ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

ཐང་ག་སྒྱུ་རྩལ་གྱི་མཐོ་རིམ་གླེང་སྟེགས་པེ་ཅིང་དུ་རྒྱལ་ཁའི་ངང་མཇུག་གྲིལ་བ།

སྤེལ་དུས 2018-11-30 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
               ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ11པའི་ཚེས25ཉིན་སྐབས་བཞི་པའི་ཀྲུང་གོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་དུས་ཆེན་དང་། ཐང་ག་སྒྱུ་རྩལ་གྱི་མཐོ་རིམ་གླེང་སྟེགས་པེ་ཅིང་དུ་རྒྱལ་ཁའི་ངང་མཇུག་གྲིལ་བ་རེད།

ཚོགས་ཞུགས་ཆེད་མཁས་དག་གིས་དགོངས་ཚུལ་ཅི་རིགས་འདོན་བཞིན་པ།
               གླེང་སྟེགས་ནང་ཞུགས་མཁན་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་བརྒྱ་ཕྲག་ལྷག་གིས་ད་རེས་ཀྱི་ཐང་གའི་སྒྱུ་རྩལ་གྱི་མཐོ་རིམ་གླེང་སྟེགས་ཀྱི་ནང་དོན་ཕུན་སུམ་ཚོགས་ལ་ཁྱད་ཆོས་མངོན་གསལ་དོད་པ་དང་།བརྗོད་བྱ་གཙོ་བོ་འབུར་དུ་ཐོན་ཡོད་པར་བསྟན་ལ། བོད་རང་སྐྱོང་ལྗོངས་སྲིད་གཞུང་དང་བོད་ལྗོངས་རིག་གནས་འཕེལ་རྒྱས་སྐུལ་སྤེལ་ལྷན་ཚོགས། ཀྲུང་གོའི་རྒྱལ་སྤྱིའི་ཐང་ག་སྒྱུ་རྩལ་དུས་ཆེན་སྒྲིག་འཛུགས་ཨུ་ལྷན།ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་བཅས་ཀྱིས་་སྟོབས་ཤུགས་གཅིག་སྒྲིལ་སྒོས་མཉམ་ལས་གནང་པ་དེས་མཐོ་རིམ་གླེང་སྟེགས་ཀྱི་མཉམ་ལས་ཀྱི་ཕན་ནུས་ཇེ་ཆེར་བཏང་ཡོད་ཅིང་། ལྷག་པར་དུ་ཆེད་མཁས་དབར་གྱི་སྒོ་དབྱེའི་ཞིབ་གྲོས་བརྒྱུད། ཐང་ག་སྒྱུ་རྩལ་འཕེལ་རྒྱས་ལོ་རྒྱུས་ལ་ཞིབ་འཇུག་གཏིང་ཟབ་གནང་པ་དང་། དུས་རབས་དང་ཁོར་ཡུག་ནས་སྤྲད་པའི་གོ་སྐབས་དང་འགྲན་སློང་ལ་ངོས་འཛིན་གསལ་པོ་གནང་ཡོད་པ་མ་ཟད། ཐག་གཅོད་ཐབས་ལམ་འཚོལ་ཞིབ་བྱས་ཏེ་རིགས་པའི་གཞུང་ལུགས་དང་ལག་ལེན་ཕན་ཚུན་སྐུལ་སྤེལ་ལ་སྐུལ་འདེད་གནང་ཡོད་པ། ཐང་ག་སྒྱུ་རྩལ་འཕེལ་བཟང་པོ་ཡོང་པར་གཞོགས་འདེགས་གནང་ཡོད་པ་རེད།

གླེང་སྟེགས་འཚོགས་ཡུལ་དངོས།
               རྒྱུས་ལོན་བྱུང་པ་ལྟར་ན།སྐབས་སྔོན་མ་དང་བསྡུར་ན།ད་རེས་ཀྱི་གླེང་སྟེགས་ཀྱི་འབུར་དུ་ཐོན་ས་ནི་ཆེད་དོན་བཀོད་སྒྲིག་དམིགས་བསལ་གྱིས་རིག་གཞུང་དཀའ་གནད་ལ་དམིགས་ནས་གྲོས་བསྡུར་གནང་པ་དེ་རེད། བོད་ལྗོངས་རིག་གནས་འཕེལ་རྒྱས་སྐུལ་སྤེལ་ལྷན་ཚོགས་ཀྱིས2015ལོར་སྐོར་གྱི་བྱིའུ་སྒང་ལུགས་རྒྱུན་འཛིན་གྱི་སླར་གསོ་བྱེད་སྐོར་བཏོན། 2017ལོའི་ཟླ7 པར་དངོས་སུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་མཉམ་དུ་《བོད་ཀྱི་བྱིའུ་སྒང་ལུགས་ཞིབ་འཇུག》་ ཅེས་པའི་ཞིབ་འཇུག་ལས་གཞི་སྤེལ་བ་དང་།2018ལོའི་ཟླ9པར་ གྲུབ་འབྲས་རགས་ཙམ་ལོན་ཡོད་པ་རེད།
ཧན་ཧྲུའུ་ལིས་མཇུག་འགྲིལ་ཤིས་ཚིག་གསུངས་བཞིན་པ།
               བོད་ལྗོངས་རིག་གནས་འཕེལ་རྒྱས་སྐུལ་སྤེལ་ལྷན་ཚོགས་ཀྱི་ལས་འཛིན་གཞོན་པ། ཆེད་མཁས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧན་ཧྲུའུ་ལིས་མཇུག་སྒྲིལ་མཛད་སྒོའི་ཐོག“ཐང་ག་སྒྱུ་རྩལ་གྱི་ རིག་གནས་སྣོད་བཅུད་སྲུང་སྐྱོབ་ཡག་པོ་བྱེད་དགོས་པ་དང་། ཕྱོགས་གཅིག་ནས་ཐང་ག་སྒྱུ་རྩལ་ཀྱི་ཁྱད་ཆོས་ལྡན་པ་དང་འགྱུར་ལྡོག་ཞིག་མངོན་དགོས་པ་དང་། ད་དུང་ཐང་ག་སྒྱུ་རྩལ་ལ་བསམ་པའི་ནང་དོན་དང་དུས་བསྟུན་མདུན་སྐྱོད་ཀྱི་འཕེལ་རྒྱས་འདུ་ཤེས་མངོན་པར་བྱ་དགོས།མ་ཟད་ས་གནས་འདིར་ཞུགས་ཆེད་མཁས་དག་གིས་་སྔར་ལས་ཞིབ་འཇུག་ལེགས་པོ་དང་ཕྱོགས་བསྡོམས། དར་སྤེལ། ཁྱབ་གདལ་གཏོང་པར་ཡང་རགས་ལས་དགོས”ཞེས་བསྟན།

ཚོགས་ཞུགས་སྐུ་མགྲོན་ཁ་ཤས་དང་ལས་སྒྲུབ་མི་སྣས་མཉམ་པར་བསྐྱོན་པ།