ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

མཛེས་སྡུག་ལྡན་པའི་མཚོ་སྔོན་ཏེ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རིང་གི་མཚོ་སྔོན་གྱི་མི་རིགས་རང་སྐྱོང་ས་གནས་ཀྱི་འཕེལ་རྒྱས་འགྲེམས་སྟོན”ལས་མགོ་ལོག་གི་བརྗོད་དོན་ཉིན་མོའི་བྱེད་སྒོ་པེ་ཅིང་ནས་སྤེལ་བ།

སྤེལ་དུས 2019-11-06 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ཀྲུང་གོའི་བོད་ལྗོངས་དྲ་བ།

           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་འདིར། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་མཛད་པ་དང་། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་གིས་སྒྲུབ་གཉེར་མཛད་པའི་“མཛེས་སྡུག་ལྡན་པའི་མཚོ་སྔོན་ཏེ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རིང་གི་མཚོ་སྔོན་གྱི་མི་རིགས་རང་སྐྱོང་ས་གནས་ཀྱི་འཕེལ་རྒྱས་འགྲེམས་སྟོན།”ལས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་བརྗོད་དོན་ཉིན་མོའི་བྱེད་སྒོ”དེ་ཟླ་11པའི་ཚེས་5ཉིན་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་ནས་དངོས་སུ་འགོ་ཚུགས། བྱེད་སྒོ་འདི་སྤེལ་བའི་དམིགས་ཡུལ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རིང་དུ། མགོ་ལོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་འཕེལ་རྒྱལ་མངོན་གསལ་ཕྱིན་པའི་གྲུབ་འབྲས་འགྲེམས་སྟོན་བྱེད་པ་དང་། ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཕན་ཚུན་མཐུན་སྒྲིལ་དང་། དྲིན་ཚོར་བ། དཀའ་སྤྱད་འབད་བརྩོན་བྱེད་པ་བཅས་ཀྱི་སྙིང་སྟོབས་མཚོན་པ་དང་། པེ་ཅིང་ནས་མགོ་ལོག་དྲིལ་སྒྲོག་དང་མགོ་ལོག་འོས་སྦྱོར་བྱེད་པ། “ངོ་མཚར་བའི་མགོ་ལོག”གི་གཏམ་རྒྱུད་བརྗོད་ནས། མི་སྔར་ལས་མང་པོ་ཞིག་གིས་མགོ་ལོག་ལ་རྒྱུས་ལོན་དང་མགོ་ལོག་ལ་དགའ་བ། མགོ་ལོག་ལ་བསྐྱོད་པ་བཅས་བྱེད་པའི་ཆེད་དུ་ཡིན། 
 
འཁྲབ་སྟོན་པ་རྣམས་ཀྱིས་འདིར་ཞུགས་འགོ་ཁྲིད་རྣམས་ལ་མཇལ་དར་སྒྲོན་པ།

ཡུལ་དངོས་ཀྱི་སྐུ་མགྲོན།
           ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཅུས་བདུན་པའི་ཅུས་ཀྲང་གཞོན་པ་ལིའུ་ཡུས་པེན་དང་།  རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་དཔལ་འབྱོར་འཕེལ་རྒྱས་ཁང་གི་འགོ་གཙོ་གཞོན་པ་ཧོང་ཏུང་ཧའེ། ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་གི་ཏང་ཙུའུ་ཁོངས་མི།  《སློབ་གསོ་དང་ལས་རིགས》དུས་དེབ་ཁང་གི་འགོ་གཙོ་ལིའུ་ཧྭ།  མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་གཞོན་པ་ཚེ་རིང་རྒྱལ།  ཀྲུང་གོའི་ཕུའུ་ཐེན་ཆ་འཕྲིན་ཐོན་ལས་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཁུང་ཧྥན་ཞིན། ཀྲུང་གོའི་ཕུའུ་ཐེན་ཆ་འཕྲིན་ཐོན་ལས་མ་རྐང་ཚད་ཡོད་ཀུང་སིའི་ཏང་འཛུགས་མི་ཤུགས་པུའུ་ཡི་སྤྱི་གཉེར་ལེའང་ཡུས།  རྒྱལ་ཁབ་གློག་དྲ་ཀུང་སིའི་དབུལ་སྐྱོར་གཞུང་ལས་ཁང་གི་ཁྲུའུ་ཀྲང་གཞོན་པ་ཁྲེན་ཅུན་ཀྲང་། ཀྲུང་གོའི་གློག་འཕྲིན་ཚོགས་པ་ཚད་ཡོད་ཀུང་སིའི་གཞུང་དོན་ཐིང་གི་དབུལ་སྐྱོར་ལས་དོན་ཁྲུའུ་ཡི་འགན་འཛིན་པ་ལི་མོང་ཞང་དང་གཙོ་སྐྱོང་བ་ཅང་ལུང་ལུང་།  མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ་ཅི་རེན་ཧྥུང་། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་རིག་གནས་དྲིག་སྒྲོག་ཁྲུའུ་ཡི་ཁྲུའུ་ཀྲང་ལའོ་ཧྥང་།  མགོ་ལོག་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཡུམ་ཚེ་རིང་། ཀྲུང་གུང་མགོ་ལོག་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཆི།  སྲིད་གྲོས་མགོ་ལོག་ཁུལ་ཨུའི་ཀྲུའུ་ཞི་གཞོན་པ་ཝུའུ་ཙི་ཆང་།   དེ་མིན་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཁང་། མི་དམངས་དྲ་བ། འོད་ཟེར་དྲ་བ། ཀྲུང་གོའི་དྲ་བ། ཀྲུང་གོའི་བོད་ལྗོངས་དྲ་བ། ཀྲུང་གོའི་མི་རིགས་ཚགས་པར། ཀྲུང་གོའི་གསར་འགྱུར་ཁང་པེ་ཅིང་ཡན་ལག་ཁང་སོགས་སྨྱན་སྦྱོར་དང་།  མཚོ་སྔོན་རླུང་བརྙན་འཕྲིན་ཁང་།  མཚོ་སྔོན་ཉིན་རེའི་ཚགས་པར་སོགས་སྨྱན་སྦྱོར་གྱི་གསར་འགོད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་སོ་སོའི་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགན་འཛིན་པ། མགོ་ལོག་ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ།  མགོ་ལོག་ཁུལ་རིག་རྩལ་ཡུལ་སྐོར་རླུང་འཕྲིན་ཅུས་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཛིན་པ་གཙོ་བོའི་བློ་མཐུན་རྣམས་མགོ་ལོག་ཁུལ་བརྗོད་དོན་ཉིན་མོའི་བྱེད་སྒོར་ཞུགས།
           ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཆི་ཡིས་འགྲེམས་སྟོན་མཛད་སྒོའི་སྟེང་ཤིས་ཚིག་ཕུལ་བ་དང་།  ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཨན་ཧྲིན་ཉན་གྱིས་འགྲེམས་སྟོན་ལ་གཙོ་སྐྱོང་མཛད། 

ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཨན་ཧྲིན་ཉན་གྱིས་འགྲེམས་སྟོན་ལ་གཙོ་སྐྱོང་མཛད་བཞིན་པ།
           བརྗོད་དོན་ཉིན་མོའི་བྱེད་སྒོའི་སྐབས་སུ།  མགོ་ལོག་ཁུལ་གྱིས་དྲིལ་སྒྲོག་བརྙན་རིས་དང་། ཡི་གེའི་པར་རིས་འགྲེམས་སྟོན། རིག་རྩལ་འཁྲབ་སྟོན། ཐོན་རྫས་འགྲེམས་སྟོན་སོགས་ཀྱི་རྣམ་པ་བརྒྱུད་དེ།  མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ལོ་ངོ་70རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་བཤམས་སྟོན་དང་། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་དང་། དྲིན་ཚོར་བ། དཀའ་སྤྱད་འབད་བརྩོན་བཅས་བྱེད་པའི་སྙིང་སྟོབས་མཚོན་པ་དང་།  རྒྱལ་སའི་ལས་རིགས་ཁག་ལ་“ངོ་མཚར་བའི་མགོ་ལོག”གི་གཏམ་རྒྱུད་བརྗོད་པ་རེད། གྲུབ་འབྲས་འགྲེམས་སྟོན་ལས་མགོ་ལོག་འགྲེམས་ཁུལ་དེ་“གཙང་པོ་ལྷུང་ལྷུང་ཤར་ཕྱོགས་སུ་བཞུར་བར་ཁག་ཐེག་བྱེད་པ། འབྱོར་འབྲིང་ལམ་དུ་སྐྱོད་སྐབས་གཅིག་ཀྱང་ཆད་མི་རུང་བ། སེ་འབྲུའི་འབྲུ་གུ་ལྟར་ཕན་ཚུན་དམ་པོར་འཁྱུད་པ། གཟབ་ནན་སྒོས་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་བྱེད་པ།”བཅས་ཁག་བཞི་རུ་དབྱེ་ཡོད་ལ།  དེའི་ཁྲོད་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་དང་ཞིང་ཨུའི་ཡང་དག་པའི་འགོ་ཁྲིད་འོག ཞིང་ཆེན་ཡོངས་དང་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་བྱེད་པའི་དམིགས་ཚད་དམ་པོར་བཟུང་ནས། དམངས་འཚོ་ཇེ་ལེགས་སུ་གཏོང་རྒྱུ་དེ་རྩ་བའི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩིས་ཏེ། སྐྱེ་ཁམས་འགན་ལེན་དང་། འཕེལ་རྒྱས་དམ་འཛིན། རྨང་གཞི་བརྟན་བཟོ། དམངས་འཚོར་ཕན་འདོགས་པ། མཐུན་སྒྲིལ་ལ་སྣང་ཆེན་དང་ཞི་མཐུན་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་འབྲོག་ལས་ཤུགས་ཆེ་རུ་གཏོང་བ། མཉམ་ལས་དཔལ་འབྱོར་འཕེལ་རྒྱས་ཆེ་ཆེར་གཏོང་བ། སྣེ་ཁྲིད་ཁེ་ལས་སྐྱེད་སྲིང་། མང་ཚོགས་རང་གི་ནང་གི་སྒུལ་ཤུགས་ཆེ་རུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་སྤུས་ལེགས་འཚོ་བ་གསར་གཏོད་བྱས་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་མང་ཚོགས་ཀྱི་འཚོ་བ་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་སོགས་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་མངོན་པར་མཚོན་ཡོད། 

ཚོགས་ཞུགས་སྐུ་མགྲོན་ཚོས་བརྙན་ཐུང་བརྒྱུད་མགོ་ལོག་གི་ལོ་ངོ70གྲུབ་འབྲས་ལ་གཟིགས་བཞིན་པ།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཆི་ཡིས་འགྲེམས་སྟོན་མཛད་སྒོའི་སྟེང་ཤིས་ཚིག་ཕུལ་བཞིན་པ།
           ཝང་ཆི་ཡིས་ཤིས་ཚིག་གསུང་སྐབས་བསྟན་དོན། བརྗིད་ཉམས་ལྡན་པའི་མགོ་ལོག་གི་ས་གཞི་ཡངས་པོར་“གངས་ལྗོངས་ཀྱི་དག་ཞིང་། ངོ་མཚར་བའི་མགོ་ལོག ཀྲུང་གོའི་གེ་སར་རིག་གནས་ཀྱི་ཕ་ས”ཞེས་པའི་མཚན་སྙན་ཡོད།  གེ་སར་རྒྱལ་པོའི་དཔའ་ངར་ཆེ་བའི་ངོ་མཚར་གཏམ་རྒྱུད་ཀྱིས་གངས་ལྗོངས་རྩྭ་ཐང་ལ་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ནང་སྙིང་ཞིག་ཁྱེར་ཡོང་བ་དང་། དྭངས་གཙང་གི་གངས་རི་ཨ་མྱེས་རྨ་ཆེན་གྱིས་རིགས་སོ་སོའི་བུ་རབས་ཚ་རྒྱུད་རྣམས་ལས་ལ་བརྩོན་ཞིང་དཔའ་ངར་ཆེ་ལ་བྱམས་སེམས་ལྡན་པའི་གཤིས་རྒྱུད་བཟང་པོ་ཞིག་བསྐྲུན། 1954ལོར་སྲིད་གཞུང་བཙུགས་པ་ནས་བཟུང་། ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྟོང་འཕྲོ་བའི་འོག་མགོ་ལོག་གི་རིགས་སོ་སོའི་མི་རྣམས་ཀྱིས་དྲིན་ཚོར་བ་དང་མདུན་དུ་སྐྱོད་པ། དཀའ་སྤྱད་འབད་བརྩོན་བཅས་བྱས་ཏེ། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་བྱེད་པའི་དུས་རབས་གསར་པ་ཞིག་བཏོད་པ་རེད།  ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག  མགོ་ལོག་གི་རིགས་སོ་སོའི་མི་དམངས་ཀྱིས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་གཅེས། བློ་སེམས་གཅིག་གིས་ཀྲུང་གོའི་ཕུགས་འདུན་གཏོད”ཅེས་པའི་སྤྱིའི་དམིགས་ཚད་དམ་པོར་བཟུང་ནས། མཐུན་སྒྲིལ་བརྩོན་ལེན་དང་དྲིན་ཚོར་བ། དཀའ་སྤྱད་འབད་བརྩོན་བཅས་བྱས་ཏེ། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་། སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ཇེ་ལེགས་སུ་འགྲོ་བ། དམངས་འཚོའི་བདེ་སྐྱིད་མངོན་གསལ་དོད་པོས་ཇེ་བཟང་དུ་འགྲོ་བ། སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་པ། མི་རིགས་ཁག་གི་མང་ཚོགས་ཀྱིས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་ཆེན་མོའི་འགྲན་མེད་ཀྱི་དྲོད་སྐྱིད་བཅས་ཚོར་ལ། ཐོབ་འབྲས་ཀྱི་མྱོང་ཚོར། བདེ་སྐྱིད་ཀྱི་མྱོང་ཚོར། བདེ་འཇགས་ཀྱི་མྱོང་ཚོར་བཅས་ཟམ་མ་ཆད་པར་གོང་དུ་ཕྱིན། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་མུ་མཐུད་ཇེ་བརྟན་དུ་ཕྱིན་ནས་སེ་འབྲུའི་འབྲུ་གུ་ལྟར་དམ་པོར་འཁྱུད་ནས། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བྱུང་སྟེ། མི་རིགས་དབར་ཕན་ཚུན་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཀྱི་མཐུན་སྒྲིལ་གྱི་བསྟོད་གླུ་བརྩམས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསོན་ཉམས་དོད་པའི་གཏམ་རྒྱུད་མང་པོ་བྱུང་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེ་མགོ་ལོག་གི་ས་གཞི་ཡངས་པོར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད་ཅེས་བསྟན། 

མཐོ་སྒང་གི་གཞས་པ་གཞས་མའི་གླུ་ལེན་གར་འཁྲབ་ཀྱི་ཡུལ་དངོས།

མཐོ་སྒང་གི་གཞས་པ་གཞས་མའི་གླུ་ལེན་གར་འཁྲབ་ཀྱི་ཡུལ་དངོས།

འདིར་ཞུགས་སྐུ་མགྲོན་གྱིས་བོད་ལྭའི་འགྲེམས་སྟོན་ལ་པར་ལེན་བཞིན་པ།
           ཝང་ཆི་ཡིས་ནན་གྱིས་བསྟན་དོན། ལོ་ངོ་65རིང་གི་དུས་ཀྱི་འཁོར་མོའི་དཀའ་སྤྱད་འབད་བརྩོན་བརྒྱུད། མགོ་ལོག་གི་ལོ་65རིང་གི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་ཕྱིར་མིག་བལྟ་སྐབས།  ང་ཚོར་ཚོར་བ་ཟབ་མོ་ཞིག་ཡོད་པ་ནི། དེ་རིང་གི་དར་རྒྱས་དང་བརྟན་ལྷིང་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཁ་འབྲལ་ཐབས་མེད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་སྐྱོང་བོད་བརྟན་གྱི་ཇུས་ཆེན་ལག་ལེན་བསྟར་བ་དང་ཁ་འབྲལ་ཐབས་མེད། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་ཐབས་ཇུས་བཀོད་སྒྲིག་བྱས་པ་དང་ཁ་འབྲལ་ཐབས་མེད་ལ། རྒྱལ་ཁབ་པུའུ་ཨུ་དང་། ཀྲུང་དབྱང་ཁེ་ལས། ཧྲང་ཧའེ་གྲོང་ཁྱེར་བཅས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་རོགས་སྐྱོར་དང་ཁ་འབྲལ་ཐབས་མེད། སྤྱི་ཚོགས་ལས་རིགས་ཁག་གི་མི་དམངས་ཀྱི་ཐུགས་ཁུར་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད་ལ། མགོ་ལོག་གི་རིགས་སོ་སོའི་མི་དམངས་ཀྱིས་བློ་གཅིག་སེམས་གཅིག་དང་དཀའ་སྤྱད་འབད་འཐབ་བྱས་པ་དང་ཁ་འབྲལ་ཐབས་མེད་པ་བཅས་རྟོགས་ཐུབ། དུས་རབས་གསར་པར་སླེབས་པ་དང་། འགོ་འཛུགས་ས་གསར་པར་སླེབས་སྐབས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་ལ་བརྟེན་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་ལ་བཏོན་པའི་“ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ། ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གི་“ལེགས་གཅིག་མཐོ་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་དང་“བློ་བརྟན་འགྱུར་མེད་ལྔ”ཡི་བླང་བྱ་གསར་པ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ།  “འདུ་ཤེས་བཞི”རྒྱུན་ཆད་མེད་པར་བརྟན་པོར་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་“གདེང་ཚོད་བཞི”སྲ་བརྟན་དུ་གཏོང་བ།  “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པ། གངས་ལྗོངས་ཀྱི་བུ་ཕྲུག་ཚོས་མུ་མཐུད་དཀའ་སྤྱད་འབད་བརྩོན་དང་སྔོན་ཐོན་བརྩོན་ལེན་བྱེད་པའི་སྙིང་སྟོབས་མཐའ་འཁྱོངས་བྱེད་པ། འབྱོར་ཕྱུག་དང་དཔལ་ཡོན། ཞི་མཐུན་དང་མཛེས་སྡུག་བཅས་ཀྱི་མགོ་ལོག་གསར་པ་ཞིག་གཏོད་པའི་རྒྱང་སྐྱོད་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་དང་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱས་ཏེ། རླབས་ཆེན་བསྐྱར་དར་གྱི་“ཀྲུང་གོའི་ཕུགས་འདུན”ལས་མགོ་ལོག་གི་ཚན་པ་རྒྱུན་ཆད་མེད་པར་འབྲི་རྩོམ་གནང་དགོས་ཞེས་བསྟན། 

འབྲེལ་ཡོད་དབུ་ཁྲིད་ནས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ།

འགྲེམས་སྟོན་ཐོག་མགོ་ལོག་གི་ཁྱད་ལྡན་རིག་གཏོད་ཐོན་རྫས།

འགྲེམས་སྟོན་ཐོག་མགོ་ལོག་གི་ཁྱད་ལྡན་རིག་གཏོད་ཐོན་རྫས།
        བྱེད་སྒོའི་སྐབས་སུ། ཡུལ་དངོས་སུ་ཕེབས་པའི་རིམ་པ་ཁག་གི་འགོ་ཁྲིད་དང་སྐུ་མགྲོན་ཚོས་མགོ་ལོག་ཆེད་དོན་བརྙན་རིས་དང་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བཅས་ལ་གཟིགས་ཞིབ་མཛད་པ་དང་།  མགོ་ལོག་འགྲེམས་ཁང་དུའང་གཟིགས་སྐོར་གནང་། 
        ཉིན་དེའི་ཕྱི་དྲོར་མི་རིགས་རིག་གནས་ཕོ་བྲང་ནང་གི་ཐང་ཆེན་དུ་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་བ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།