ལྷ་མོའི་འབག་གི་ཞབས་བྲོའི་མཚན་ཚོགས་ལྷ་སར་དངོས་སུ་འཁྲབ་སྟོན་བྱས་པ།
སྤེལ་དུས 2018-11-28
ཡོང་ཁུངས། བོད་ལྗོངས་ཉིན་ཚགས།
རྩོམ་པ་པོ། རིན་སྒྲོལ་གྱིས་བསྒྲིགས།
འདི་ནི་བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་འཁྲབ་སྟོན་པས་བཀྲ་ཤིས་ཞོལ་པ་འཁྲབ་བཞིན་ཡོད་པ།
ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་དུས་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་གར་སྟེགས་འཁྲབ་གཞུང་ཆུང་གྲས་ཀྱི་རོགས་སྐྱོར་རྣམ་གྲངས《ལྷ་མོའི་འབག་གི་ཞབས་བྲོའི་མཚན་ཚོགས》ལྷ་ས་ལྷ་མོའི་སྒྱུ་རྩལ་ལྟེ་གནས་སུ་དངོས་སུ་འཁྲབ་སྟོན་བྱས་པ་དང་། བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པས་ལྟད་མོ་བ་ཚོར་ལྷ་མོའི་འཁྲབ་གཞུང་གི་དུམ་བུ་འགའ་འཁྲབ་སྟོན་བྱས་པ་རེད། 2006ལོར་ལྷ་མོ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་དང་པོར་བཅུག་སྟེ་བོད་ཀྱི་རིག་གནས་ཀྱི“འགྱུར་རྡོ་གསོན་པོ”ཞེས་བརྗོད་ཀྱི་ཡོད།
འདི་ནི་བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་འཁྲབ་སྟོན་པས《སྣང་ས་འོད་འབུམ》གྱི་དུམ་བུ་འཁྲབ་བཞིན་པ།
འདི་ནི་བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པས་ལྷ་མོ་འཁྲབ་བཞིན་པ།