གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ནས་གསོན་ཤུགས་གསར་པ་འཕེལ་བ།

སྤེལ་དུས 2018-10-11 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། རིན་སྒྲོལ་གྱིས་བསྒྲིགས།

འདི་ནི་ལྕགས་སྒང་གྲོང་ཚོའི་ཟུར་ཞིག་ཡིན་པ།
          ས་བབ་མཐོ་ཚད་སྨི་4400ལྷག་ཙམ་གྱི་སར་ཆགས་པ་དང་། ད་ཆ་དུད་ཚང་197དང་མི་གྲངས་732ཡོད་པ། དེའི་ཁྲོད་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་29དང་མི་གྲངས་108ཡོད་པ་བཅས་ཀྱི་མངའ་རིས་ས་ཁུལ་རུ་ཐོག་རྫོང་རི་གསུམ་ཤང་ལྕགས་སྒང་གྲོང་ཚོ་ནི་མངའ་རིས་ས་ཁུལ་དུ་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་ཁུལ་འཛུགས་སྐྲུན་རྣམ་གྲངས་ལག་ལེན་བསྟར་བའི་དཔེ་མཚོན་གྲོང་ཚོ་ཞིག་རེད། མིག་སྔར་ལྕགས་སྒང་གྲོང་ཚོའི་ཚོགས་ཆུང་དང་པོ་འཛུགས་སྐྲུན་ཟིན་ཞིང་། དུད་ཚང་མི་རེ་ངོ་རེའི་དོན་དངོས་གནས་ཚུལ་གཞིར་བཟུང་སྨི་ངོས་གྲུ་100ནས་140བར་གྱི་ཐོག་སོ་གཉིས་ལྡན་གྱི་སྒོ་ར་ཁེར་གཙང་གི་སྡོད་ཁང་བགོས་པ་མ་ཟད། ད་དུང་ཆུ་དང་། གློག དྲ་བ་བཅས་ཀྱང་ཤར་གཏོང་ཐུབ་ཡོད། དུས་མཚུངས་སུ་གྲོང་ཚོ་དེས་རྒྱུན་ཆད་མེད་པར་སྟོབས་ཆེར་འགྲོ་བའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་བརྟེན་ནས་དུད་ཚང་དབུལ་པོར་དབུལ་སྒྲོལ་ཕྱུག་འགྱུར་བྱེད་རོགས་བྱེད་ཀྱི་ཡོད།