ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་རྩེར་སོན་འགྲན་སྡུར་སྐབས་ལྔ་བ་མདའ་རྩེད་ཀྱི་ཕ་ས་རུ་འབོད་པའི་གཅན་ཚ་རྫོང་དུ་གཟབ་རྒྱས་ངང་འཚོགས།

སྤེལ་དུས 2019-09-10 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། དོན་ཚེ།

        ཀྲུང་གོའི་བོད་ལྗོངས་དྲ་བ། ཟླ9བའི་ཚེས7ཉིན། ཀྲུང་གོའི་མདའ་འཕེན་མཐུན་ཚོགས་དང་མཚོ་་སྔོན་ཞིང་ཆེན་ལུས་རྩལ་ཅུས།  མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།  རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་།  མཚོ་སྔོན་ཞིང་ཆེན་མདའ་འཕེན་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་དུ་བསྒྲུབས་པའི2019ལོའི“མི་རིགས་མཐུན་སྒྲིལ·གཡང་མདའ་རྟགས་མའི”ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་རྩེར་སོན་འགྲན་སྡུར་སྐབས་ལྔ་བ་མདའ་རྩེད་ཀྱི་ཕ་ས་རུ་འབོད་པའི་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་དུ་གཟབ་རྒྱས་ངང་འཚོགས།

        ཐེངས་འདིའི་འགྲན་བསྡུར་སྤེལ་བ་ནི་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་དང་།  “བཞི་ཅན་ལྔའི”འཐབ་ཇུས་ལ་སྐུད་འདེད།  “དམིགས་འཛིན་གཅིག་དང་མཐོ་སྒྲུབ་གཉིས”ཀྱི་བཀོད་སྒྲིག་དོན་འཁྱོལ་བྱེད་པ།  འཐུས་ཚབ་ཀྱི་ཆུ་ཚད་ལྡན་ཞིང་ཀྲུང་གོའི་ཁྱད་ཆོས་ཐོན་ལ་མཚོ་སྔོན་གྱི་སྣང་བརྙན་མངོན་པའི་རྒྱལ་སྤྱིའི་འགྲན་བསྡུར་ཆེན་མོ་སྤེལ་བ།  ལུས་ཕུང་སྦྱོང་རྡར་དང་བློ་གྲོས་རྒྱས་པ། སྐྱེ་ཁམས་སྲུང་སྐྱོང།  མཐུན་སྒྲིལ་ཡར་སྐུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ།  ནུས་ཤུགས་ཡོད་རྒུས་ས་གནས་ཀྱི་མི་རིགས་སྲོལ་རྒྱུན་མདའ་འཕེན་གྱི་འགྲན་བསྡུར་ཟོང་རྟགས་བསྐྲུན་པ།  མཚོ་སྔོན་གྱི་མི་རིགས་ལུས་རྩལ་ལས་དོན་གྱི་དར་རྒྱས་ལ་སྐུལ་འདེད་གཏོང་བ།

        རང་ཞིང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་འཛུགས་སྐྲུན་གྱི་འཕེལ་རྒྱས་ལ་རོགས་འདེགས་བྱེད་པ། རང་ཞིང་བཅིངས་འགྲོལ་བཏང་ནས་ལོ་འཁོར70འགོར་བའི་རིང་གི་བཅོས་བསྒྱུར་སྒོ་འབྱེད་དང་དཔལ་འབྱོར་གྱི་གྲུབ་འབྲས་ངོམ་པ། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པར་ལེགས་སྐྱེས་འབུལ་བ་བཅས་ཀྱི་ཆེད་ཡིན།

        ཐེངས་འདིའི་འགྲན་བསྡུར་ལ་ཁྱོན་བསྡོམས་འགྲན་ཞུགས་རུ་ཁག143ཡོད་པ་དང་། ལུས་རྩལ་པ1204ཡོད་པའི་ནང་། རྒྱལ་ཁབ་ཕྱི་ནས་ཡོང་བའི་འགྲན་ཞུགས་རུ་ཁག19དང་ཀྲུང་གོའི་ཞང་ཀང་ཚུད་པའི་རྒྱལ་ཁབ་ནང་ཁུལ་གྱི་འགྲན་ཞུགས་རུ་ཁག22 རང་ཞིང་གི་འགྲན་ཞུགས་རུ་ཁག102བཅས་ཡོད་པ་ལྕགས་གཞུ་འཁོར་ལོ་མའི་ཚན་སྐོར་དང་། གཞུ་ལེབ་ཚན་སྐོར་། རྭ་གཞུ་ཚན་སྐོར་སོགས་རྣམ་གྲངས5རུ་བཀར་ཏེ་ཉིན་གསུམ་གྱི་རིང་འགྲན་བསྡུར་བྱ་རྒྱུ་རེད།