ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

ཤང་ཀང་གཞོན་ནུ་ལོ་ཆུང་གི་འཐུས་མི་ཚོགས་པས་བོད་ལྗོངས་སུ་རྟོག་ཞིབ་དང་བསམ་བློ་བརྗེ་རེས་ཀྱི་བྱ་འགུལ་སྤེལ།

སྤེལ་དུས 2019-07-04 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།

ཤང་ཀང་གཞོན་ནུ་ལོ་ཆུང་གི་འཐུས་མི་ཚོགས་པས་བོད་ཀྱི་སྲོལ་རྒྱུན་གྱི་དགའ་བསུའི་མཛད་སྒོ་དང་ལེན་བྱེད་པ།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་ལམ་བོད་རང་སྐྱོང་ལྗོངས་གུང་གཞོན་ཆུས་ཨུ་དང་། བོད་རང་སྐྱོང་ལྗོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་གདན་ཞུས་ལྟར་ཤང་ཀང་གཞོན་ནུ་ལོ་ཆུང་འཐུས་མི་ཚོགས་པའི་མི་32ཀྱིས་བོད་ལྗོངས་སུ་དུས་ཡུན་ཉིན་དྲུག་གི་རིང་ལ་བསམ་བློ་བརྗེ་རེས་ཀྱི་བྱ་འགུལ་སྤེལ་བ་རེད།
ཤང་ཀང་གཞོན་ནུ་ལོ་ཆུང་གི་འཐུས་མི་ཚོགས་པ་དང་བོད་ཀྱི་སློབ་གྲོགས་དབར་བསམ་བློ་བརྗེ་རེས་བྱེད་པའི་ཡུལ་དངོས།
          བྱེད་སྒོ་སྤེལ་རིང་ཤང་ཀང་གཞོན་ནུ་ལོ་ཆུང་འཐུས་མི་ཚོགས་པ་སྔ་རྗེས་སུ་བོད་ལྗོངས་སློབ་ཆེན་དང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན། གཞིས་རྩེ་གྲོང་ཁྱེར་སློབ་འབྲིང་གཉིས་པའི་ལས་རིགས་ལག་རྩལ་སློབ་གྲྭར་བསམ་བློ་བརྗེ་རེས་ཀྱི་བྱེད་སྒོ་སྤེལ་ཏེ། བོད་ལྗོངས་ཀྱི་དེང་རབས་ཅན་གྱི་སློབ་གསོ་འཕེལ་རྒྱས་ཀྱི་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་བྱས་པར་མ་ཟད། ཕོ་བྲང་པོ་ཏ་ལ་དང་། གཙུག་ལག་ཁང་། བཀྲ་ཤིས་ལྷུན་པོ་དགོན་པ་སོགས་བོད་ཀྱི་རིག་གནས་ཀྱི་གནའ་ཤུལ་གྲགས་ཅན་ལ་ལྟ་སྐོར་བྱས་པ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་ལྟ་སྦྱོང་བྱས་ཤིང་། ཁོ་ཚོས་བོད་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་ལ་ཉམས་སུ་མྱོང་བར་མ་ཟད། བོད་ལྗོངས་ཀྱི་མཚར་སྡུག་བཀྲ་བའི་རིག་གནས་ཀྱི་སྒྱུ་རྩལ་ལ་ཡང་མྱོང་རོལ་བྱས་ཏེ་ཕན་ཚུན་གྱི་མཛའ་གྲོགས་སྔར་བས་ཟབ་ཏུ་གཏོང་ཆེད་ངོ་ཐུག་གདོང་འཕྲད་ངང་བསམ་བློ་བརྗེ་རེས་དང་ཕྱོགས་གཉིས་ཀྱིས་ལེགས་སྐྱེས་བརྗེ་རེས་བྱས་ནས་གྲོགས་པོར་གྱུར་པ་རེད།

བོད་ལྗོངས་ཀྱི་སློབ་ཆེན་སློབ་མས་ཤང་ཀང་སློབ་མའི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ་བ།
          ཐེངས་འདིའི་བསམ་བློ་བརྗེ་རེས་ཀྱི་བྱ་འགུལ་དུ་ས་གནས་གཉིས་ཀའི་གཞོན་ནུ་ལོ་ཆུང་གི་སློབ་མའི་དབར་འགྲོ་འོང་དང་།བསམ་བློ་བརྗེ་རེས། མཉམ་འདྲེས་བཅས་བྱས་ཏེ་ཁོ་ཚོའི་དབར་གྱི་འབྲེལ་བ་ཇེ་ཟབ་ཏུ་ཕྱིན་ནས་མཛའ་བརྩེ་ཆགས་པར་གོ་སྐབས་མཁོ་འདོན་བྱས་ཤིང་། རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཁྲོད་དུ་སེམས་པ་གཅིག་མཐུན་ངང་ཀྲུང་གོའི་ཕུགས་འདུན་གཏོད་པའི་རྣམ་པ་ལེགས་པོ་ཞིག་བསྐྲུན་ཡོད།

ཤང་ཀང་སློབ་མས་བོད་ལྗོངས་ཀྱི་སྲོལ་རྒྱུན་རོལ་ཆས་སྦྱོང་བ། 
          རྒྱུས་ལོན་བྱུང་བ་བའི་གནས་ཚུལ་ལྟར་ན། ཐེངས་འདིའི་ཤང་ཀང་གི་གཞོན་ནུ་ལོ་ཆུང་གིས་བོད་ལྗོངས་སུ་བསམ་བློ་བརྗེ་རེས་ཀྱི་བྱ་འགུལ་སྤེལ་བ་ནི་ཟླ5པའི་ཟླ་དཀྱིལ་དུ་བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་འཐུས་མི་ཚོགས་པ་ཤང་ཀང་དུ་ཉམས་མྱོང་བརྗེ་རེས་བྱེད་པར་སོང་རྗེས་ཀྱི་ཕྱིར་འཚམས་འདྲི་བྱེད་པའི་བྱ་འགུལ་ཡིན་ཞིང་། ས་གནས་གཉིས་པོའི་གཞོན་ནུ་ལོ་ཆུང་གིས2003ལོ་ནས་ད་ལྟའི་བར་ཕན་ཚུན་དབར་འཚམས་འདྲིའི་བྱེད་སྒོ་ཐེངས16སྤེལ་བ་དང་། གཞོན་ནུ་ལོ་ཆུང850ལྷག་ཙམ་དེའི་ནང་ཞུགས་ཡོད་པ་རེད།