ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ནས་བོད་བརྒྱུད་ནང་བསྟན་པའི་སྡེ་ཡིས་རྒྱལ་ཁབ་དང་མི་དམངས་ལ་ཞབས་འདེགས་ཞུ་དགོས་ཞེས་བཀའ་གསུང་གནང་བ།

སྤེལ་དུས 2018-11-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་11པའི་ཚེས་18ཉིན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་2018ལོའི་བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་དགོངས་འགྲེལ་ལས་དོན་སྐོར་གྱི་དཔྱད་གླེང་གྲོས་ཚོགས་བསྡུས།

བོད་བརྒྱུད་ནང་བསྟན་ཆོས་དོན་དགོངས་འགྲེལ་ལས་དོན་སྐོར་གྱི་དཔྱད་གླེང་གྲོས་ཚོགས། 
          རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེ་ཨར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཨན་ཆི་དབྱི།  ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གླིང་གཙོ་འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག  ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་དགྲ་འདུལ།  ཀྲུང་དབྱང་འཐབ་ཕྱོགས་གཅིག་པུའུ་ཅུས་བདུན་གྱི་ཅུས་ཀྲང་གཞོན་པ། སྐོར་ཞིབ་པ་ཞུས་ཀྲི་ཐའོ་སོགས་ཚོགས་འདུའི་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་གྲོས་ཚོགས་ཐོག་གསུང་བཤད་གནང་བཞིན་པ།
          པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ནས་འདི་སྐད། ལོ་རེའི་བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་དགོངས་འགྲེལ་ལས་དོན་སྐོར་གྱི་དཔྱད་གླེང་གྲོས་ཚོགས་སྐོང་འཚོགས་ལ་མཚོན་ན་དགེ་རྟགས་ཁྱད་པར་བླ་ན་མེད་པ་མཆིས་པས་དགའ་འོས་ལ་སྤྲོ་ཡང་འོས།  རྒྱུ་མཚན་ཆོས་དོན་དགོངས་འགྲེལ་ལས་དོན་ནི་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་གཉིས་ཕན་ཚུན་བསྟུན་བྱེད་ཀྱི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་དང་། དོན་སྙིང་རྒྱ་ཆེ་ལ་གཏིང་ཟབ་ཕྱིར། ལས་དོན་འདི་འཐུས་ཤོར་མེད་པར་དོན་ཐོག་ཏུ་འཁྱོལ་རྒྱུ་ནི་ང་ཚོའི་བོད་རྒྱུད་ནང་བསྟན་པའི་སྡེ་འདིས་རྒྱལ་ཁབ་ལ་ཞབས་འདེགས་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་བྲེ་བྲག་གི་ལས་ཀའི་ཁྲོད་ཞུགས་པའི་བྱ་སྤྱོད་ཅིག་ཀྱང་ཡིན།  
          ཁོང་ནས་འདི་སྐད།  ཏང་ཀྲུང་དབྱང་གིས་མི་རིགས་ཆོས་ལུགས་ལས་དོན་ལ་མཐོང་ཆེན་ཚད་མེད་གནང་བ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་འབྲེལ་ཡོད་སྡེ་ཚན་གྱིས་ང་ཚོར་ལམ་ཁ་ཡངས་པོ་ཕྱེས་ཤིང་སྡིངས་ཆ་ལེགས་པོ་བཏོན་ནས་ང་ཚོར་རང་སྟེང་གི་ནུས་པ་གང་དགར་འདོན་སྤེལ་བྱེད་དུ་བཅུག་ཡོད།  ལྷག་པར་ཆོས་དོན་དགོངས་འགྲེལ་ལས་དོན་གྱིས་བོད་བརྒྱུད་ནང་བསྟན་འདི་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་སྤེལ།  སྤྱི་ཚོགས་བདེ་འཇགས་དང་འཆམ་མཐུན་བརྟན་བརླིང་ལ་སྲུང་སྐྱོང་བྱ་བའི་སྟོབས་ཤུགས་མེད་དུ་མི་རུང་བར་བསྒྱུར་ཡོད་པས། བོད་བརྒྱུད་ནང་བསྟན་འདི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་བསྟུན་ཐུབ་ཅིང་། ཀྲུང་ཧྭ་རིག་གནས་དང་འདྲེས་ཐུབ་པ། ཀྲུང་གོ་རྒྱལ་ཁབ་ཀྱི་གནས་ཚུལ་དང་ཆ་འགྲིག་ཡོང་དགོས་ན། བོད་བརྒྱུད་ནང་བསྟན་པའི་སྡེ་འདིས་མ་སྐུལ་རང་རྟོགས་ཀྱི་སྒོ་ནས་ལས་འགན་དང་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་དུ་འཁྱེར་ཕོད་ཅིང་། དུས་རབས་ཀྱི་དར་སྲོལ་དང་འཚམ་ཐུབ་པ།  རྒྱལ་ཁབ་ཀྱི་འཕེལ་ཕྱོགས་དང་བསྟུན་ཐུབ་པ་ཞིག་བྱེད་དགོས་ཞེས་གསུངས། 

          ཨན་ཆི་དབྱི་ཡིས་ཤིས་ཚིག་ཕུལ་ཞིང་། ཁོང་གིས་བོད་བརྒྱུད་ནང་བསྟན་ནི་ཀྲུང་གོའི་ནང་བསྟན་རིག་གནས་ཡིན་ལ། ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཡང་ཡིན། མིའི་རིགས་ཀྱི་ལོ་རྒྱུས་སྟེང་ཆོས་ལུགས་མི་འདྲ་བ་མང་པོ་བྱུང་ཡོད་ན་ཡང་། ད་ལྟའི་བར་གནས་ཐུབ་ཡོད་པ་ཉུང་ཤོས་རེད།  བོད་བརྒྱུད་ནང་བསྟན་ད་བར་དུ་གནས་ཐུབ་པ་ནི་སྤྱི་ཚོགས་ཀྱི་འཕེལ་རྒྱས་སོ་སོ་ལ་བསྟུན་པའི་འབྲས་བུ་ཡིན་ཞེས་བརྗོད་པ་རེད།
          ཨན་ཆི་དབྱི་ཡིས་འདི་སྐད།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་གི་སྲོག་ཤིང་གནང་པའི་ཏང་ཀྲུང་དབྱང་གིས་ཆོས་ལུགས་ལས་དོན་ལ་མཐོང་ཆེན་ཚད་མེད་གནང་བ་དང་།  གནས་བབ་གསར་པའི་འོག་གི་ཆོས་ལུགས་ལས་དོན་ལ་ཐབས་ཇུས་གསར་པ་བཏོན་ཞིང་། བཀོད་སྒྲིག་གསར་པ་བརྒྱབ་ནས་བླང་བྱ་གསར་པ་བཏོན་ཡོད།  ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་ལྟར།  དགོངས་འགྲེལ་ལས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་གཉིས་ཟུང་སྦྲེལ་དང་། བོད་བརྒྱུད་ནང་བསྟན་གྱི་ལས་དོན་དངོས་ལ་ཟུང་དུ་སྦྲེལ་ཏེ།  ཆོས་དོན་དགོངས་འགྲེལ་ལས་དོན་སྤེལ་བའི་དུས་སུ་བསམ་བློའི་འཁྲིད་སྟོན་ལ་དོ་སྣང་དང་། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བར་མི་དམངས་ཀྱིས་དོ་སྣང་བྱེད་པའི་འབྲེལ་ཡོད་སྤྱི་ཚོགས་ཀྱི་དངོས་ཡོད་གནད་དོན་ཐད་ལ་ལན་འདེབས་པར་དོ་སྣང་བྱས་ཏེ། ཆོས་དོན་དགོངས་འགྲེལ་ལས་དོན་དེ་དོན་སྙིང་ལྡན་པ་ཞིག་སྤེལ་དགོས་ཞེས་བསྟན།
དགྲ་འདུལ་གྱིས་གཏམ་བཤད་གནང་བཞིན་པ། 
          དགྲ་འདུལ་གྱིས་གསུང་བཤད་ཁྲོད་འདི་སྐད།  བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་དགོངས་འགྲེལ་ལས་དོན་ཁྲོད་དུ།  བོད་བརྒྱུད་ནང་བསྟན་པའི་སྡེ་ཡིས་ནུས་པ་གཙོ་བོ་བཏོན་ཡོད། ལོ་ངོ་8རིང་གི་འཚོལ་ཞིབ་དང་ལག་ལེན་བརྒྱུད་བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་དགོངས་འགྲེལ་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པ་དང་། གཞུང་ལུགས་དགོངས་འགྲེལ་གཏིང་ཇེ་ཟབ་དང་ལག་ལེན་དང་ཉམས་མྱོང་ཕུན་སུམ་ཚོགས་པོ་བླངས་ཡོད་པ་མ་ཟད།  ལས་ཀའི་ནང་རྐྱེན་ལུགས་འཐུས་སྒོ་ཇེ་ཚང་དུ་སོང་ཞིང་དད་ལྡན་མང་ཚོགས་ལ་སློབ་གསོ་དང་ལམ་སྟོན་གྱི་ནུས་པ་ཡང་ཇེ་ཆེར་སོང་ཡོད་པས། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་ཕུན་ཚུན་འཆམ་མཐུན་ཡོང་བའི་ཕྱོགས་ལ་ནུས་པ་གལ་ཆེན་བཏོན་ཡོད།  བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་དགོངས་འགྲེལ་ནི་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་ཕན་ཚུན་འཆམ་མཐུན་ཡོང་བྱེད་ཀྱི་ཐབས་ལམ་གལ་ཆེན་ཞིག་ཡིན་པས། ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་ལ།  དེ་བཞིན་དུ་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་ནང་རྐྱེན་གཙོ་བོ་ཡིན་པས། སྤྱི་ཚོགས་ཞབས་ཞུ་དང་། སེམས་ཅན་དོན་གཉེར་ལ་ངེས་པར་དུ་དམིགས་ནས་ལས་སྤེལ་དགོས་ཟེར།
འཇམ་དབྱངས་བཞད་པ་མཆོག་ནས་གསུང་བཤད་གནང་བཞིན་པ། 
          ཀུན་མཁྱེན་འཇམ་དབྱངས་བཞད་པ་མཆོག་ནས་འདི་སྐད།  ཆོས་དོན་དགོངས་འགྲེལ་དེ་དངོས་དོན་དང་འབྲེལ་ཏེ། ངེས་པ་དོན་གྱིས་ཕན་ཐོགས་པའི་སྒོ་ནས་སྤེལ་དགོས།  དེ་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་གཉིས་ཀྱི་བསམ་བློ་དངོས་ལ་འབྲེལ་ཆོག་པ་དང་། བོད་བརྒྱུད་ནང་བསྟན་པའི་སྡེ་ཡི་རང་ངོས་ལེགས་སྐྱོང་གི་དོན་དངོས་དང་འབྲེལ་ཆོག  དེང་གི་བོད་བརྒྱུད་ནང་བསྟན་གྱི་ལས་དོན་ཁྲོད་ཀྱི་གནད་དོན་དངོས་ལ་འབྲེལ་ཆོག་པ་ཡིན། དེ་ལྟར་དོན་དངོས་དང་འབྲེལ་ན་ད་གཟོད་ངེས་ཟིན་ཇེ་ཟབ་དང་དངོས་ཡོད་གནད་དོན་ཐག་གཅོད་ལ་ཕན་པ་ཐོགས་ངེས་ཡིན་ཞེས་བརྗོད།

          ཞུས་ཀྲི་ཐའོ་ཡིས་འདི་སྐད།  རྒྱལ་ཁབ་འཕེལ་རྒྱས་བྱུང་བ་ལ་བརྟེན་ནས་བོད་བརྒྱུད་ནང་བསྟན་དར་སྤེལ་ལ་ཆ་རྐྱེན་བཟང་པོ་བསྐྲུན། ཉེ་བའི་ལོ་ཚུན་ལ་བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་དགོངས་འགྲེལ་ལས་དོན་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་ནས་མ་ལག་རིམ་བཞིན་དུ་ཆགས།  ས་གནས་ཁག་གི་ནང་བསྟན་མཐུན་ཚོགས་ཀྱིས་སོ་སོའི་ས་ཁུལ་གྱི་ཆོས་དོན་དགོངས་འགྲེལ་ལས་དོན་སྤེལ་བར་ཟིལ་རྔམ་ལྡན་ལ།  ཚད་གཞི་མཐོ་བ།  མཚན་སྙན་ཆེ་བ་ཞིག་ཆགས་ཡོད་པས། སྤྱི་ཁྱབ་ཀྱི་ཞིབ་འཇུག་མ་ཟད། ད་དུང་ཆེད་སྒྲིག་ཁག་བགོས་ཀྱིས་གྲུབ་འབྲས་མང་པོ་བྱུང་ཡོད།  རེ་བ་ནི་ཆོས་དོན་དགོངས་འགྲེལ་ལས་དོན་གྱིས་སྔར་ཡོད་ཀྱི་རྨང་གཞིའི་ཐོག་ཐོད་བརྒལ་གསར་པ་ཞིག་འབྱུང་རྒྱུ་དེ་ཡིན་ཟེར། 
          བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་དགོངས་འགྲེལ་ལས་དོན་སྐོར་གྱི་དཔྱད་གླེང་གྲོས་ཚོགས་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གཉིས་ཀྱིས་མཉམ་འབྲེལ་ཐོག་བསྒྲུབས་པ་ཞིག་ཡིན་ཞིང་། 2011ལོར་འགོ་ཚུགས་ཤིང་ད་བར་དུ་སྤེལ་ནས་ལོ་ངོ་བརྒྱད་ཙམ་ཕྱིན་ཡོད་པ་རེད།  ཐེངས་འདིའི་གྲོས་ཚོགས་ཀྱིས་བོད་བརྒྱུད་ནང་བསྟན་དང་གཞུང་དྲང་གི་བསམ་བློ་ཞེས་པ་བརྗོད་བྱང་དུ་བཀོད་དེ།  ཉིན་གཉིས་རིང་ལ་སྤེལ་ཞིང་། ཚོགས་ཞུགས་སྐུ་མགྲོན་མང་པོས་རང་ངོས་ཀྱི་ཉམས་ལེན་དང་གཞུང་ལུགས་ཞིབ་འཇུག  ལག་ལེན་དངོས་ཀྱི་ཆ་ལ་སོགས་པ་ནས་རང་གི་མྱོང་བ་བརྗོད།  ཐེངས་འདིའི་དཔྱད་གླེང་གྲོས་ཚོགས་ཀྱིས་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་ཕན་ཚུན་འཆམ་མཐུན་ཡོང་བར་ཁྲིད་སྟོན་བྱས་ཏེ། ཆོས་དོན་དགོངས་འགྲེལ་སྐོར་གྱི་བྱེད་སྒོ་སྤེལ་བ་ལ་སྐུལ་མ་དང་སྐུལ་འདེད་ཀྱི་ནུས་པ་ཐོན་ངེས་རེད།