ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

འབྲི་ཆུའི་གནོད་ཐེབས་ཁུལ་གྱི་མང་ཚོགས་བཀོད་སྒྲིག་འདི་འདྲ་བྱས་འདུག

སྤེལ་དུས 2018-11-14 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། རྡོ་རྗེས་བསྒྲིགས།

འདི་ནི་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་ཤང་གི་བཀོད་སྒྲིག་ས་ཚིགས་ཡིན།
          བོད་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་ཤང་ས་ཁོངས་ཀྱི་བཀོད་སྒྲིག་ས་ཚིགས་ནི་སྤོ་ལོ་ཤང་སྲིད་གཞུང་དང་དྲང་ཐིག་བར་ཐག་སྤྱི་ལེ་༣ཙམ་ཡོད་ཅིང་། ས་བབ་ཁོད་ཡངས་ཤིང་ཐང་བདེ་བའི་རི་ཁུག་ཅིག་ཏུ་ཡོད་ལ། འགག་འཁྱིལ་མཚེའུའི་ཆུ་ངོས་ལས་རྨིད་༡༠༠ལྷག་གིས་མཐོ་བ་ཡོད། ཟླ་༡༠པའི་ཚེས་༡༡ཉིན་འབྲི་ཆུའི་པད་དགེ་རྒྱུད་དུ་རི་ཉིལ་གནོད་འཚེ་བྱུང་རྗེས། ས་གནས་དེ་གས་གནས་འདི་རུ་བཀོད་སྒྲིག་ས་ཚིགས་བཙུགས་པ་དང་། ཉེ་འཁོར་གྱི་གནོད་འཚེ་ཕོག་པའི་ས་ཁུལ་གྱི་མང་ཚོགས་རྣམས་གནས་འདི་རུ་བཀོད་སྒྲིག་བྱས།
ཟླ་༡༡པའི་ཚེས་༡༢ཉིན། མང་ཚོགས་རྣམས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་ཤང་གི་བཀོད་སྒྲིག་ས་ཚིགས་སུ་ངལ་གསོ་རྒྱག་བཞིན་པ།
བོད་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་ཤང་གི་བཀོད་སྒྲིག་ས་ཚིགས་སུ་མང་ཚོགས་ཀྱིས་རས་གུར་ནང་དུ་ལག་པ་བསྲོ་བཞིན་པ།
བོད་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་ཤང་གི་བཀོད་སྒྲིག་ས་ཚིགས་སུ་མང་ཚོགས་ཀྱིས་བེའུ་གསོ་བཞིན་པ།
ཟླ་༡༡པའི་ཚེས་༡༢ཉིན། རྒྱལ་ཁབ་གློག་དྲ་འཇོ་མདའ་རྫོང་གློག་མཁོ་འདོན་ཀུང་སིའི་ལས་བྱེད་མི་སྣས་གློག་ཁུངས་འགན་ལེན་རླངས་འཁོར་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་ཤང་དུ་ཡོད་པའི་བཀོད་སྒྲིག་ས་ཚིགས་སུ་བཏང་ཡོང་སྟེ་མང་ཚོགས་ལ་གློག་མཁོ་འདོན་བྱེད་བཞིན་པ།
བོད་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་ཤང་གི་བཀོད་སྒྲིག་ས་ཚིགས་སུ་མེ་གསོད་རུ་མིས་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་སྐོར་ཞིབ་བྱེད་བཞིན་པ།