ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་བརྗོད་དོན། 2019ལོར་ནུས་ཤུགས་ཡོད་རྒུས་“ལྷ་སའི་བྱང་སྐོར་ལམ་”གྱི་ཡུལ་སྐོར་མིང་བྱང་གསར་པ་གཏོད་རྒྱུ་ཡིན།

སྤེལ་དུས 2019-01-08 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། གངས་རི་དང་འཁྱགས་རོམ། མཚེའུ། རྩྭ་ཐང་། དགོན་པ། ཕོ་བྲང་། ལག་བཟོའི་སྒྱུ་རྩལ། ཡུལ་མིའི་སྡོད་ཁང་། བོད་ལ་དགའ་ཞེན་བྱེད་པའི་ཡུལ་སྐོར་བ་རྣམས་ཀྱིས་ག་དུས་ཡིན་ཡང་ཚད་ཡོད་ཀྱི་དུས་ཚོད་ནང་ཡིད་དབང་འཕྲོག་པའི་བོད་ཀྱི་མཛེས་ལྗོངས་དང་སྤྱི་ཚོགས་ཀྱི་རིག་གནས་ལ་མྱོང་རོལ་བྱ་འདོད་ཡོད། ལྷ་ས་གྲོང་ཁྱེར་ཉེ་འཁོར་དུ་དེ་ལྟ་བུའི་ས་ཁུལ་ཞིག་ཏུ་ཆེས་ཡག་པའི་མཛེས་ལྗོངས་ཡོངས་འདུས་ཡོད།

“ལྷ་སའི་བྱང་སྐོར་ལམ་”གྱི་ཐིག་རིས། ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་“ལྷ་སའི་བྱང་སྐོར་ལམ་”གྱི་ཡུལ་སྐོར་དཔྱད་གཞིའི་ཡིག་ཆའི་སློག་པར།
ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཡངས་པ་ཅན་གྱི་ས་འོག་ཚ་ནུས་མཛེས་ལྗོངས།
ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་མངའ་ཁོངས་ནང་གི་ཁྱུང་མོ་གངས་རི། 
          ཀོ་གྲུ་ཐོག་གི་འཇུན་པ་ཉ་བའི་གྲོང་དང་ཤུག་པའི་དྲི་ཞིམ་འཐུལ་བའི་སྙེ་མོའི་ཐོན་པ། གངས་རིའི་ལྟ་སྲུང་བ་གནམ་མཚོ་ཕྱུག་མོ། ཤུག་པས་བསྐོར་བའི་ར་སྒྲེང་དགོན་པ། བྲག་ཡེར་པའི་རི་ཁྲོད། བྱ་གླིང་གནས་མཆོག་ལྷུན་གྲུབ། གཟི་བྱིན་བླ་མཚོ་སོགས་ལྷ་སའི་སྐོར་ལམ་བྱང་མའི་གསེར་ལྗོངས་ལམ་ཐིག་དེ་ལྷ་སའི་བྱང་ཕྱོགས་ཁུལ་དུ་ཡོད་པས་མི་རྣམས་ཀྱིས་དེ་ལ་“ལྷ་སའི་བྱང་སྐོར་ལམ་ཐིག་”ཞེས་འབོད།
སྲིད་གྲོས་ཨུ་ཡོན། ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཀྲ་ཤིས་དོན་གྲུབ་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། “ལྷ་སའི་བྱང་སྐོར་ལམ་ཐིག་”ཏུ་ལྷ་ས་གྲོང་ཁྱེར་གྱི་ཆེས་ཡག་པའི་དགོན་པ་དང་ཕོ་བྲང་། བོད་རིགས་གྲོང་སྡེ། ཞིང་ལས་ས་ཁུལ། འབྲོག་ཁུལ། དམངས་ཁྲོད་ཀྱི་བཟོ་ལས་ལག་ཤེས་སྒྱུ་རྩལ་སོགས་གཅིག་ཏུ་འདུས་པའི་སྤྱི་ཚོགས་ཀྱི་རིག་གནས་སྣ་ཚོགས་ཀྱི་མཛེས་ལྗོངས་དང་གངས་རི། འཁྱགས་ཀླུང་། མཚེའུ། རྩྭ་ཐང་། གྲོག་རོང་། གཤོང་ས་སོགས་རིགས་མི་འདྲ་བའི་རང་བྱུང་ཡུལ་ལྗོངས་ཡོད། དེ་ལ་“ཆེད་ལས་མཁས་པས་མཚོ་བོད་ས་མཐོའི་མཛེས་ལྗོངས་ཕུན་སུམ་ཚོགས་ཤོས་ཀྱི་ལམ་ཐིག་དང་ཡང་ཧ་ཅང་ཚགས་དམ་པའི་གསེར་གྱི་ཡུལ་ལྗོངས་ལམ་ཐིག་ཏུ་འབོད།”
          “‘ལྷ་སའི་བྱང་སྐོར་ལམ་ཐིག་’ནི་གཙོ་ཐིག་གཅིག་དང་ཡན་ལག་གཉིས། ཕྱོགས་གྱེར་ལམ་ཐིག་བཞི་བཅས་ཀྱིས་གྲུབ་པ་ཡིན། 2018ལོར་ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་‘ཕྱིར་སྐྱོད་པ་དང་ནང་དུ་གདན་ཞུའི་’རྣམ་པ་ལྟར་‘ལྷ་སའི་བྱང་སྐོར་ལམ་ཐིག་’ཅེས་པའི་དྲིལ་བསྒྲགས་འོས་སྦྱོར་ངོ་སྤྲོད་སྔར་བས་རྒྱ་ཆེ་རུ་བྱས་ཏེ། ཡུལ་སྐོར་ལས་དོན་ཁང་གིས་ཀྱང་རང་གི་ཐོན་རྫས་རིམ་སྤོར་ཧུར་ཐག་བྱས་ཏེ་སྔར་གྱི་གནམ་མཚོ་དང་སྟག་གདོང་གྲོང་ཚོ་སོགས་ཡུལ་སྐོར་ཐོན་རྫས་རྒྱ་བསྐྱེད་པ་དང་། ‘ལྷ་སའི་བྱང་སྐོར་ལམ་ཐིག་གི་’མཛེས་ལྗོངས་ཁུལ་གཞན་དག་སྤྲེལ་མཐུད་བྱས་པས། མིག་སྔར་‘ལྷ་སའི་བྱང་སྐོར་ལམ་ཐིག་’གི་ཡུལ་སྐོར་ལམ་ཐིག་གཞི་རྩའི་ཆ་ནས་གྲུབ་ཡོད་པ་རེད་ཅེས་བརྗོད་ཆོག”
          བཀྲ་ཤིས་དོན་གྲུབ་ཀྱིས་བརྗོད་རྒྱུར། “2019ལོར་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་ནས། ཡུལ་སྐོར་སྡེ་ཚན་གྱིས་‘ལྷ་སའི་བྱང་སྐོར་ལམ་ཐིག་’ཡུལ་སྐོར་གྱི་མིང་ཤོག་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་རེད།” དྲིལ་བསྒྲགས་དང་འོས་སྦྱོར་བྱས་པ་བརྒྱུད་“ལྷ་སའི་བྱང་སྐོར་ལམ་ཐིག་”དེ་རིམ་གྱིས་གསལ་བོ་མངོན་ཡོད་པ་རེད། འོན་ཀྱང་ལམ་རྒྱུད་ཀྱི་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་ཞབས་ཞུའི་སྒྲིག་ཆས་སོགས་ད་དུང་མཐོ་རུ་གཏོད་དགོས།
ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་འཇུན་པ་ཉ་གྲོང་གི་གྲོང་མིས་ཀོ་གྲུ་བཟོ་བཞིན་པ།
          ད་ལོ་ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དུ། འདམ་གཞུང་རྫོང་གི་གནམ་མཚོ་དང་སྟོད་ལུང་གི་“ཞང་ཞུང་མེ་ཏོག” སྟག་རྩེ་རྫོང་གི་པད་ནག་ཤུར། མལ་གྲོ་གུང་དཀར་གྱི་གཟི་བྱིན་བླ་མཚོ། སྙེ་མོའི་ཁྱུང་མོ་གངས་དཀར་སོགས་མཛེས་ལྗོངས་ཁུལ་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། སྟག་རྩེའི་བྲག་ཡེར་པའི་ཡུལ་སྐོར་ཁུལ་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་ལེགས་གྲུབ་དགོས་པ་གསལ་བོ་བསྟན་ཡོད།
          “ཡུལ་སྐོར་ནི་དཀྱེལ་ཡངས་རང་བཞིན་ཧ་ཅང་ཆེན་པོ་ལྡན་པའི་ཐོན་ལས་ཤིག་ཡིན་པས། པར་རྒྱག་རྒྱུར་དགའ་པོ་བྱེད་མཁན་དང་ལུས་རྩལ་ལ་དགའ་པོ་བྱེད་མཁན། ཐོན་རྫས་ལ་དགའ་པོ་ཡོད་མཁན་སོགས་ཚང་མ་ཡུལ་སྐོར་ནང་དུ་ཞུགས་ཆོག ང་ཚོས་‘ལྷ་སའི་བྱང་སྐོར་ལམ་ཐིག་’བརྒྱུད་ལྷ་ས་དང་རྫོང་ཆུས་ཁག་གི་ཕུལ་བྱུང་ཡུལ་སྐོར་ཐོན་ཁུངས་དང་ཟུང་འབྲེལ་བྱས་ཏེ། གནས་ཁག་ཕན་ཚུན་སྤྲེལ་ཏེ་བོད་དུ་ཡུལ་སྐོར་དུ་ཡོང་མཁན་ལ་དེ་བས་མང་བའི་གདམ་ག་མཁོ་འདོན་བྱེད་པ་དང་། ཚང་མས་ལྷ་སའི་གང་སར་མཛེས་ལྗོངས་ཡིན་པ་དང་གང་སར་རིག་གནས་དང་གང་སར་གཟིགས་མོར་སྤྱོད་ཆོག་པ་ཤེས་སུ་འཇུག་དགོས།”