒོ་ཁར་གྱོད་དོན་ཐོ་འགོད་དང་། ཁྱིམ་གྱི་སྒོ་ཁར་འདྲི་ཞིབ་བྱེད་པ། ཁྱིམ་གྱི་སྒོ་ཁར་ལག་བསྟར་བྱེད་པ་བཅས་གནས་གསུམ་གཞི་གཅིག་གི་ལས་ཀའི་རྣམ་པ་བརྒྱུད་དེ། རྩོད་གཞི་གཞི་རིམ་ནས་ཐག་གཅོད་པ་དང་། འགལ་བ་རྣམས་འབུས་མ་ཐག་ཏུ་་མེད་པར་བཟོས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཞུ་གཏུག་བྱེད་དཀའ་བ་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ཤིང་། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་འགན་སྲུང་ཆེན་པོ་བྱས།
        རླངས་འཁོར་གཅིག་ནི་ཁྲིམས་ཁང་གཅིག་ཡིན་ཞིང་།  རླངས་འཁོར་གང་དུ་སོང་ན་གྱོད་གཞི་དེ་གར་ཐག་གཅོད་བྱེད་པ་ཡིན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་དང་མཉམ་ལས་ཀུང་སིས་བོད་ལྗོངས་ཀྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་པ་དང་། ལྷག་པར་དུ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་དངོས་ཡོད་ལ་གཞིགས་ནས་བློ་སེམས་ཞིབ་མོས་ཁྲིམས་སྐྱོང་གློག་བརྙན་ཐུང་གྲས《 དྲོ་འཇམ་གྱི་ཟེར་མདངས》ཅེས་པ་ཇུས་འགོད་བྱས་ཤིང་།   གློག་བརྙན་འདི་ནི“ འཁོར་ཐོག་སྐོར་སྐྱོད་ཁྲིམས་ར” རྒྱབ་ལྗོངས་བྱས་ཏེ།  རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་བཅའ་ཁྲིམས་ཀྱི་མཚོན་ཆ་བཀོལ་ནས་རང་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པར་སྣེ་ཁྲིད་དང་། སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་དང་། ལྷག་པར་དུ་ཞིང་འབྲོག་མང་ཚོགས་ཀྱིས་ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་ཐོབ་སེམས་དང་། སྐྱིད་སྣང་། བདེ་འཇགས་ཀྱི་ཉམས་སྣང་དངོས་ཡོད་ཀྱིས་ཇེ་དྲག་ཏུ་བཏང་སྟེ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོར་དུས་རབས་གསར་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གིས་ཁོ་ཚོར་གནང་བའི་དྲོ་སྐྱིད་ཚོར་ཐུབ་པ་བྱས།

 པར་རིས་འདི་ནི་གློག་བརྙན་གྱི་བརྡ་ཁྱབ་རེད།
           《དྲོ་འཇམ་གྱི་ཟེར་མདངས》ནི་ཞིང་པ་ལས་མི་ཞིག་གྲོང་ཁྱེར་དུ་གླ་བྱེད་དུ་སོང་སྟེ་ངལ་རྩོལ་གྱི་གླ་ཆ་ལེན་མ་ཐུབ་པ་དང་།  གླ་ཕོགས་འདེད་ལེན་གྱི་གྱོད་དོན་ངོ་མ་དེ་གཏམ་རྒྱུད་ཀྱི་ཁུངས་སྣེ་བྱས་ཏེ་སླར་ཡང་གསར་རྩོམ་བྱས་པའི་བརྩམས་ཆོས་ཤིག་ཡིན་ཞིང་། དེའི་ནང་གཙོ་བོ་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ནས་ཡོང་བའི་ཞིང་པ་རྡོ་རྗེས་ལྷ་སའི་གྲོང་ཁྱེར་ནང་གི་ཨར་ལས་བྱ་ཡུལ་དུ་གླ་བརྒྱབ་ནས་ལོ་ཕྱེད་ལྷག་ཙམ་ཕྱིན་པ་དང་། ཁོས་ལས་ཡུལ་དུ་ནན་ཏན་གྱིས་བྱ་བ་སྒྲུབ་སྐབས། གློ་བུར་དུ་གཅུང་མོས་ཁ་པར་ཡོང་སྟེ་ཨ་ཕར་ནད་ལྕི་མོ་ཕོག་སྟེ་སྨན་ཁང་དུ་བསྡད་ནས་གཤགས་བཅོས་བྱེད་དགོས་ཚུལ་བཤད་ཅིང་། རྡོ་རྗེས་མྱུར་དུ་ལས་ཡུལ་གྱི་སྦྱིན་བདག་བཙལ་ནས་ལོ་ཕྱེད་ཀྱི་གླ་ཆ་རྩིས་རྒྱག་དགོས་པར་མ་ཟད། ཨ་ཕར་ལྟ་རྟོག་བྱེད་དུ་འགྲོ་བའི་དགོངས་པ་ཞུས།  སྦྱིན་བདག་གིས་ངལ་རྩོལ་གྱི་གན་རྒྱ་བཞག་མེད་པར་ཁ་གཡར་ཏེ་རྡོ་རྗེས་ལས་ཡུལ་དུ་ལས་ཀ་བྱེད་པའི་ཁས་མ་བླངས་པར་མ་ཟད།  ལོ་ཕྱེད་ཀྱི་གླ་ཆ་སྤྲོད་རྩིས་མ་བྱས།  སྡུག་ཡོད་ཀྱང་བཤད་ས་མེད་པའི་རྡོ་རྗེས་ཐེངས་གང་མང་ཞིག་ལ་གླ་ཕོགས་སྟེར་རྒྱུའི་རེ་བ་ཞུས་ཀྱང་འབྲས་བུ་ཅི་ཡང་མ་ཐོན། མཇུག་མཐར་གྲོང་ཚོའི་ནང་དུ་བཅའ་ཁྲིམས་ཀྱི་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བའི“སྐོར་སྐྱོད་ཁྲིམས་རས” “ ཐོགས་མེད་བགྲོད་ལམ”གྱི་དམངས་ཕན་གྱི་བྱ་ཐབས་བརྒྱུད་ནས་རྡོ་རྗེར་ལོ་ཕྱེད་རིང་གི་ངལ་རྩོལ་གྱི་ཐོབ་ཆ་བླངས་པ་དང་། གླ་ཕོགས་འདེད་ལེན་གྱི་ཀྱག་ཀྱོག་གི་དཀའ་ཚེགས་ཀྱིས་རྡོ་རྗེར་དུས་རབས་གསར་པར་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གི་དྲོ་སྐྱིད་ཚོར་དུ་བཅུག


  པར་རིས་འདི་ནི་གློག་བརྙན་གྱི་པར་རེད། 
           རྒྱུས་ལོན་བྱུང་བ་ལྟར་ན།  གསར་རྩོམ་འབྲི་བའི་གོ་རིམ་ཁྲོད་འཁྲབ་ཚན་ཚོགས་ཆུང་གིས་གཙོ་སྐྲུན་ཧུར་བརྩོན་དང་རང་འགུལ་གྱི་སྒོ་ནས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གི“མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་ནས་འདྲ་མཉམ་དང་དྲང་བདེན་ཚོར་དུ་འཇུག་པར་འབད་བརྩོན་བྱེད་དགོས”པའི་རྩ་དོན་ལ་རྒྱུས་ལོན་དང་དངོས་མྱོང་བྱས་པ་དང་། “ལོ་ལྟར་སྐོར་སྐྱོད་ཁྲིམས་ར་གཞི་རིམ་དུ་ཟབ་ཞུགས་བྱས་ཏེ་མི་སེར་ལ་ཞབས་ཞུ་བསྒྲུབ”པ་ལག་བསྟར་བྱས་ཤིང་། མགྱོགས་མྱུར་སྒོས“ ཐོགས་མེད་བགྲོད་ལམ་གྱིས་ཉམ་ཆུང་དང་ནུས་ཞན་ཚོགས་པའི་དཀའ་ངལ་སེལ་བ”ཞེས་པ་སོགས་ཀྱི་དམངས་ཕན་གྱི་བྱ་ཐབས་གསར་གཏོད་བྱས་ཏེ། བྱེད་ཐབས་ཕྲན་ཚེགས་འདི་དག་གློག་བརྙན་གཏམ་རྒྱུད་ཀྱི་གསར་རྩོམ་ནང་དུ་བསྡུ་ལེན་བྱས། དེ་དང་དུས་མཚུངས་སུ།  གློག་བརྙན་འཁྲབ་ཚན་ཚོགས་ཆུང་གིས་མི་སྣའི་རང་གཤིས་ཀྱི་གསར་བཞེངས་དང་ཕབ་སྐྲུན་གྱི་ལྗོངས་རྣམ་གྱི་འདེམ་གསེས་ཐད་ནས་གང་ཐུབ་ཅི་ཐུབ་ཀྱིས་གྱོད་དོན་སོར་ཆུད་བྱས་ཏེ། གཏམ་རྒྱུད་ཉིད་ཀྱི་བདེན་དངོས་རང་བཞིན་དང་། ངོ་མཚར་རང་བཞིན། ལྟ་འདོད་ཀྱི་རང་བཞིན་འགན་ལེན་ཏན་ཏིག་བྱས།


 པར་རིས་འདི་ནི་གློག་བརྙན་གྱི་པར་རེད། 
           མིག་སྔར། ཁྲིམས་སྐྱོང་གློག་བརྙན་ཐུང་གྲས《དྲོ་འཇམ་གྱི་ཟེར་མདངས》དེ“ དུས་བདེའི་ཀྲུང་གོ” ཁྲིམས་སྐྱོང་གློག་བརྙན་ཐུང་གྲས་ཀྱི་འགྲན་བསྡུར་སྐབས་གསུམ་པ་དང་། ཀྲུང་གོའི་ཝེ་ཧྥང“གསེར་གྱི་ཤོག་བྱ”གློག་བརྙན་ཐུང་གྲས་འགྲན་ཆེན་སྐབས་གསུམ་པ། “བཀྲག་དམངས་འཚེར་བའི་ཀྲུང་ཧྭ”ཆན་ཅང་གྲངས་ཉུང་མི་རིགས་གློག་བརྙན་དུས་ཆེན་སྐབས་གསུམ་པ( གློག་བརྙན་ཐུང་གྲས་སྡེ་ཚན་གྱི་འགྲན་བསྡུར་ཆེ་མོ) སོགས་ཀྱི་ནང་དུ་ཞུགས་ཀྱིན་ཡོད།