གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

གཡག་མདོའི་མྱུར་ལམ་གྱི་ཁམས་དར་ཟམ་ཆེན་ལེགས་གྲུབ་བྱུང་སོང་།

སྤེལ་དུས 2018-10-10 ཡོང་ཁུངས། ཁམས་པའི་དྲ་བ། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།

          ཟླ་བ10པའི་ཚེས1ཉིན། གཡག་རྔ་ནས་དར་མདོའི་བར་གྱི་མྱུར་ལམ་གྱི་ཁམས་དར་ཟམ་ཆེན་ལས་མཇུག་བསྒྲིལ་ལ་ཉེ་བའི་གཏམ་བཟང་གང་སར་ཁྱབ་པ་དང་། མི་རིང་བར་ཁྲོན་བོད་ཀྱི་ཟམ་ཆེན་དང་པོ་ཞེས་མཚན་སྙན་འབར་བའི་ཟམ་ཆེན་དེ་ནས་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད།
          བར་སྣང་ནས་དར་དཀར་བརྐྱངས་འདྲའི་རྒྱལ་མོ་རྔུལ་ཆུའི་སྟེང་གི་ཁམས་དར་ཟམ་ཆེན་ནི་འཕྱངས་ཟམ་གྱི་རིགས་སུ་གཏོགས་པ་དང་། ཟམ་ཆེན་ཧྲིལ་པོར་རིང་ཚད་སྨི1411ཡོད་པ་དང་མཚོ་འཕགས་སྨི1617ཡོད་ལ། ཟམ་ངོས་ནས་ཆུ་ངོས་ཀྱི་བར་སྨི239ཡོད་པ་རེད། ཟམ་ཆེན་གྱི་སྤྱིའི་བཟོ་སྐྲུན་གྱི་འགྲོ་གྲོན་ལ་སྒོར་དུང་ཕྱུར10ལས་བརྒལ་བ་རེད།
          དེ་ཉིན། རྒྱལ་སྟོན་དུས་ཆེན་ལ་གྱ་ནོམ་པའི་ལེགས་སྐྱེས་ཤིག་འབུལ་ཕྱིར། ཟམ་ཆེན་གྱི་ལམ་ངོས་ལས་སྨི150ལས་མཇུག་གྲུབ་རྗེས་ཁམས་དར་ཟམ་ཆེན་དངོས་སུ་ལེགས་གྲུབ་བྱུང་བ་ཡིན་པས། མི་རིང་བར་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་སྟེང་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་རྒྱུ་རེད།