ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

ཞང་ཁུ་མཁའ་འགྲུལ་གྱིས་མཐོ་ཚད་ལ་རྨིད་300ཡོད་པའི་འཕུར་མདའ་ཕྱིར་བསྡུ་བྱེད་པའི་ཚོད་ལྟ་ལེགས་འགྲུབ་བྱུང་།

སྤེལ་དུས 2019-08-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། དོན་གྲུབ་ཚེ་རིང་།

          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོའི་དམངས་གཉེར་མཁའ་འགྲུལ་ཀུང་ཟི་ཞང་ཁི་མཁའ་འགྲུལ་གྱིས་རང་ཁུལ་གྱི་ལིན་ཧུའུ་མེ་ཤུགས་འཕུར་མདའ་རྟེན་གཞི་རུ་མེ་ཤུགས་འཕུར་མདའ་ཐེངས་གསུམ་ལ་ཕྱིར་བསྡུ་བྱེད་པའི་ཚོད་ལྟ་ལེགས་འགྲུབ་བྱུང་། ཐེངས་འདིའི་འཕུར་མདའ་ནི་ཞང་ཁི་མཁའ་འགྲུལ་གྱིས་རང་བརྟེན་གསར་བཏོད་ཞིབ་འཇུག་བྱས་པའི་ཕྱིར་བསྡུ་བྱས་ཆོག་པའི་མེ་ཤུགས་འཕུར་མདའ་ཞིག་ཡིན། ཚབ་རྟགས་RLV-T5ཡིན་ལ། མིག་སྔར་རང་རྒྱལ་གྱི་ཤོང་ཚད་ཆེས་ཆེ་བ་དང་ལག་རྩལ་ཆེས་སྔོན་ཐོན་ཅན་གྱི་ཕྱིར་བསྡུ་བྱས་ཆོག་པའི་མེ་ཤུགས་འཕུར་མདའ་ཞིག་ཡིན།

          སྔ་དྲོའི་དུས་ཚོད་10དང་སྐར་མ་35སྟེང་སྤྱིའི་བཀོད་འདོམས་པའི་མེ་རྟ་བགོས་ནས་འགོ་བརྩམས་པ་དང་མཉམ་དུ་པེ་ཅིང་ཞང་ཁི་མཁའ་འགྲུལ་ཀུང་ཟིའི་གསར་གཏོད་ཞིབ་འཇུག་བྱས་པའི་སྤྱི་ལེ་རིམ་པའི་ཕྱིར་བསྡུ་བྱས་ཆོག་པའི་འཕུར་མདའ་མཁའ་དབྱིངས་སུ་བསྐྱོད། ཐེངས་འདིའི་འཕུར་མདའི་མཐོ་ཚད་རྨིད་300དང་འཕུར་ཡུན་སྐར་ཆ་50ཡིན། 2019ལོའི་ཟླ་3པའི་ཚེས་27ཉིན་གྱི་རྨིད་20ཅན་གྱི་ཕྱིར་བསྡུ་འཕུར་མདའ་དང་། ཟླ་4བའི་ཚེས་19ཉིན་གྱི་རྨིད་40ཅན་གྱི་ཕྱིར་བསྡུ་འཕར་མདའ་གཉིས་དང་བསྡུར་ན་ཐོལ་བརྒལ་ཆེན་པོ་བྱུང་།

          རྒྱུས་ལོན་བྱས་པ་ལྟར་ན། ཞང་ཁི་མཁའ་འགྲུལ་སྤྱི་ལེ་རིམ་པའི་ཕྱིར་བསྡུ་འཕུར་མདའ་ནི་མིག་སྔར་རྒྱལ་ནང་གི་ཤོང་ཚད་ཆེས་ཆེ་བ་དང་ལག་རྩལ་ཆེས་སྔོན་ཐོན་ཡིན་པའི་ཕྱིར་བསྡུ་འཕུར་མདའ་ཞིག་ཡིན། རྒྱུ་ཆའི་མ་རྩ་དམའ་བ་དང་བསྐྱར་བཀོད་མང་པོ་བྱས་ཆོག ཐེངས་འདིའི་ཚོད་ལྟ་ལེགས་འགྲུབ་བྱུང་བས་རྒྱལ་ནང་གི་ཕྱིར་བསྡུ་འཕུར་མདའི་ལག་རྩལ་ལ་གསོན་ཤུགས་གསར་བ་ཞིག་བསྣན་པ་མ་ཟད། གོམ་གང་མདུན་སྤོས་ཀྱི་སྒོ་ནས་མང་ནེ་ཡི་མིང་གྲགས་ཚད་མཐོར་འདེགས་དང་ཐོན་ལས་རིམ་བསྒྱུར་མངོན་འགྱུར་ཡོང་བར་སྐུལ་འདེད་ཀྱི་ནུས་པ་ཐོན།
 
          པེ་ཅིང་ཞང་ཁི་མཁའ་འགྲུལ་ཚན་རྩལ་ཚད་ཡོད་ཀུང་ཟིའི་ཚོད་ལྟ་ལེགས་འགྲུབ་བྱུང་བ་ཤེས་རྗེས་ཁུལ་ཨུ་ཁུལ་སྲིད་གཞུང་གི་ཚྭ་འདམ་དཔལ་འབྱོར་འཁོར་རྒྱུག་ཚོད་ལྟ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་སོགས་ཀྱིས་དུས་ཐོག་ཏུ་རྟེན་འབྲེལ་ཞུ་ཚིག་ཕུལ་བ་དང་སྒོར་ཁྲི་10ཡི་དགའ་རྟགས་ཕྱིན། ཞང་ཁི་མཁའ་འགྲུལ་ཀུང་ཟི་དང་རྒྱལ་ནང་གི་འབྲེལ་ཡོད་ཁྱབ་ཁོངས་ཁེ་ལས་ཀྱིས་ལིན་ཧུའུ་ཚོང་ལས་མཁའ་འགྲུལ་གྱི་གཞི་རྩ་རུ་བཟུང་ནས་ཁྱབ་ཁོངས་མཐོན་པོར་འགྲན་རྩོད་བྱས་ཏེ་འཕེལ་རྒྱས་ཆེན་པོ་མངོན་འགྱུར་བྱུང་དུ་འཇུག་དགོས་པའི་རེ་བ་བཏོན།

          དེའི་སྐབས་སུ་ཞང་ཁུ་མཁའ་འགྲུལ་གྱི་གསར་གཏོད་མཁན་ཧུའུ་ཀྲིན་ཡུས་དང་ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་པུའུ་ཀྲང་ཡུན་ཧེ་མེན་དང་མཉམ་དུ་ཞང་ཁུ་མཁའ་འགྲུལ་ལིན་ཧུའུ་འཕུར་མདའ་རྟེན་གཞི་མཛད་སྒོ་སྤེལ་བ་དང་ཁེ་ལས་དང་ས་གནས་གཉིས་ཀྱི་འཐབ་ཇུས་མཉམ་འབྲེལ་གྱི་གན་རྒྱ་ཡི་གེའི་སྟེང་མིང་རྟགས་བཀོད།