ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

▶ནང་འདྲེན་དངོས་མང་འགྲེམ་ཚོགས་ཀྱི་ཀྲུང་གོའི་འགྲེམ་སྟོན་ཁང་ལ་ལྟ་བ།

སྤེལ་དུས 2019-11-08 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          སྤྱི་ལོ་༢༠༡༩ལོའི་ཟླ་༡༡པའི་ཚེས་༥ཉིན།  སྐབས་གཉིས་པའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་དངོས་སུ་འགོ་ཚུགས་ཡོད།  ད་ལོ།  རྒྱལ་ཁབ་འགྲེམ་སྟོན་ཁང་གི་སྤྱིའི་རྒྱ་ཁྱོན་ལ་སྨིད་ངོས་སྙོམས་གྲུ་བཞི་མ་ཁྲི་༣ཟིན་པ་དང་།  ཀྲུང་གོ་ཚུད་པའི་རྒྱལ་ཁབ་༦༤དང་རྒྱལ་སྤྱིའི་སྒྲིག་འཛུགས་༣འགྲེམ་སྟོན་ལ་ཞུགས་ཡོད།  སྐབས་གཉིས་པའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་ཐོག་རྒྱ་ཁྱོན་ཆེ་ཤོས་ཡིན་པའི་རྒྱལ་ཁབ་འགྲེམ་སྟོན་ཁང་ཡིན་པའི་ངོས་ནས།  ཀྲུང་གོའི་འགྲེམ་སྟོན་ཁང་ནི་དེའི་ཁྲོད་གལ་ཆེ་ཤོས་ཤིག་ཡིན།  ཚོས་མདོག་སྔོན་པོ་དང་དཀར་པོ་ལས་གྲུབ་པའི་ཀྲུང་གོའི་འགྲེམ་སྟོན་ཁང་དེ་དཀར་ཆ་དོད་ལ་རྒྱལ་སྤྱིའི་ཉམས་མངོན་ཞིང་།  ནང་འདྲེན་དངོས་མང་འགྲེམ་ཚོགས་ཐོག་གི་ཀྲུང་གོའི་མིང་བྱང་ལྟ་བུར་གྱུར་ཡོད།  

          ཀྲུང་གོའི་འགྲེམ་སྟོན་ཁང་གི་རྒྱ་ཁྱོན་ལ་སྨིད་ངོས་སྙོམས་གྲུ་བཞི་མ་༡༥༠༠ཟིན་པ་དང་།  དེའི་ནང་འགོ་ཚུགས་བརྙན་མཐོང་དང་།  གསར་གཏོད་ཀྱི་ཀྲུང་གོ  སྒོ་དབྱེའི་ཀྲུང་གོ  མཛེས་སྡུག་གི་ཀྲུང་གོ བདེ་སྐྱིད་ཀྱི་ཀྲུང་གོ  སྐམ་ས་ཆེན་མོ་དང་ཀང་ཨའོ་ཐའེ་ས་ཁུལ་མཉམ་འདྲེས་གོང་འཕེལ་བཅས་ཁག་༦ལ་དབྱེ་ཡོད།  ཀྲུང་གོའི་འགྲེམ་སྟོན་ཁང་གིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་རྟེན་འབྲེལ་ཞུ་རྒྱུ་བརྗོད་དོན་གཙོ་བོར་བྱས་ཐོག  ལོ་ངོ་༧༠རིང་ཀྲུང་གོར་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་བ་མངོན་ཡོད་ལ།  ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་དུས་རབས་གསར་པ་དང་གོ་སྐབས་གསར་པ་མངོན་པར་བྱས་ཡོད།
          ཀྲུང་གོའི་འགྲེམ་སྟོན་ཁང་གི་བཟོ་བཀོད་ནི་སྒོ་དབྱེ་དང་ཉམས་དོད་པ་ཞིག་ཡོད་ཅིང་།  བར་སྣང་གི་གྲུབ་ཆའི་ཆ་ཤས་ལྔ་དཀྱིལ་ནས་ཕྱོགས་བཞིར་བཀྲམས་ཡོད་པས།  དེས་ཀྲུང་གོས་གོང་འཕེལ་གྱི་འདུ་ཤེས་གསར་པའི་ཁྲིད་སྟོན་འོག་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་རླབས་ཆེའི་ལག་ལེན་བསྟར་བཞིན་པ་དང་།  དུས་རབས་གསར་པར་གླིང་ཆེན་ལྔ་ཞི་བདེ་མཉམ་གནས་བྱེད་པ་མཚོན་གྱི་ཡོད་ལ།  ཀྲུང་གོ་དང་འཛམ་གླིང་རྒྱལ་ཁབ་ཁག་གིས་མཉམ་དུ་མདུན་སྐྱོད་དང་འབྱུང་འགྱུར་མཉམ་སྤྱོད་བྱེད་པའི་བསམ་འདུན་མངོན་གྱི་ཡོད།
          སང་ཉིན།  ང་ཚོས་བཀྲ་ཤིས་མཚོན་རྟགས་དང་མཉམ་དུ་ཁྱེད་ལ་འགྲེམ་སྟོན་ལ་ཞུགས་མཁན་རྒྱལ་ཁབ་གཞན་དག་གི་འགྲེམ་སྟོན་ཁང་ངོ་སྤྲོད་ཞུ་རྒྱུ་ཡིན།
རྩོམ་སྒྲིག་པ། བདེ་སྒྲོལ།