ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

སྐབས་བཞི་པའི་དགོན་སེར་གླེང་སྟེགས་རྒྱལ་ཁའི་ངང་མཇུག་འགྲིལ་བ།

སྤེལ་དུས 2018-11-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་11པའི་ཚེས་7ཉིན། དགོན་སེར་ནུབ་མར་མཆོད་རྟེན་དཀར་པོ་མཐོན་མཐིང་ནམ་མཁར་འགྲེངས་ཤིང་། ཉེ་འཁོར་གྱི་སྡོང་ལོ་དག་ལ་རིམ་གྱིས་སེར་ཤ་མངོན་འདུག དུས་ཡུན་ཉིན་གཉིས་རིང་གི་སྐབས་བཞི་པའི་དགོན་སེར་གླེང་སྟེགས་ཏེ་པེ་ཅིང་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་རྒྱལ་ཁའི་ངང་མཇུག་འགྲིལ་བ་རེད།
སྐབས་བཞི་པའི་དགོན་སེར་གླེང་སྟེགས་མཇུག་འགྲིལ་བའི་མཛད་སྒོའི་ཡུལ་དངོས།
          ད་རེས་ཀྱི་གླེང་སྟེགས་ནི་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དང་གོང་མའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་། པེ་ཅིང་དགའ་ལྡན་བྱིན་ཆགས་གླིང་། ཁྲེང་ཏེའི་ཀུན་བདེ་གླིང་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་གནང་པ་ཡིན་ལ། རྒྱལ་ནང་གི་གོང་མའི་དགོན་པའི་བླ་སྤྲུལ་སྐྱེས་ཆེན་དང་རིག་གཞུང་ལས་ཁུངས། མཐོ་རིམ་སློབ་ཆེན་བཅས་ཀྱི་ཆེད་མཁས་ཁྱོན་བསྡོམས་མི་གྲངས་50ལྷག་ཙམ་ཚོགས་ཞུགས་གནང་ཡོད་པ་དང་།《དགོན་སེར་དང་གོང་མའི་དགོན་པའི་འཕེལ་རྒྱས་ལས་ནང་བསྟན་ཀྲུང་གོ་ཅན་དུ་གྱུར་ཚུལ་གླེང་པ》ཞེས་པ་བརྗོད་དོན་གཙོ་བོར་བཟུང་སྟེ་བགྲོ་གླེང་གནང་ཡོད་ཅིང་། གླེང་སྟེགས་ལ་ཁྱོན་དཔྱད་རྩོམ་30ལྷག་ཙམ་དང་ཚོགས་ཞུགས་ཆེད་མཁས་དང་བླ་སྤྲུལ་སྐྱེས་ཆེན་24གླེང་སྟེགས་ཐོག་གཏམ་བཤད་སྤེལ་ཡོད་རེད།
ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཏང་ཙུའུ་ཡི་ཁོངས་མི། གླིང་གཙོ་གཞོན་པ་མགོན་པོས(གཡོན)ཚོགས་འདུར་ཕྱོགས་བསྡོམས་གནང་བཞིན་པ།
          མཇུག་འགྲིལ་བའི་མཛད་སྒོའི་ཐོག  ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཏང་ཙུའུ་ཡི་ཁོངས་མི། གླིང་གཙོ་གཞོན་པ་མགོན་པོས་ཕྱོགས་སྡོམ་གནང་དོན། ལྷན་རྒྱས་ཀྱི་གཏམ་བཤད་ནི་བརྗོད་བྱ་ཁ་གསལ་ཞིང་ལྟ་བ་གཏིང་ཟབ་པ་དང་། སྒྲུབ་བྱེད་ཆ་ཚང་བ་ཞིག་ཡིན་ལ། དེའི་ནང་ཆེད་མཁས་ཁ་ཤས་ཀྱིས་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་མཚན་ཉིད་ལ་གོ་བ་ཇི་ལྟར་ལེན་པའི་ཐད་རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་བསམ་གཞིགས་གནང་ཡོད་པ་དང་། ཆེད་མཁས་ཁ་ཤས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲོད་ཆོས་ལུགས་རིགས་པའི་གཞུང་ལུགས་དང་གསར་གཏོད་ལ་ཕྱོགས་བཅུ་གཉིས་ཀྱི་ཐད་ནས་ཕྱོགས་སྡོམ་དང་གསལ་འགྲེལ་གནང་ཡོད་པ། ཆེད་མཁས་ཁ་ཤས་ཀྱིས་དུས་རབས་གསར་པའི་བོད་རྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཐབས་ལམ་དང་ལག་ལེན་གྱི་ཐད་གྲོས་བསྡུར་གནང་ཡོད་པ། བླ་སྤྲུལ་སྐྱེས་ཆེན་ཁ་ཤས་ཀྱིས་རང་རང་གི་དགོན་སྡེ་ཀྲུང་གོ་ཅན་དུ་འགྱུར་པ་དཔེར་བླངས་ནས་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་མྱོང་ཚོར་གླེང་ཡོད་པ། ཆེད་མཁས་ཁ་ཤས་ཀྱིས་ལོ་རྒྱུས་ཀྱི་མི་སྣའམ་ཡང་ན་ནང་བསྟན་ཆོས་ལུགས་ཀྱི་དགོངས་པ་གཞིར་བྱས་ཏེ་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ལོ་རྒྱུས་ཀྱི་འབྱུང་རྩ་དང་ལོ་རྒྱུས་ཀྱི་ཤུགས་རྐྱེན། དེང་རབས་ཀྱི་ལག་ལེན་དང་འཕེལ་རྒྱས་ཀྱི་གནས་སྟངས་ཐད་དགོངས་ཚུལ་ལྷུག་བརྗོད་གནང་ཡོད་པ། ཆེད་མཁས་ཁ་ཤས་ཀྱིས་ནང་བསྟན་རིག་གནས་སྒྱུ་རྩལ་དང་སྐད་ཡིག  ཆོས་ལུགས་ཀྱི་འདུལ་ཁྲིམས། དེ་མིན་ཡུལ་སྲོལ་གོམས་གཤིས་སོགས་ཀྱི་ཐད་ནས་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་རིགས་པའི་གཞུང་ལུགས་ཀྱི་ལམ་ནས་དཔྱད་བསྡུར་གནང་ཡོད་པས། ད་རེས་ཀྱི་གླེང་སྟེགས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་དེ། གོང་མའི་དགོན་སྡེ་ཀྲུང་གོ་ཅན་དུ་འགྱུར་བའི་ལོ་རྒྱུས་ཀྱི་རིན་ཐང་དང་རིག་གནས་ཀྱི་ནང་དོན་སྔོག་འདོན་ཟབ་མོ་བྱེད་པའི་དུས་མཚུངས་སུ། རྒྱལ་ཁབ་ཕྱི་ནང་གི་བོད་བརྒྱུད་ནང་བསྟན་གྱི་རིག་གནས་ལ་ཞིབ་འཇུག་བྱེད་པའི་ཁྱབ་ཁོངས་ཀྱི་སྤེལ་རེས་དང་འགྲོ་འོང་ལ་སྐུལ་འདེད་གནང་ཐུབ་པར་གྱུར་པ་དང་། བོད་བརྒྱུད་ནང་བསྟན་རིག་གནས་ཞིབ་འཇུག་ཀྱི་ལས་སྟེགས་གསར་རྐྱང་ཞིག་བསྐྲུན་ཡོད་ཕྱིར།  གནད་དོན་ལ་ཞིབ་བསྡུར་དང་ཕན་ཚུན་སློབ་སྦྱོང་བྱེད་པ།  བསམ་ཕྱོགས་བརྗེ་རེས་བྱེད་པ་བཅས་ཀྱི་སྔོན་དཔག་དམིགས་ཡུལ་འགྲུབ་སྟེ་གླེང་སྟེགས་ཐུགས་གྲ་ལེགས་འགྲིག་བྱུང་ཡོད་ཅེས་བསྟན་བྱུང་།
          མགོན་པོ་ན་རེ། ད་རེས་ཀྱི་གླེང་སྟེགས་གཉེར་བར་གཙོ་བོ་ཕྱོགས་བཞིའི་ཐད་ཀྱི་གྲུབ་འབྲས་ཐོན་ཡོད་དེ། གཅིག་ནི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བསྟར་བར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོབ་ཡོད་པ་དང་། ལྷག་པར་དུ་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་པ་དང་ཆབ་སྲིད་ཀྱི་རང་རྟོགས་ཇེ་དྲག་ཏུ་ཕྱིན་པ། “འདུ་ཤེས་བཞི”བརྟན་པོ་ཚུགས་པ། “གདེང་ཚོད་བཞི”ཆེ་རུ་ཏན་ཏིག་ཕྱིན་པ། “ངོས་འཛིན་བཞི”དང“སྲུང་སྐྱོང་ལྔ” སེམས་ཐག་གཙང་བཅད་ཀྱིས་ལག་ལེན་བསྟར་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་གཏིང་ཟབ་ལོན་པ་དང་། དུས་རབས་གསར་པའི་ཆོས་ལུགས་ལས་ཀའི་ཁ་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་གནང་ཡོད་པ།
          གཉིས་ནི་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་བགྲོད་ལམ་རྒྱུན་འཁྱོངས་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་བར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད་པ། ལྷག་པར་དུ་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་སྐོར་གྱི་གྲོས་ཚོགས་དང་ཀྲུང་དབྱང་གི་འཐབ་ཕྱོགས་གཅིག་གྱུར་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལོན་ཡོད་པ། ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་ཡོང་པར“མཛུབ་ཁྲིད”སྟེང་ཤུགས་སྣོན་བརྒྱབ་སྟེ་ནན་ཏན་གྱིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགོང་དོན་དང་རིག་གནས་དགོངས་འགྲེལ་གྱི་ལས་དོན་ཡག་པོ་སྒྲུབ་ཡོད་པ་དང་། ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་རིགས་པའི་གཞུང་ལུགས་འཚོལ་ཞིབ་ཐད་འཚོལ་ཞིབ་དང་གྲུབ་འབྲས་གསར་པ་འདོན་སྤྲོད་གནང་ཡོད་པ།
          གསུམ་ནི་ལས་གནས་ཐོག་རྐང་བཙུགས་ཏེ་ལས་གནས་ལ་གཅེས་ཤིང་བརྩོན་པ།  བོད་བརྒྱུད་ནང་བསྟན་གྱི་འཐུས་ཚབ་མི་སྣ་གསོ་སྐྱོང་གི་ལས་དོན་ལེགས་པོར་སྒྲུབ་པར་སྐུལ་སྤེལ་གྱི་ནུས་པ་ཆེན་པོ་ཐོན་ཡོད་པ་དང་། ལྷག་པར་དུ་བོད་བརྒྱུད་ནང་བསྟན་གྱི་རྒྱལ་ཁབ་ཀྱི་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་བཅས་ཐད་ཀྱི་ལོ་རྒྱུས་ཀྱི་སྲོལ་རྒྱུན་སྔར་བས་སྔོག་འདོན་བྱས་ཏེ། མི་རིགས་རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་ཇེ་ཟབ་ཏུ་གཏོང་པ་དང་། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཆམ་མཐུན་ལ་ཁྲིད་སྟོན་བྱས་ཏེ་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་དང་། བོད་རྒྱུད་ནང་བསྟན་ཆོས་ལུགས་རིག་གནས་ཀྱི་སྲུང་སྐྱོང་སྤེལ་རེས་དང་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་ལ་སྐུལ་འདེད་ཏན་ཏིག་གནང་ཡོད་པ།
          བཞི་ནི་དགོན་སེར་གླེང་སྟེགས་ཀྱི་རིག་གནས་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད་ཅིང་། སྐབས་བཞི་པའི་དགོན་སེར་གླེང་སྟེགས་ལ་གཞུང་ལུགས་ཀྱི་ཞིབ་དཔྱད་ཕུད། ད་དུང་ཐང་གའི་རིག་གནས་དང་གོང་མའི་རྒྱན་གོས་ཀྱི་ནང་བསྟན་རིག་གནས། སྲོལ་རྒྱུན་གྱི་ཁྱིམ་ཆས་ཁྲོད་ཀྱི་ལྷ་གཤིས་རིག་གནས། འཛུགས་སྐྲུན་ཁྲོད་ཀྱི་རིག་གནས་སྒྱུ་རྩལ་བཅས་ཡོད་ཚད་ཐད་ཆེད་མཁས་ཀྱི་ཞིབ་འཇུག་གྲུབ་འབྲས་ངོམས་སྟོན་ཡག་པོ་གནང་ཡོད་ཕྱིར། ཚོགས་ཞུགས་མི་སྣ་ཚོས་མཐོང་ཐོས་གསར་པ་གནང་ཡོད་པ་རེད།
          ད་རེས་ཀྱི་གླེང་སྟེགས་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་འཛིན་པ་དང་། ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་གཞི་རྩའི་བྱེད་ཕྱོགས་སྒོ་ཀུན་ནས་ལག་ལེན་མཐར་ཕྱིན་གནང་པ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། དགོན་སེར་དཔྱད་གླེང་ཚོགས་འདུ་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་གྱུར་བའི་རིག་གཞུང་སྤེལ་རེས་ལ་སྔར་བས་སྐུལ་འདེད་གཏོང་པ་བརྒྱུད། ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་གནང་ཡོད་པ་རེད།
སྐབས་བཞི་པའི་དགོན་སེར་གླེང་སྟེགས་ཀྱི་འཚོགས་ཡུལ་དངོས།
སྐབས་བཞི་པའི་དགོན་སེར་གླེང་སྟེགས་ཀྱི་འཚོགས་ཡུལ་དངོས།
སྐབས་བཞི་པའི་དགོན་སེར་གླེང་སྟེགས་ཀྱི་འཚོགས་ཡུལ་དངོས།