ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

བོད་ཀྱི་བུ་མོ་ཚེ་ལྷ་མཚོས་ཧྲང་ཧའེ་ཨ་མ་དང་མཉམ་དུ་དུས་ཆེན་གཏོང་།

སྤེལ་དུས 2019-06-10 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

འདི་ནི་ཚེ་ལྷ་མཚོས་(གཡོན་གྱི་དང་པོ)“ཧྲང་ཧའེ་ཨ་མ”ཀུའུ་ལིའུ་ཧྭ་ཡིས་ཁྱིམ་མི་དང་མཉམ་དུ་འབྲས་ཆན་སྒྲིལ་བཞིན་པ།
          གཞིས་རྩེའི་བུ་མོ་ཚེ་ལྷ་མཚོའི་ངོས་ནས་བརྗོད་ན། དེ་རིང་ནི་སྤྱིར་བཏང་གི་ཉིན་མོ་ཞིག་གཏན་ནས་མིན། ད་ལོ་ལོ་13ལ་སླེབས་པའི་ཚེ་ལྷ་མཚོས་བོད་ཆས་གྱོན་ཏེ། དགའ་སྤྲོ་རབ་ཏུ་འཁོལ་བའི་ངང“ཧྲང་ཧའེ་ཨ་མས”རང་ཉིད་བསུ་བར་ཡོང་རྒྱུ་བསྒུགས་ནས་བསྡད།
          ཚེས་6ཉིན། ཨ་མ་ཀུའུ་ལིའུ་ཧྭས་ཁ་པར་བཏང་སྟེ། ཁོ་མོ་ཁྱིམ་ལ་མགྲོན་དུ་ཡོང་རྒྱུའི་གདན་ཞུ་བྱས།
          ཚེ་ལྷ་མཚོའི་ཕ་ཡུལ་གཞིས་རྩེ་ནས་ཡིན་ཞིང་། 2018ལོའི་ཟླ་6པར། ཕུལ་བྱུང་གི་སྦྱངས་འབྲས་ལ་བརྟེན་ནས་ཁོ་མོ་ཧྲང་ཧའེ་ཀུང་ཁང་སློབ་འབྲིང་ལ་རྒྱུགས་འཕྲོད།
          སློབ་སྤྱི་ལི་ཅིང་གིས་གསར་འགོད་པར“ང་ཚོའི་སློབ་གྲྭ་དམའ་རིམ་སློབ་འབྲིང་ཡིན་སྟབས། འདིར་ཡོད་པའི་བོད་ཀྱི་ཕྲུ་གུ་ཚང་མ་ལོ་ན་ཆུང་དུས་ནས་ཕ་ཡུལ་དང་བྲལ་ཏེ་འདི་གར་སློབ་སྦྱོང་བྱེད་དུ་ཡོང་བ་ཤ་སྟག་རེད། དེར་བརྟེན། ང་ཚོས་ཁོ་ཚོར་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་སྦྱིན་ཆེད་བློ་ཞིབ་མོས་སློབ་ཁྲིད་དང་གཅེས་སྐྱོང་གང་ལེགས་བྱེད་པ་མ་ཟད། ད་དུང‘ཧྲང་ཧའེ་རུ་ངའི་ཁྱིམ་ཡོད’ཅེས་པའི་བྱེད་སྒོ་སྤེལ་བ་དང་སྦྲགས། སྤུན་ཟླའི་སློབ་གྲྭ་6གི་སློབ་མ་དང‘གཅིག་གཏད་གཅིག’གི་ཆ་སྒྲིག་བྱས་ནས། ཕྲུ་གུ་ཚོའང་ཧྲང་ཧའེ་ཁྱིམ་ཚང་གི་འཚོ་བར་རོལ་དུ་འཇུག་གིན་ཡོད་པས། ཧྲང་ཧའེ་རུ་ཁོ་ཚོར་གཅེན་གཅུང་མིང་སྲིང་ཡོད་ལ། ད་དུང་ཕ་མའང་ཡོད”ཅེས་བརྗོད།
          2018ལོའི་ཟླ་12པར། ཆ་སྒྲིག་བྱེད་སྒོ་སྤེལ་རིང་། ཚེ་ལྷ་མཚོས་ཤིན་ཀྲུང་དམའ་རིམ་སློབ་འབྲིང་ལོ་རིམ་དང་པོར་སློབ་སྦྱོང་བྱེད་བཞིན་ཡོད་པའི་ཀུའུ་ལིའུ་ཧྭ་ཡི་བུ་མོ་ཞུས་ཧྥན་ཉི་དང་ལག་གདང་སྦྲེལ་ཏེ་ཕན་ཚུན་གཅེན་གཅུང་གི་འབྲེལ་བ་བཙུགས་པས། ཀུའུ་ལིའུ་ཧྭ་ལ་ད་གཟོད་ཕ་ཡུལ་བོད་ནས་ཡིན་པའི“བུ་མོ”ཞིག་བྱུང་ཡོད།
          ཞོགས་པའི་ཆུ་ཚོད་བརྒྱད་དང་ཕྱེད་ཀར། ཀུའུ་ལིའུ་ཧྭ་དང་བཟའ་ཟླ་ཞུས་ཆིང་ཁའེ་སློབ་གྲྭར་ཚེ་ལྷ་མཚོ་བསུ་བར་ཡོང་།
          གསར་འགོད་པས་ཚེ་ལྷ་མཚོར་ཁྱེད་རང་ཕ་ཡུལ་དྲན་གྱི་འདུག་གམ་ཞེས་འདྲི་སྐབས། ཁོ་མོས་སྐབས་འགར་དྲན་གྱི་འདུག ཡིན་ནའང་དགེ་རྒན་ཚང་མ་ང་ཚོའི་ཕ་མ་དང་འདྲ་བར་ཁོང་རྣམ་པས་ང་ཚོར་ལྟ་རྟོག་ཡག་པོ་གནང་བ་མ་ཟད། དུས་རྟག་ཏུ་ང་ཚོ་བྱམས་ཀྱིས་སྐྱོང་གི་ཡོད། ང་ཚོའི་སློབ་གྲྭར་ད་དུང་ཨང་གྲངས‘24365’ཞེས་པ་ཞིག་ཡོད། དེ་ནི་དགེ་རྒན་ཚོས་ང་ཚོར་ཆུ་ཚོད་24ཡི་རིང་ལྟ་རྟོག་དང་ཉིན་ཞག་365ཚང་མ་ང་ཚོ་དང་ལྷན་དུ་འགྲོགས་པའི་ཨང་གྲངས་རེད། ང་ཚོས་དེར་བྱམས་བརྩེའི་གསང་བའི་ཨང་གྲངས་ཞེས་བརྗོད་ཀྱི་ཡོད་ཅེས་བཤད་བྱུང་།
          ཞུས་ཆིང་ཧྭ་ཡིས་ལོ་སྒྲིལ་འབྲས་ཆན་འཁྱེར་ཡོང་སྟེ་བུ་མོ་གཉིས་ལ་ལོ་སྒྲིལ་འབྲས་ཆན་སྒྲིལ་སྟངས་བསླབས་ཤིང་། བུ་མོ་གཉིས་ཀྱིས་སོ་སོའི་སློབ་གྲྭའི་སྐོར་བཤད་དེ་ཁྱིམ་ཚང་ནང་དུ་དགའ་སྤྲོའི་རྣམ་པས་ཁེངས།
          དགུང་ཟས་ཚར་རྗེས། ཚེ་ལྷ་མཚོར་རང་གི་ཕ་མའི་སྐད་འཕྲིན་འབྱོར་བ་དང་། སྐད་འཕྲིན་གྱི་བརྙན་ལམ་ནས་ཁྱིམ་ཚང་གཉིས་པོས་ཕན་ཚུན་དུས་ཆེན་གྱི་སྨོན་འདུན་ཞུ་རེས་བྱས་པ་མ་ཟད། ཕན་ཚུན་ཅི་འཕྲོས་མོལ་འཕྲོས་བྱེད་ཞོར་རང་རང་གི་ཁྱིམ་ཚང་གི་གནས་ཚུལ་སྐོར་གླེང་བ་རེད། ཁྱིམ་ཚང་གཉིས་པོའི་དབར་རི་ཆུ་སྟོང་གིས་ཆོད་ཀྱང་། ད་ལྟ་སྒྲོག་ཙེ་གཅིག་ལ་བསྡད་ནས་ལོ་སྒྲིལ་འབྲས་ཆན་གྱི་དྲི་ཞིམ་གྱི་ཀློང་དུ་སྙིང་གཏམ་ཤོད་རེས་བྱེད་པ་དང་གཉིས་སུ་མེད་ཅིང་། ཚང་མ་དུས་སྟོན་གྱི་དགའ་སྤྲོའི་དཔལ་ལ་རོལ་བཞིན་མཆིས།
རྩོམ་སྒྲིག་པ། རྡོ་རྗེ།