དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

གཉའ་ལམ་རྒྱལ་མཚམས་འཛུལ་གྲོལ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་འགག་སྒོའི་ས་ཁུལ་དུ་རིམས་ནད་ཕྱི་ནས་ནང་དུ་འགོ་བར་གཏན་འགོག་བྱས།

སྤེལ་དུས 2020-03-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་བསྟུན་ནས། ཀྲུང་གོ་དང་ནེ་པ་ལའི་འགྲམ་གྱི་འགག་སྒོའི་ཨར་ལས་རྣམ་གྲངས་མང་པོ་ཞིག་འཛུགས་སྐྲུན་སླར་གསོ་བྱེད་འགོ་ཚུགས་པ་དང་། ལས་གྲྭའི་བཟོ་པ་གཅིག་རྗེས་གཉིས་མཐུད་ངང་ལས་གནས་སུ་ཕྱིར་ལོག་ནས་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱེད་བཞིན་ཡོད།
          མཐའ་མཚམས་འགག་སྒོའི་ས་ཁུལ་གྱི་ལས་འགོ་བསྐྱར་ཚུགས་དང་ལས་གནས་ཕྱིར་ལོག་གི་བཟོ་པའི་གནས་ཚུལ་སྔར་བས་ཁྱོན་ཡོངས་ནས་རྒྱུས་ལོན་བྱ་བ་དང་།འགག་སྒོའི་གཏན་ཁེལ་ས་ཁོངས་ཀྱི་བདེ་འཇགས་དང་བརྟན་ལྷིང་གི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ལ་འགན་ལེན་བྱ་ཆེད། བསྟུན་མར་ཉིན་ཤས་རིང་།བོད་ལྗོངས་གཉའ་ལམ་རྒྱལ་མཚམས་འཛུལ་གྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་“འཕྲད་འདྲི་ཆེན་པོ་དང་ཞིབ་བཤེར་ཆེན་པོའི་”ལས་དོན་ཏན་ཏིག་གིས་སྤེལ་ནས།རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གི་མཐའ་མཚམས་འགག་སྒོའི་འཐབ་ཕྱོགས་མདུན་མ་རུ་བདེ་འཇགས་དང་བརྟན་ལྷིང་ཡོང་བའི་འགན་ལེན་མཐའ་གཅིག་ཏུ་བྱས་ཤིང་། འགག་སྒོའི་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོའི་ལས་དོན་ལ་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད་པ་རེད།

བོད་ལྗོངས་གཉའ་ལམ་རྒྱལ་མཚམས་འཛུལ་གྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་“འཕྲད་འདྲི་ཆེན་པོ་དང་ཞིབ་བཤེར་ཆེན་པོའི་”ལས་དོན་ཏན་ཏིག་སྒོས་སྤེལ་བཞིན་པ། དབྱང་ལིན་གྱིས་པར་བླངས།
          ཞིབ་བཤེར་ཁྲོད། ས་ཚུགས་དེས་འགག་སྒོའི་འཛུགས་སྐྲུན་གྱི་ཨར་ལས་མི་སྣའི་གྲུབ་ཆ་རྙོག་འཛིང་ཆེ་བ་དང་སྡོད་གནས་ཁ་ཐོར་ཡིན་པའི་དོན་དངོས་ལ་དམིགས་ཏེ། ཉེན་རྟོག་པ་ཇེ་མང་མང་དུ་བཏང་ནས་འཐབ་ཕྱོགས་མདུན་མའི་ལས་སྒྲུབ་ས་ཚིགས་སུ་མངགས་ནས་མདུན་ཕྱོགས་སུ་ཞབས་འདེགས་ཞུ་བ་དང་། འགག་སྒོའི་གཏན་ཁེལ་ས་ཁོངས་ཀྱི་ཨར་ལས་བྱ་ཡུལ་3ལ་ཁྱོན་ལས་མི་58ཀྱི་ཚད་བཅད་ས་ཁོངས་ཀྱི་ལམ་ཡིག་དང་མཐའ་མཚམས་ས་ཁུལ་གྱི་ལམ་ཡིག་སོགས་ཀྱི་ལག་ཁྱེར་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་ཐོ་འགོད་ཞིབ་ཚགས་བྱས་པ་མ་ཟད།  ད་དུང་རེ་རེ་བཞིན་ཐོ་འགོད་བྱས་ཏེ་ཡིག་ཚགས་དང་གཱ་བཟོས་པ་རེད།

བོད་ལྗོངས་གཉའ་ལམ་རྒྱལ་མཚམས་འཛུལ་གྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་“འཕྲད་འདྲི་ཆེན་པོ་དང་ཞིབ་བཤེར་ཆེན་པོའི་”ལས་དོན་ཏན་ཏིག་གིས་སྤེལ་བཞིན་པ། དབྱང་ལིན་གྱིས་པར་བླངས།
          ས་ཚིགས་དེའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་འགོ་ཁྲིད་ཚོ་ཆུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔའི་ཕྱི་རྒྱལ་གྱི་རིམས་ནད་གནས་ཚུལ་ལ་དམིགས་ཏེ་ས་ཚིགས་དེས་འགག་སྒོའི་མཐའ་མཚམས་ས་ཁུལ་གྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པའི་ཞོར་དུ་ཀྲུང་གོ་དང་ནེ་པ་ལའི་ཉེན་རྟོག་ལས་དོན་མཉམ་ལས་ཀྱི་ལེགས་ཆ་སྔར་བས་འདོན་སྤེལ་གང་ལེགས་བྱས་ཏེ། ནེ་པ་ལའི་ཕྱོགས་ཀྱི་མཐའ་མཚམས་དོ་དམ་ལས་དོན་སྡེ་ཚན་དང་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་འགག་སྒོའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་མཉམ་འབྲེལ་ཐོག་སྤེལ་ཞིང་། འགག་སྒོའི་ས་ཁུལ་དུ་རིམས་ནད་ཕྱི་ནས་ནང་དུ་འགོ་བར་ཁྱོན་ཡོངས་ནས་གཏན་འགོག་ཏན་ཏིག་བྱས་པ་རེད།
རྩོམ་སྒྲིག་པ། གཡང་རྒྱལ་ཚེ་རིང་།